མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གྲྭ་རིན་ཆེན་ཚུལ་ཁྲིམས་ལགས་སུ་ཆབ་སྲིད་སློབ་གསོ་ཟེར་བ་དང་ངལ་རྩོལ་གྱི་ལས་ཀ་མང་པོ་བཀོལ་གྱི་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༢/༠༦/༡༠
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་གྲྭ་རིན་ཆེན་ཚུལ་ཁྲིམས་ལགས་ཀྱི་ནང་མི་རྣམས་ནས་བཙོན་ཁང་གི་ཁང་པར་བརྒྱུད་དུས་ཡུན་སྐར་མ་བཅུའི་རིང་ཁ་བརྡ་བྱ་ཆོག་པར་བཟོས་ཡོད་ཀྱང་། བཙོན་ཁང་དུ་ཁོང་ལ་ངལ་རྩོལ་དང་ཆབ་སྲིད་སློབ་གསོ་ཟེར་བ་སོགས་མང་པོ་སྤྲོད་ཀྱི་ཡོད་འདུག

ཕྱི་ལོ་ ༢༠༡༩ ལོར་རྒྱལ་ཁབ་ཁ་བྲལ་དང་སྤྱི་ཚོགས་ཟིང་འཁྲུག་བསླངས་པའི་ཉེས་མིང་འོག་འཛིན་བཟུང་བྱས་ཏེ་དུས་ཡུན་ལོ་གཉིས་ཀྱི་རིང་ལ་ངེས་མེད་བཀག་བྱས་ཤིང་། ཕྱི་ལོ་ ༢༠༢༡ ལོར་ལོ་བཞི་དང་ཕྱེད་ཀའི་བཙོན་འཇུག་ཁྲིམས་ཐག་བཅད་པའི་གྲྭ་རིན་ཆེན་ཚུལ་ཁྲིམས་ལགས། ད་ལྟ་ཁྲིན་ཏུའུ་མེན་ཡང་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད་པ་ལྟར། འདི་གའི་གསར་འགོད་པར་འབྲེལ་ཡོད་བོད་མི་ཞིག་གིས་ད་ལྟ་རྒྱ་ནག་གཞུང་གིས་གྲྭ་རིན་ཆེན་ཚུལ་ཁྲིམས་ལགས་དང་ནང་མིའི་བར་དུས་ཡུན་སྐར་མ་ ༡༠ རིང་ཁ་པར་བརྒྱུད་ཁ་བརྡ་བྱེད་པའི་ཆོག་མཆན་སྤྲད་ཡོད་སྐོར་བརྗོད་བྱུང་།

གནས་ཚུལ་མཁོ་སྤྲོད་པས། འདི་ལོའི་ཕྱི་ཟླ་ ༣ ཙམ་གྱི་ནང་ཁྲིན་ཏུའུ་མེན་ཡང་བཙོན་ཁང་ནས་ཀློད་གྲོལ་བཏང་བའི་བཙོན་རོགས་ཤིག་གིས་གྲྭ་ཚུལ་ཁྲིམས་ཀྱི་ནང་མིར་བརྗོད་པ་ལྟར་ན། དགེ་འདུན་པ་ཁོང་མེན་ཡང་བཙོན་ཁང་དུ་ཡོད་པ་དང་། ཁོང་བདེ་ཐང་ཡིན་པ་དང་ཕ་མ་གཉིས་ཀྱི་འདྲ་པར་རེ་བསྐུར་ཐབས་གནང་རོགས། དེ་མིན་གྱི་དངོས་པོ་གཞན་བསྐུར་ཡང་བཙོན་ཁང་ནས་ལེན་ཆོག་གི་མེད་པ་དང་། དུས་ཡུན་སྐར་མ་ ༡༠ ཙམ་རིང་བཙོན་ཁང་གི་ཁ་པར་བརྒྱུད་ནས་ནང་མིར་ཁ་བརྡ་བྱེད་པའི་ཆོག་མཆན་སྤྲད་པའི་སྐད་ཅིག་བསྐུར་འདུག ཅེས་བརྗོད་སོང་།

གནས་ཚུལ་རྒྱུས་ལོན་བྱུང་བ་ལྟར་ན། གོང་ཞུས་ཟླ་ཚེས་ཉིན་རྔ་བ་ཀིརྟི་དགོན་གྱི་དགེ་འདུན་པ་ཞིག་དང་མགོ་ལོག་གི་བོད་མི་ཚོང་པ་གཅིག་བཅས་བོད་རིགས་བཙོན་པ་གཉིས་མེན་ཡང་བཙོན་ཁང་ནས་ཀློད་གྲོལ་བཏང་ཡོད། འོན་ཀྱང་། བདེ་འཇགས་ཀྱི་ཆེད་དུ་བོད་མི་དེ་གཉིས་ཀྱི་མིང་དང་བཙོན་འཇུག་གི་ཉེས་དོན་དང་བཅས་ཞིབ་ཕྲའི་གནས་ཚུལ་བཀོད་མེད།

གནས་ཚུལ་མཁོ་སྤྲོད་པས་བརྗོད་པ་ལྟར་ན། གྲྭ་རིན་ཆེན་ཚུལ་ཁྲིམས་ལགས་ཉེས་མེད་བཙོན་འཇུག་བྱས་རྗེས། ད་བར་ནང་མིས་སྤྲད་པའི་ཟ་མ་དང་གྱོན་གོས་སོགས་ཅི་གང་ཡང་སྤྲོད་དུ་བཅུག་མེད་པ་དང་། བཙོན་ཁང་དུ་གྲྭ་རིན་ཆེན་ཚུལ་ཁྲིམས་ལགས་སུ་ཆབ་སྲིད་ཀྱི་སློབ་གསོ་ཟེར་བ་དང་ངལ་རྩོལ་གྱི་ལས་ཀ་ཤུགས་ཆེན་བྱེད་དུ་འཇུག་གི་ཡོད་ཀྱང་། ད་ལྟ་ཁོང་གི་འཕྲོད་བསྟེན་གྱི་གནས་སྟངས་དང་ངལ་རྩོལ་གྱི་ལས་ཀ་ཅི་ཞིག་ལས་ཀྱི་འཇུག་གི་ཡོད་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།

 

འབྲེལ་ཡོད་གསར་འགྱུར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་པར།
Mobile App

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་དབུ་འཛུགས་བྱས།  

ཆུ་ཚོད་ ༩ སྔོན་ལ།
 བོད་མིའི་སྒྲིག་འཛུགས་དཔལ་འབྱོལ་ལས་ཁུངས་ཀྱི་ལས་སྡོམ་སྐབས།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དང་བླངས་དཔྱ་དངུལ་གྱི་ཡོང་འབབ་ག་ཚོད་ཡིན་ནམ།

ཆུ་ཚོད་ ༡༡ སྔོན་ལ།
CPC Central Committee appoints new Party chiefs for Xizang, Gansu, Qinghai. Photo Edited by Tibettimes
Mobile App

རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བར་དམར་ཤོག་དྲུང་ཆེ་གསར་པ་ཞིག་བསྐོས་འདུག

ཆུ་ཚོད་ ༡༥ སྔོན་ལ།
Four River, Six Ranges Movie
Mobile App

བལ་ཡུལ་གཞུང་གིས་གཞན་ཕན་ཁྱིམ་གསར་ལགས་འཛིན་བཟུང་དགོས་པའི་བཀའ་ཁྱབ་བསྒྲགས།

ཆུ་ཚོད་ ༡༦ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་ཉིན་ལྔ་པའི་སྐབས། བོད་ཀྱི་བརྙན་འཕྲིན་གྱི་ཐད་གཏོང་ལས་བླངས།
Mobile App

བོད་ནང་གི་ཛ་དྲག་གི་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་དོན་ཚན་ལྔ་སྤྱི་མོས་གཏན་འབེབས་བྱུང་སོང་།

༢༠༢༦/༠༩/༢༡
ས་སྐྱ་༧ གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག
གསར་སྙིང་།

ས་སྐྱ་ ༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གིས་བོད་ཀྱི་དུས་བབ་གསར་ཁང་དབུ་བརྙེས་ནས་བགྲང་བྱ་ ༣༠ འཁོར་བར་བསྩལ་གནང་མཛད་པའི་གསུང་འཕྲིན།

༢༠༢༦/༠༩/༢༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese