མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཆི་མེད་ལྷ་མོ་ལགས་ཊོ་རོན་ཊོ་གྲོང་ཁྱེར་གྱི་སློབ་སྟོན་འོས་མིར་ལངས།

བོད་ཀྱི་དུས་བབ།
༢༠༢༢/༠༧/༠༧
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་༧སྐུའི་འཁྲུངས་སྐར་དང་བསྟུན་ཁེ་ན་ཌར་གནས་སྡོད་བོད་དོན་ལས་འགུལ་བ་འཆི་མེད་ལྷ་མོ་ལགས་ཡུལ་དེའི་གྲོང་ཁྱེར་ཊོ་རོན་ཊོའི་སློབ་སྟོན་འོས་མིར་ལངས་ཀྱི་ཡོད་པ་ཡོངས་བསྒྲགས་བྱས་ཡོད་འདུག

པར་དབང་། Chemi Lhamo

ཁ་སང་༧གོང་ས་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༧ ལ་ཕེབས་པའི་སྐུའི་འཁྲུངས་སྐར་གྱི་ཉིན་མོ་དང་བསྟུན། ཁེ་ན་ཌའི་གྲོང་ཁྱེར་ (Parkdale Highpark) ནང་གནས་སྡོད་བོད་དོན་ལས་འགུལ་བ་འཆི་མེད་ལྷ་མོ་ལགས། ཁེ་ན་ཌའི་མངའ་སྡེ་ཨོན་ཊེ་རི་ཡོའི་ (Ontario) རྒྱལ་ས་ཊོ་རོན་ཊོའི་(toronto) གྲོང་ཁྱེར་གྱི་སློབ་སྟོན་འོས་མིའི་ཁོངས་སུ་འོས་ལངས་བྱས་པ་ཡོངས་བསྒྲགས་བྱས་ཡོད་འདུག

དེ་འབྲེལ་འཆི་མེད་ལྷ་མོ་སྒེར་གྱི་ངོ་དེབ་སྟེང་སྤེལ་བའི་གནས་ཚུལ་ནང་། ཊོ་རོན་ཊོ་གྲོང་ཁྱེར་གྱི་པཱག་ཌལ་ས་ཁུལ་གྱི་ངལ་རྩོལ་བའི་ཁྱིམ་ཚང་དག་ལ་དཀའ་ཁག་ཞེ་དྲགས་འཕྲད་ཡོད། ཏོག་དབྱིབས་གཉན་རིམས་སྐབས།་པཱག་ཌལ་ས་ཁུལ་གྱི་མི་མང་ལ་དཀའ་ངལ་ཆེན་པོ་འཕྲད་ཡོད་ལ། སྐབས་དེར་ང་ཚོའི་སྤྱི་ཚོགས་ཀྱིས་ཐུན་མོང་ཁེ་ཕན་ལྡན་པའི་མཉམ་འདུས་རོགས་སྐྱོར་གྱི་ལས་གཞི་སྤེལ་དགོས་བྱུང་སྟེ།  ཏོག་དབྱིབས་འགོག་ཁབ་དང་སྨན་བཅོས་ཀྱི་མཐུན་རྐྱེན་སོགས་མཁོ་སྒྲུབ་བྱེད་ཐབས་བྱས་ཡོད།

ང་ཚོ་པཱག་ཌལ་དུ་གནས་སྡོད་བྱེད་བཞིན་པའི་མི་འབོར་ཕྱེད་ཀ་ཁང་གླ་བཏང་ནས་སྡོད་ཀྱི་ཡོད་སྟབས། ང་ཚོའི་ཡོང་འབབ་ཀྱི་གསུམ་ཆའི་གཅིག་ལྷག་ཁང་རིན་དུ་འགྲོ་ཡི་ཡོད། ས་ཁུལ་འདིར་གནས་སྡོད་བྱེད་མཁན་དག་གིས། སྡོད་ཁང་ངེས་གཏན་དང་བདེ་འཇགས། འགྲོ་གྲོན་གཏོང་ཐུབ་པའི་ཁང་པ་སྟེ། ཁྱིམ་བསྐྲུན་དགོས་པའི་དགོས་འདུན་འདོན་གྱི་ཡོད།  དོན་དངོས་ཐོག ང་ཚོས་ལོ་རབས་མང་པོ་ཁང་པའི་གནས་སྟངས་ཇེ་ལེགས་སུ་གཏོང་ཐབས་དང་། ཁང་པ་དང་འབྲེལ་བའི་དྲིལ་བསྒྲགས་དང་སློབ་སྦྱོང་སོགས་ཀྱི་ཐོག་བཏང་ཡོད། འོན་ཀྱང་། ང་ཚོས་མཐོང་བ་ནི་ཁང་གླ་ཇེ་མཐོར་ཕྱིན་པ་ཁོ་ན་ཡིན་སྟབས། པཱག་ཌལ་མི་མང་གི་འཚོ་བའི་གནས་སྟངས་ཇེ་བཟང་དུ་ཕྱིན་ན་འོས་ཤིང་འཚམ་པ་ཡིན།

ད་ལྟ་ང་ཚོར་སྡོད་ཁང་ཙམ་མིན་པར། ཐག་གཅོད་ཤུགས་ཆེན་ལེན་དགོས་ཤིང་ངེས་གཏན་མེད་པའི་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་འཕྲད་ཀྱི་ཡོད་སྟབས། ང་ཚོས་མི་མང་གི་དཀའ་ངལ་དེ་དག་སེལ་ཐུབ་པའི་ལམ་ཁ་འཚོལ་དགོས་པ་དང་། ང་ཚོས་རང་གི་སྤྱི་ཚོགས་ནང་སྐྱེད་བསྲིང་གི་མ་འཛུགས་བྱས་ཏེ་སོ་སོ་སྲུང་སྐྱོབ་བྱ་དགོས་པ་ལས། ཉེན་རྟོག་པའི་ཐོག་མ་འཛུགས་བྱ་རྒྱུ་མེད། ང་ཚོ་ང་ཚོའི་གྲོང་ཁྱེར་གྱི་གོམ་སྟབས་རྗེས་མ་དེ་ཡིན་ན་མི་ཆོག དེར་བརྟེན། ང་རང་པཱག་ཌལ་ས་ཁུལ་ནས་ཁྱེད་ཀྱི་སློབ་སྟོན་འོས་མིར་ལངས་ཀྱི་ཡོད། ང་ཚོ་དང་ལྷན་དུ། པཱག་ཌལ་སྤྱི་ཚོགས་གྲོང་ཁྱེར་གྱི་སློབ་སྟོན་པའི་ཁོངས་སུ་འཁྱེར་ནས། ང་ཚོའི་སྤྱི་ཚོགས་ལ་དྲང་བདེན་ལེན་པར་འཐབ་རྩོད་བྱ་དགོས། ཞེས་བརྗོད་འདུག

ཉེ་ལམ་ཕྱི་ཟླ་ ༥ ནང་འཆི་མེད་ལྷ་མོ་ལགས་རྒྱལ་སྤྱིའི་སྟེང་གྲགས་ཆེ་བའི་ནོར་ཝེའི་རྒྱལ་ས་ཨོ་སི་ལོའི་རང་དབང་གླེང་སྟེགས་སྟེང་། བོད་དོན་དང་འབྲེལ་བའི་གཏམ་བཤད་སྤེལ་ཡོད་པ་དང་། ཕྱི་ལོ་ ༢༠༡༩ ལོའི་ཟླ་ ༢ ནང་འཆི་མེད་ལྷ་མོ་ལགས་ཊོ་རོན་ཊོ་གཙུག་ལག་སློབ་གྲྭ་ཆེན་མོའི་སློབ་ཕྲུག་མཐུན་ཚོགས་ཀྱི་ཚོགས་གཙོར་འདེམས་ཐོན་བྱུང་ཞིང་། སྐབས་དེར་སློབ་གཉེར་ཁང་དེའི་རྒྱ་རིགས་སློབ་མ་ཚོས། འཆི་མེད་ལྷ་མོ་ལགས་བོད་མི་ཞིག་ཡིན་པའི་ངོས་ནས་སློབ་ཕྲུག་མཐུན་ཚོགས་ཀྱི་ཚོགས་གཙོར་འདུག་རྒྱུའི་ཐོབ་ཐང་མེད་སྐོར་སོགས་བརྗོད་དེ་ངོ་རྒོལ་བྱས་ཡོད། དེ་ཙམ་མ་ཟད་སྐབས་དེའི་འཆི་མེད་ལྷ་མོ་ལགས་ཀྱི་གནས་ཚུལ་རྒྱལ་སྤྱིའི་བརྒྱུད་ལམ་ཁག་གི་བརྗོད་གཞིར་གྱུར་བའི་གནད་དོན་ཞིག་ཀྱང་ཆགས་ཡོད། ཕྱི་ལོ་ ༢༠༡༩ ལོའི་ཟླ་ ༨ ནང་འཆི་མེད་ལྷ་མོ་ལགས་སུ་རྒྱལ་སྤྱིའི་སློབ་མའི་མཐུན་ཚོགས་ཀྱི་གོ་སྒྲིག་བྱས་པའི་སྐབས་དང་པོའི་བོད་ཀྱི་ན་གཞོན་གཟེངས་རྟགས་ཐོབ།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

འདི་ལོ་བོད་པའི་སློབ་གྲྭ་ཁག་གི་ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆ་ ༩༨།༥༨ རེད་འདུག

ཆུ་ཚོད་ ༢༠ སྔོན་ལ།
ttt
Mobile App

རྩོད་རྙོག་ཟེར་བ་དེ་བཟང་ཕྱོགས་སུ་བསྒྱུར་རྒྱུའི་ཐབས་ལམ་ཡོད།

ཆུ་ཚོད་ ༢༠ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་གིས་ཌ་སི་མོན་ཊུ་ཊུ་དམ་པ་དེ་ཉིད་སྙིང་ནས་བརྩེ་བའི་གྲོགས་པོ་ཞིག་ཡིན་གསུངས།

༢༠༢༦/༠༥/༡༥
Donald Trump and Xi Jinping at a bilateral meeting. Photograph: Alex Wong/Getty Images
Mobile App

ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་དང་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གཉིས་ཐུག་འཕྲད་གནང་།

༢༠༢༦/༠༥/༡༤
ཕྱག་འཁྱེར་གནང་བ།
Mobile App

ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་སློབ་ཐོན་པ་ ༢༢ ལ་ཕྱག་འཁྱེར་གནང་།

༢༠༢༦/༠༥/༡༤
Because of high altitudes in the Himalayas, difficult terrain and often poor weather, the Kailash Manasarovar pilgrimage if one of the most challenging in the world [File: Purnima Shrestha/Reuters]
Mobile App

བལ་ཡུལ་གྱིས་ས་མཚམས་རྩོད་རྙོག་དང་འབྲེལ་ནས་རྒྱ་གར་གཞུང་ལ་ངོ་རྒོལ་བྱས།

༢༠༢༦/༠༥/༡༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese