མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་མཁའ་དམག་གིས་ཐའེ་ཝན་གྱི་མཁའ་ཁུལ་ནས་འཇིགས་སྐུལ་བྱས།

བོད་ཀྱི་དུས་བབ།
༢༠༢༢/༠༦/༢༢
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་རྒྱ་ནག་གཞུང་གིས་ཐའེ་ཝན་གྱི་མཁའ་ཁུལ་དུ་དམག་དོན་གནམ་གྲུ་ ༢༩ སྡེབ་གཏོང་གིས་དྲག་པོའི་འཇིགས་སྐུལ་བྱས་ཡོད་སྟབས་ཐའེ་ཝན་གྱིས་ཀྱང་དྲག་དམག་བཏང་ནས་འགོག་རྒོལ་གྱི་སྟོབས་ཤུགས་ངོམས་ཡོད་འདུག

Chinese military aircraft pictured during a 2016 drill. PLA jets made more than 30 sorties near Taiwan on Monday. Photo: Xinhua

ཉེ་ལམ་ནས་རྒྱལ་སྤྱིའི་གཞུང་དང་གནད་དོན་དཔྱད་ཞིབ་པ་མང་པོས་རྒྱ་ནག་གཞུང་གིས་ཐའེ་ཝན་ལ་བཙན་འཛུལ་བྱེད་སྲིད་པའི་ཉེན་བརྡ་བཏང་བ་དང་སྦྲགས། ཐའེ་ཝན་མཚོ་འགག་གི་བདེ་འཇགས་ཐད་གླེང་སློང་ཤུགས་ཆེན་འབྱུང་བཞིན་ཡོད་པའི་སྐབས་འདིར། ཁ་སང་རྒྱ་ནག་གིས་ཐའེ་ཝན་གྱི་རྒྱལ་སྲུང་མཁའ་ཁུལ་དུ་དམག་དོན་གནམ་གྲུ་ ༢༩  སྡེབ་གཏོང་བྱས་ཏེ་འཇིགས་སྐུལ་བྱས་ཡོད་པ་དང་། དེ་ནི་འདི་ལོར་ཐའེ་ཝན་མཚོ་འགག་ཏུ་བཏང་བའི་དམག་རྒྱག་གནམ་གྲུ་གྲངས་མང་ཤོས་གསུམ་པ་དེ་ཆགས་ཀྱི་ཡོད་འདུག

ཁ་སང་རྒྱ་ནག་གིས་སྡེབ་གཏོང་བྱས་པའི་གནམ་གྲུའི་ཁྲོད། J-16 རྟགས་ཅན་དང་། J-11 རྟགས་ཅན KJ -30 རྟགས་ཅན་ཚུད་པའི་འཐབ་འཁྲུག་གནམ་གྲུ་ ༡༧ དང་། H-6 རྟགས་ཅན་གྱི་རྡུལ་ཕྲན་མཚོན་ཆ་བཀོལ་སྤྱོད་ཐུབ་པའི་འབར་མདེལ་གཡུག་མཁན་གྱི་གནམ་གྲུ་ ༦ དང་། Y – 9 རྟགས་ཅན་གྱི་འཐབ་འཁྲུག་གནམ་གྲུ ༡  བཅས་དམག་དོན་གནམ་གྲུ་ ༢༩ ཡིས་འཕུར་སྐྱོད་འཇིགས་སྐུལ་བྱས་ཡོད་སྟབས།  དེ་རིང་ཐའེ་ཝན་བློན་ཆེན་ལས་ཁུངས་ཀྱིས། ཐའེ་ཝན་གྱིས་དྲག་པོའི་གོ་མཚོན་གྲ་སྒྲིག་བྱས་ཡོད་པ་མ་ཟད། དམག་དོན་གནམ་གྲུ་བཏང་ནས་རྒྱ་ནག་གི་འཇིགས་སྐུལ་ལ་འགོག་རྒོལ་བྱས་ཡོད་འདུག

འདས་པའི་ལོ་ཤས་ནང་རྒྱ་ནག་གིས་ཐའེ་ཝན་གྱི་མཁའ་ཁུལ་དང་མཚོ་ཁུལ་དུ་དམག་དོན་གྱི་གནམ་གྲུ་དང་འཐབ་འཁྲུག་གྲུ་གཟིངས་མངག་གཏོང་བྱས་ཏེ་ཡང་ཡང་དྲག་ཤུགས་ངོམས་ཡོད་ཅིང་། ཉེ་ཆར་འདི་ལོའི་ཕྱི་ཟླ་ ༥ ཚེས་ ༣༠  ཉིན་ཐའེ་ཝན་གྱི་མཁའ་ཁུལ་དུ་གནམ་གྲུ་ ༣༠ མངག་གཏོང་བྱས།  ཡང་འདི་ལོའི་ཕྱི་ཟླ་ ༡ ཚེས་ ༢༣ ཉིན་གནམ་གྲུ་  ༣༩  མངག་གཏོང་བྱས་ཏེ། འདི་ལོ་གཅིག་པུར་རྒྱ་ནག་གཞུང་གིས་ཐའེ་ཝན་གྱི་མཁའ་ཁུལ་དུ་གྲངས་འབོར་ ༣༠ ཡས་མས་ཅན་གྱི་དམག་དོན་གནམ་གྲུ་ཐེངས་ ༣ བཏང་ཡོད་འདུག

འདི་ལོའི་ཕྱི་ཟླ ༥ ཚེས་ ༢༤ ཉིན་ཉི་ཧོང་གི་རྒྱལ་ས་ཊོག་ཡོ་རུ་ཕྱོགས་ཁག་རྒྱལ་ཁབ་བཞི་ (THE QUAD) ཡི་སྲིད་བློན་རྣམས་སྐོང་ཚོགས་གནང་སྟེ།  རྒྱ་ནག་གཞུང་གིས་རྒྱ་གར་ཞི་བདེ་རྒྱ་མཚོའི་ཁུལ་དུ་སྟོབས་ཤུགས་སྐྱེད་ནས་སིམ་འཛུལ་བྱེད་མུས་ཡིན་པའི་གནད་དོན་གླེང་སློང་གནང་ཡོད་པ་དང་སྦྲགས།  ཨ་རིའི་སྲིད་འཛིན་སྐུ་ཞབས་བྷའེ་ཌིན་མཆོག་གིས། རྒྱ་ནག་གཞུང་གིས་མུ་མཐུད་དུ་ཐའེ་ཝན་གྱི་མཁའ་ཁུལ་དུ་དམག་གྱི་སྟོབས་ཤུགས་ངོམས་ཏེ་སུན་གཙེར་དང་འཇིགས་སྐུལ་བྱས་ཚེ།  ཨ་རིས་ཐའེ་ཝན་གྱི་བདེ་སྲུང་ཐད་ལ་རོགས་འདེགས་བྱ་རྒྱུ་ཡིན་སྐོར་བསྒྲགས་ཡོད་པ་མ་ཟད། འདི་ལོའི་ཕྱི་ཟླ་ ༥ ཚེས་ ༢༣ ཉིན་ཨ་རིའི་སྲིད་འཛིན་བྷའེ་ཌིན་མཆོག་གིས་ཉི་ཧོང་དུ་ཡུལ་དེའི་སྲིད་འཛིན་གསར་པ་ཧྥུ་མིའོ་ཀི་ཤི་ཌ་ ( Fumio Kishida) མཆོག་དང་ལྷན་དུ་གསར་འགོད་ལྷན་ཚོགས་ཤིག་བསྐོངས་པའི་ཐོག གསར་འགོད་པ་ཞིག་གིས་ཐའེ་ཝན་ལ་བཙན་འཛུལ་བྱུང་སྐབས་ཨ་རིའི་ངོས་ནས་དེར་དམག་དོན་མཉམ་ཞུགས་བྱ་རྒྱུ་ཡིན་མིན་དྲིས་པར། སྲིད་འཛིན་བྷའེ་ཌིན་མཆོག་གིས་ཨ་རིས་ཐའེ་ཝན་ལ་དེ་ལྟར་སྲུང་སྐྱོབ་བྱ་རྒྱུའི་ཁས་ལེན་བྱས་ཡོད་སྐོར་ལན་འདེབས་བྱས་འདུག་པ་མ་ཟད། རྒྱ་ནག་གིས་དམག་འཐབ་ཀྱི་ཐོག་ནས་ཐའེ་ཝན་རང་ཁོངས་སུ་འཇུག་རྒྱུའི་བསམ་བློ་དེ་རན་འཚམ་ཞིག་མིན་པ་དང་། དེ་ལྟར་བྱུང་བའི་དབང་དུ་བཏང་ན་ཐའེ་ཝན་དེ་ད་ལྟའི་ཡུ་ཀེ་རེན་ལྟར་ཆགས་ངེས་ཡིན་སྐོར་བརྗོད་འདུག་ལ། སྲིད་འཛིན་སྒེར་གྱི་བསམ་པར་རྒྱ་ནག་གིས་ཐའེ་ཝན་བཙན་འཛུལ་བྱ་རྒྱུ་མིན་ནའང་། གཙོ་བོ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བཙན་འཛུལ་ལ་ཡ་ལན་ཅི་འདྲ་སྤྲོད་མིན་ལ་རག་ལས་ཀྱི་ཡོད་སྐོར་གསུངས་ཡོད་པ་རེད།

གནད་དོན་དབྱེ་ཞིབ་པ་རྣམས་ཀྱིས། རྒྱ་ནག་གིས་མི་གྲངས་ས་ཡ་ ༢༣ ལྷག་ལས་མེད་པའི་ཐའེ་ཝན་མཚོ་འགག་ཏུ་སྟོབས་ཤུགས་རྒྱ་སྐྱེད་ཐུབ་ཚེ། ནུབ་ཞི་བདེ་རྒྱ་མཚོའི་ཁུལ་དུ་སྟབས་བདེ་བོའི་ཐོག་ནས་འགུལ་སྐྱོད་བྱེད་ཐུབ་པ་མ་ཟད།  ནུབ་ཞི་བདེ་རྒྱ་མཚོའི་ཁུལ་དུ་ཡོད་པའི་གྷུ་ཝམ (Guam ) མཚོ་གླིང་དང་ཨ་རིའི་ཧཱ་ཝའེ་( Hawaii) མངའ་སྡེར་ཡོད་པའི་ཨ་རིའི་དམག་སྒར་ལ་འཇིགས་སྐུལ་བྱེད་སྲིད་སྐོར་བརྗོད་ཀྱི་ཡོད་པ་རེད།

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Mobile App

མཉམ་འབྲེལ་གྱི་གཞི་རྩའི་ནང་བསམ་བློ་མཉམ་འབྲེལ་གྱིས་མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་དང་གཅིག་ཕན་གཅིག་རོགས་བྱེད་གལ་ཆེ་སྐོར་གསུངས།

ཆུ་ཚོད་ ༢༤ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག དགའ་ལྡན་ཕོ་བྲང་གི་སྐུ་པར།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཐུགས་གསོའི་གསུང་འཕྲིན་བསྩལ།

༢༠༢༦/༠༨/༢༧
Image from CCTV footage shows the border in Gyirong, Tibet, China, August 26, 2026
Mobile App

ར་སུ་ཝ་དགེ་རྒྱས་གླིང་བོད་མིའི་གཞིས་ཆགས་ཀྱི་མི་རྒྱུ་གཉིས་ལ་ཆུ་ལོག་གི་གནོད་འཚེ་ཤུགས་ཆེན་ཐེབས། 

༢༠༢༦/༠༨/༢༧
 (Image: Cheng Xin/Getty Images)
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་འགྲོ་འོང་གི་ཁྲིམས་ཡིག་གསར་པ་ཞིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༨/༢༦
The Gao brothers (pictured) rose to prominence in China's art scene during the 1990s and 2000s, earning a global reputation for works that skewered the politics of their homeland
Mobile App

མའོ་ཙེ་ཏུང་ལ་ཟུར་ཟ་བྱས་པའི་ཉེས་མིང་འོག་སྒྱུ་རྩལ་བ་ཞིག་ལ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

༢༠༢༦/༠༨/༢༦
པར་འདི་དཔལ་ལྡན་རྒྱལ་གྱིས་བླངས།
Mobile App

རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་དང་བཅས་པའི་རང་ལུས་མེར་བསྲེགས་དང་དེའི་འཕྲོས་དོན་བརྟག་དབྱེ་བོད་བཙན་པོའི་རྟིང་འཇུག་དུས་ཀྱི་མེ་དཔུང་ཞེས་བྱ་བ་བཞུགས་སོ།།

༢༠༢༦/༠༨/༢༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese