མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་དཀའ་རྙོག་སེལ་ཐབས་ཀྱི་འགག་རྩ་ཞེས་པའི་བརྗོད་གཞིའི་ཐོག་ཉན་ཞིབ་འཚོགས།

བོད་ཀྱི་དུས་བབ།
༢༠༢༢/༠༦/༢༥
Share on FacebookShare on TwitterShare on EmailShare on Whatsapp

བོད་དོན་ཉན་ཞིབ་ཐོག་ཚོགས་གཙོ་ལས་རོགས་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཇིམ་མེག་གྷ་ཝན་ལགས་ཀྱིས་མི་རིང་བར་ཨ་རིའི་གྲོས་ཚོགས་ནང་བོད་རྒྱ་གྲོས་མོལ་ཡོང་ཐབས་ཀྱི་ཁྲིམས་འཆར་ཞིག་གདོན་འཆར་ཡོད་སྐོར་གསུངས་འདུག

ཟླ་འདིའི་ཕྱི་ཚེས་ ༢༤ ཉིན་ཨ་རིའི་གྲོས་ཚོགས་གོང་འོག་གི་རྒྱ་ནག་ལས་དོན་ཚོགས་ཆུང་(Congressional Executive commission on China) གིས་བོད་ཀྱི་དཀའ་རྙོག་སེལ་བའི་འགག་རྩ་ཞེས་པའི་བརྗོད་གཞིའི་ཐོག་ཉན་ཞིབ་ཅིག་འཚོགས་ཡོད་ཅིང་། ཉན་ཞིབ་ཐོག་ཚོགས་ཆུང་གི་ཚོགས་གཙོ་ལས་རོགས་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཇིམ་མེག་གྷ་ཝན་ལགས་ཀྱིས་མི་རིང་བར་ཨ་རིའི་གྲོས་ཚོགས་ནང་བོད་རྒྱ་གྲོས་མོལ་ཡོང་ཐབས་ཀྱི་ཁྲིམས་འཆར་ཞིག་གདོན་འཆར་ཡོད་སྐོར་གསུངས་འདུག

ད་ལན་གྱི་ཉན་ཞིབ་དེ་ནི་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་ ༨ པ་འཚོག་པའི་སྐབས་དང་བསྟུན་ནས་གོ་སྒྲིག་ཞུས་པ་ཞིག་ཡིན་ཞིང་། ཉན་ཞིབ་འདིའི་བརྒྱུད་ནས་ད་བར་བོད་རྒྱའི་དཀའ་རྙོག་མ་སེལ་བའི་རྒྱུ་རྐྱེན་གང་ལ་ཐུག་ཡོད་མིན་ཐད་རྒྱུས་ལོན་བྱས་ཡོད་འདུག རྒྱ་ནག་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཇེབ་མེར་ཀེ་ལེ་ (Jeff Merkley)ལགས་དང་། ཚོགས་གཙོའི་ལས་རོགས་སྐུ་ཞབས་ཇེམ་མེག་གྷ་ཝན་ (James McGovern) ལགས་རྣམ་གཉིས་ཀྱིས་ཉན་ཞིབ་ཀྱི་གཙོ་སྐྱོང་དང་ཐོག་མའི་གླེང་སློང་གནང་བ་དང་འབྲེལ། བཀའ་ཁྲི་ཟུར་པ་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་མཆོག་དང་། འཛམ་གླིང་རྩོད་རྙོག་འདུམ་འགྲིག་ཁང་གི་འགན་འཛིན་ཀེ་རེ་ཌ་དང་རྒྱལ་སྤྱིའི་ཁྲིམས་ལུགས་སློབ་དཔོན་སྐུ་ཞབས་མའེ་ཁལ་ཝན་ཝལ་ཊི་ (Michael Van Walt)། ཧོང་ཀོང་གཙུག་ལག་སློབ་གྲྭ་ཆེན་མོའི་ལོ་རྒྱུས་སློབ་དཔོན་ཟུར་པ་སྐུ་ཞབས་ཧོན་ཤང་ལོ་ (Hon-Shiang Lau) དང་། ཨ་རིའི་ཕུགས་འདུན་ (American Purpose) ཞེས་པའི་ཨ་རིའི་དུས་དེབ་ཅིག་གི་གདན་ཞུས་རྩོམ་སྒྲིག་པ་ཨེ་ལེན་བྷོག་ (Ellen Bork) བཅས་ཀྱིས་ཉན་ཞིབ་ཀྱི་དཔང་པོ་བྱས་ཏེ་ངག་ཐོག་ནས་བོད་ཀྱི་གནད་དོན་ཁག་འགྲེལ་བརྗོད་བྱས་ཡོད་ཅིང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་བསྟི་གནས་ཁང་ངོས་ནས་ཡིག་ཐོག་ནས་དཔང་པོ་བྱས་ཡོད་པ་རེད་འདུག

ཉན་ཞིབ་ཀྱི་ཐོག་མར་ཚོགས་གཙོ་སྐུ་ཞབས་ཇེབ་མེར་ཀེ་ལེ་དང་ཇིམ་མེག་གྷ་ཝན་ལགས་རྣམ་གཉིས་ཀྱིས་ཨ་རིའི་གྲོས་ཚོགས་ངོས་ནས་བོད་དོན་གྱི་ཆེད་དུ། བོད་ཀྱི་སྲིད་ཇུས་དང་རྒྱབ་སྐྱོར་ཁྲིམས་ཡིག བོད་ནང་འགྲོ་བསྐྱོད་འདྲ་མཉམ་གྱི་ཁྲིམས་ཡིག་གིས་མཚོན་པའི་ལས་དོན་མང་པོ་གཉེར་དང་གཉེར་མུས་ཡིན་པ་དང་། རྒྱ་ནག་གཞུང་གིས་འཆར་གཞི་ཡོད་པའི་ཐོག་ནས་བོད་ཀྱི་སྐད་ཡིག་དང་ཆོས་རིག་སོགས་མི་རིགས་ཀྱི་ངོ་བོ་རྩ་མེད་གཏོང་བའི་སྲིད་ཇུས་ལག་བསྟར་བྱེད་བཞིན་པ་དང་། ༸གོང་ས་མཆོག་གི་གཙོས་པའི་བོད་ཀྱི་བླ་སྤྲུལ་རྣམ་པའི་ཡང་སྲིད་ལམ་ལུགས་ལ་ཐེ་བྱུས་བྱེད་བཞིན་པར་སྐྱོན་བརྗོད་དང་སྦྲགས། བོད་ཀྱི་དཀའ་རྙོག་དེ་ཐག་གཅོད་མ་ཟིན་པའི་གནད་དོན་ཞིག་ཡིན་སྐོར་གསུངས་འདུག

དེའི་རྗེས་ཉན་ཞིབ་ཀྱི་དཔང་མི་རྣམས་ཀྱིས་འགོ་འབྱེད་གཏམ་བཤད་སྤེལ་བ་དང་སྦྲགས། རྒྱ་ནག་ལས་དོན་ཚོགས་ཆུང་གི་ཚོགས་མི་རྣམས་ཀྱིས་དོགས་འདྲི་ཁག་ལ་ལན་འདེབས་བྱས་སོང་། དེ་ཡང་ཉན་ཞིབ་སྐབས་སྐུ་ཞབས་མའེ་ཀལ་ཝན་ཝལ་ཊི་དང་ཧོན་ཤང་ལོ་རྣམ་གཉིས་ཀྱིས་བོད་དེ་ནམ་ཡང་རྒྱ་ནག་གི་ཆ་ཤས་ཤིག་མིན་པར་རང་བཙན་གྱི་རྒྱལ་ཁབ་ཅིག་ཆགས་ཡོད་སྐོར་དང་། རྒྱ་ནག་གཞུང་གིས་བོད་དེ་ཁྲིམས་འགལ་གྱི་ཐོག་ནས་དབང་བསྒྱུར་བྱས་ཡོད་སྟབས། རྒྱལ་སྤྱིའི་སྤྱི་ཚོགས་ངོས་ནས་རྒྱ་ནག་ལ་གནོན་ཤུགས་སྤྲོད་དགོས་སྐོར་གསུངས་སོང་། དེ་བཞིན་བཀའ་ཁྲི་ཟུར་པ་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་མཆོག་གིས་བོད་ཀྱི་ལོ་རྒྱུས་ངོ་སྤྲོད་དང་འབྲེལ། ཨ་རིའི་གཞུང་གི་རྒྱབ་སྐྱོར་ལ་བརྟེན་ནས་ད་ལྟ་ཐག་གཅོད་མ་ཟིན་པའི་བོད་རྒྱའི་དཀའ་རྙོག་དེ་རྒྱལ་སྤྱིའི་ཐོག་སྔར་བས་ཤེས་རྟོགས་ཆེ་རུ་ཕྱིན་ཡོད་སྐོར་སོགས་གསུངས་འདུག

ཟླ་འདིའི་ཕྱི་ཚེས་ ༢༢  དང་ ༢༣ ཉིན་འཚོགས་པའི་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་ ༨ པ་མཇུག་བསྒྲིལ་རྗེས་བསྒྲགས་གཏམ་ཞིག་སྤེལ་འདུག་པའི་ནང་། ཚོགས་ཆེན་ནང་མཉམ་ཞུགས་བྱེད་མཁན་གྲོས་ཚོགས་འཐུས་མི་རྣམས་ཀྱིས་བོད་དོན་དང་འབྲེལ་བའི་ཐོག་ལ་ཕན་ཚུན་དབར་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལྷན་དུ་མཉམ་ལས་བྱ་རྒྱུའི་ཁས་ལེན་བྱས་ཡོད་པ་མ་ཟད། རྒྱལ་སྤྱིའི་བོད་དོན་གྲོས་ཚོགས་འཐུས་མིའི་འབྲེལ་མཐུད་ཁང་སླར་གསོ་དང་། གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་མེད་པའི་རྒྱལ་ཁབ་ཁག་ནང་ཚོགས་པ་གསར་འཛུགས་གནང་རྒྱུ་ཡིན་པ་དང་། ཚོགས་བཅར་བ་རྣམས་ཀྱིས་རྒྱལ་ཁབ་སོ་སོའི་དབུས་སའི་གྲོས་ཚོགས་ནང་བོད་དོན་དང་འབྲེལ་བའི་ཐོག་ལ་ཁྲིམས་འཆར་གཏན་འབེབ་དང་ཉན་ཞིག་བསྐོང་འཚོག་དགོས་པ་དང་། རྒྱ་ནག་གི་ལོ་རྒྱུས་ལོག་བཤད་ལ་ཁ་གཏད་གཅོག་དགོས་པ་སོགས་ཀྱི་སྐུལ་འདེད་བྱས་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

ཆུ་ཚོད་ ༡༧ སྔོན་ལ།
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

ཆུ་ཚོད་ ༢༡ སྔོན་ལ།
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤
TT
Mobile App

ལོ་འཁོར་སྙན་ཐོ་དང་བོད་ནང་གི་ཆོས་དད་རང་དབང་གི་དམིགས་བསལ་སྙན་ཐོ་ཞིག་འདོན་སྤེལ་གནང་སོང་།

༢༠༢༦/༠༦/༠༤
tttt
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཀ་ན་ཊ་ཀའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ། 

༢༠༢༦/༠༦/༠༤
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བོད་ལ་ཕེབས་རྒྱུའི་ཐུགས་རེ་ཡོད། 

༢༠༢༦/༠༦/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese