མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོའི་བཀའ་དབང་ལེགས་པར་གྲུབ།

བོད་ཀྱི་དུས་བབ།
༢༠༢༢/༠༦/༡༤
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ས་ག་ཟླ་བའི་བོད་ཚེས་ ༡༥ ཉིན་གྱི་སྔ་དྲོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་རྨི་ལམ་བཟང་པོ་རྨིས་ན་རྨི་ལམ་བཟང་པོའི་འབྲས་བུ་སྨིན་ཐུབ་པ་ཞིག་དང་། རྨི་ལམ་ངན་པ་ཞིག་བྱུང་བ་ཡིན་ན་བཀྲ་མི་ཤིས་པ་འདྲ་བོ་ཡོད་པ་ཡིན་ནའང་དེར་སེལ་ཐབས་ཡོད་པས་སེམས་མ་སྐྱིད་པ་བྱེད་དགོས་རྒྱུ་ཁྱོན་ནས་མེད་སྐོར་གསུངས་སོང་།

ས་ག་ཟླ་བའི་བོད་ཚེས་ ༡༥ ཉིན་གྱི་སྔ་དྲོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་བཀའ་དབང་སྩལ། བོད་མིའི་སྒྲིག་འཛུགས་ཀྱི་སྐུ་པར།

ཏཱའི་སི་ཏུ་རིན་པོ་ཆེ་མཆོག་གིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཉིན་གྲངས་གཉིས་རིང་སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོའི་བཀའ་དབང་སྩལ་བ་ལེགས་པར་གྲུབ་སོང་། དེ་རིང་བཀའ་དབང་དངོས་གཞིའི་སྐབས་༧གོང་ས་མཆོག་གིས། ཉིད་ཀྱི་འོད་ཟེར་ཆོས་སྐུ་རུ་སད། རྨི་ལམ་ལོང་སྐུ་དེ་སད། སད་པ་སྤྲུལ་སྐུ་དེ་སད་ཟེར་ནས་སད་བ་སྐོར་དགུ་དངོས་གནས་ཀྱི་ཐུན་མོང་མ་ཡིན་པའི་བསམ་བློ་གཏོང་རྒྱུ་ཞེ་དྲགས་འདུག དེ་དག་ལམ་མཐོན་པོའི་སྐད་ཆ་གང་ཡང་མ་རེད། ང་རང་ཚོ་ལས་དང་པོ་བའི་ས་དེ་ག་རང་ནས་གཉིད་མར་ཁུག་པའི་ཁ་ཐུག་ཏུ་བློ་ག་ལེར་ག་ལེར་ཕྲ་རུ་ཕྲ་རུ་ཕྱིན་པའི་ཁ་ཐུག་ལ། འཐིམ་རིམ་དེ་དག་བསླེབས་ཡོང་གི་ཡོད་རེད། བྱས་ནས་གཉུག་མ་ལྷན་ཅིག་སྐྱེས་པའི་འོད་ཟེར་གྱི་སེམས་དེ་ངོ་འཕྲོད་པ་བྱས་ནས། དེའི་སྒང་དུ་སྟོང་ཉིད་སྒོམ་རྒྱུ་གསུང་གི་འདུག དེ་དག་ལ་བསམ་བློ་བཏང་བའི་ཁ་ཐུག་ལ་ཡ་མཚར་པོ་འདུག་གཱ། མེད་བསྡད་པ་ཞིག་ལ་བཤད་བསྡད་པ་མ་ཡིན་པར། ད་ལྟ་ང་རང་ཚོའི་རྒྱུད་ལ་སེམས་ཕྲ་རགས་མང་པོ་ཞིག་ཡོད་པ་དེ་དག་དབྱེ་འབྱེད་བཏང་ནས། སེམས་ཤིན་ཏུ་ཕྲ་བ་དེའི་སྒང་ལ་བློ་ལྷོད་ནས་འཇོག་རྒྱུ་ཞིག དེ་འདྲ་བའི་གཉུག་མ་ལྷན་ཅིག་སྐྱེས་པའི་འོད་ཟེར་ཟེར་བ་དེ་ཐོག་མ་དང་མཐའ་མ་མེད་བསྡད་པ། སེམས་གྲུབ་ཙམ་ཉིད་ནས་གཉུག་མ་ལྷན་ཅིག་སྐྱེས་པའི་འོད་ཟེར་གྱི་རང་བཞིན་ཆགས་བསྡད་པ། ད་དེ་འདྲ་བྱས་ནས་འགྲོ་ཡི་ཡོད་པ་རེད། གཉུག་མ་ལྷན་ཅིག་སྐྱེས་པའི་འོད་ཟེར་གྱི་སེམས་འདི་ཁོ་ངོ་བོའི་ཆ་ནས་རྣམ་མཁྱེན་དང་ཕྲ་རགས་ཀྱི་ཁྱད་པར་མེད་བསྡད་པ་རེད་འདུག ཅེས་གསུངས་སོང་།

ཡང༧་མགོན་པོ་གང་ཉིད་ཀྱིས། དེ་རིང་སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོ་ཟེར་བ་འདི་སྔགས་བླ་མའི་གཞུང་ནས་གསུང་པ་ནང་བཞིན་གཉུག་མ་ལྷན་ཅིག་སྐྱེས་པའི་འོད་ཟེར་ལམ་དུ་བྱ་རྒྱུ་གཙོ་བོ་དེ་རེད་འདུག སྤྱན་རས་གཟིགས་སྙིང་རྗེའི་ལྷ། ཁོ་དངོས་གནས་དྲང་གནས་གཞན་དང་མི་འདྲ་བ་ཞིག་ཆགས་བསྡད་ཡོད་རེད། དེ་གྲུབ་སྟངས་དེ་འོད་ཟེར་རྩལ་དུ་བཏོན་ནས་གྲུབ་རྒྱུ་ཞིག་བྱུང་དུས། ཁོ་གཞན་དང་མི་འདྲ་བའི་ཁྱད་ཆོས་ཡོད་བསྡད་པ་ཞིག་ཆགས་ཀྱི་འདུག ཅེས་གསུངས་སོང་།

ཡང་རྨི་ལམ་གྱི་སྐོར་ལ་༧མགོན་པོ་གང་ཉིད་ཀྱིས། རྨི་ལམ་དུ་བླ་མ་དང་ལྷ་སོགས་མཇལ་བ་ཡིན་ན། རྨི་ལམ་བཟང་བ་ཡོད་པ་ཐག་ཆོད་པ་རེད། དེ་མིན་རྨི་ལམ་དུ་གྱེན་དུ་འགྲོ་བར་རྨིས་པ་ཡིན་ན་བཟང་བ་རེད། ཁ་ཐུར་ལ་གཏད་ནས་འགྲོ་བ་རྨིས་པ་ཡིན་ན་ཏོག་ཙམ་ངན་པར་རྩི་བ་རེད། གང་ལྟར། རྨི་ལམ་བཟང་ངན་འདྲ་མི་འདྲ་ག་རེ་བྱུང་ནའང་། གཉིད་སད་པའི་ཁ་ཐུག་ལ་སེམས་དགའ་ལྷང་ལྷང་ཡོད་པ་ཞིག་བྱུང་བ་ཡིན་ན་བཟང་བ་རེད། ཡང་རྨི་ལམ་འཁྲུག་པོ་ཞེ་དྲགས་བཏང་ནས་གཉིད་སད་པའི་ཁ་ཐུག་ལ་ཏོག་ཙམ་སེམས་ཡིད་ཐང་ཆད་བསྡད་པའི་ཟོལ་འདྲ་བོ་ཞིག་ཡིན་ན། ཏོག་ཙམ་ཞན་པ་རེད། གང་ལྟར། རྨི་ལམ་བཟང་པོ་རྨིས་ན་རྨི་ལམ་བཟང་པོའི་འབྲས་བུ་སྨིན་ཐུབ་པ་ཞིག་དང་། རྨི་ལམ་ངན་པ་ཞིག་བྱུང་བ་ཡིན་ན་བཀྲ་མི་ཤིས་པ་འདྲ་བོ་ཡོད་པ་ཡིན་ན། སྔགས་ཁ་ཐུག་ཡིན་དུས་བླ་མས་གསང་ཆུ་གཏོར་ཏེ་བར་ཆད་གསལ་རྒྱུ་དང་། མཇུག་ཏུ་ཆོས་ཐམས་ཅད་རང་བཞིན་མེད་པར་ཡག་པོ་བསམ་བློ་འཁོར་བའི་ཐོག་ནས། སྲུང་སྒོ་སྒོམ་རྒྱུ་ཡོད་ཙང་། རྨི་ལམ་འཁྲུག་བསྡད་པ་ཡོད་ནའང་། སེམས་མ་སྐྱིད་པ་བྱེད་དགོས་རྒྱུ་ཁྱོན་ནས་ཡོད་མ་རེད། ད་ཁ་སང་སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོའི་སྟ་གོན་ཟིན་པ་བྱས། དེ་རིང་དངོས་གཞི་ཕུལ་རྒྱུ་རེད། ངོས་རང་ལ་ཆ་བཞག་ནའང་བསྐལ་བ་བཟང་པོ་ཞེ་དྲགས་བྱུང་། ཕྱོགས་ཅིག་ནས་ངོས་རང་ཞོགས་པ་ལངས་པ་ནས་བྱང་ཆུབ་ཀྱི་སེམས་སྒོམ་གྱི་ཡོད་རེད། དེ་ནས་མ་ཎི་བགྲངས་ཀྱི་ཡོད། ང་རང་ཚོ་བོད་རིགས་ཤིག་ཡིན་པའི་ངོས་ནས། བོད་གངས་ཅན་ལྗོངས་ཀྱི་ལྷ་སྐལ་དེ་འཕགས་པ་སྤྱན་རས་གཟིགས་རེད། ཁོ་རང་དམིགས་བསལ་གྱི་རྒྱུ་མཚན་ཞིག་བཤད་རྒྱུ་འདུག  ང་ཚོ་བོད་པ་ཚོ་གྱོང་པོ་ཞེ་དྲགས་རེད་འདུག ཆོས་རྒྱལ་སྲོང་བཙན་སྒམ་པོས་རྒྱ་བཟའ་དང་འཁྲུངས་ས་སྐྱོན་ནས་ལྷ་སའི་ཇོ་བོ་རྒྱ་ནག་ནས་ཡར་ཕེབས་པ་རེད། འབྲེལ་བ་ཤུགས་ཆེན་པོ་ཞེ་དྲགས་ཡོད་རེད་དེ། ཡིན་ནའི་ཆོས་རྒྱལ་སྲོང་བཙན་སྒམ་པོས་ང་བོད་པ་རེད། ང་ཚོར་བོད་ཡིག་དགོས་ཟེར་ནས་སྲོང་བཙན་སྒམ་པོས་བོད་ཡིག་སྲོལ་གཏོད་འདུག་གཱ། རྒྱ་ཡིག་ལ་དཔེ་མ་བལྟས་པ་བྱས། རྒྱ་གར་བྷེ་བ་ནག་རི་ཟེར་བ་དེ་ནས་དཔེ་བལྟས་ཏེ་དབྱངས་དང་གསལ་བྱེད་ཀྱི་ཡི་གེ་འདི་བཟོས་པ་རེད།ཅེས་སོགས་གསུངས་ཏེ་བཀའ་དབང་ལེགས་པར་གྲུབ་སོང་།

ས་ག་ཟླ་བའི་བོད་ཚེས་ ༡༥ ཉིན་གྱི་སྔ་དྲོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་བཀའ་དབང་སྩལ།

༧གོང་ས་རྒྱལ་བ་རིན་པོ་མཆོག་གི་མཛད་འཆར་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༢༤་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ཚོགས་པ་ཁག་ཅིག་གིས་ཇི་ལྟར་གསོལ་བ་བཏབ་པ་ལྟར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་དང་། ཕྱི་ཟླ་༧ ཚེས་ ༨་ནས་ ༡༠་བར་ཉིན་གྲངས་གཉིས་ལ་བཞུགས་སྒར་དྷ་སའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བདེ་མཆོག་ལཱུ་ཨི་པའི་བཀའ་དབང་བཀའ་དྲིན་སྩལ་རྒྱུ་ཡིན་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

ཆུ་ཚོད་ ༡༥ སྔོན་ལ།
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

ཆུ་ཚོད་ ༡༩ སྔོན་ལ།
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤
TT
Mobile App

ལོ་འཁོར་སྙན་ཐོ་དང་བོད་ནང་གི་ཆོས་དད་རང་དབང་གི་དམིགས་བསལ་སྙན་ཐོ་ཞིག་འདོན་སྤེལ་གནང་སོང་།

༢༠༢༦/༠༦/༠༤
tttt
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཀ་ན་ཊ་ཀའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ། 

༢༠༢༦/༠༦/༠༤
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བོད་ལ་ཕེབས་རྒྱུའི་ཐུགས་རེ་ཡོད། 

༢༠༢༦/༠༦/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese