མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་དཀར་མཛེས་ཁུལ་དཔལ་ཡུལ་རྫོང་ནས་ཉིང་ཁྲི་སྤོ་བོ་རྫོང་བར་དུ་གཞུང་ལམ་གསར་པ་བརྒྱག་རྒྱུ་ཡིན་འདུག

བོད་ཀྱི་དུས་བབ།
༢༠༢༢/༠༧/༢༩
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཕྱི་ཚེས་ ༢༥ ཉིན་སི་ཁྲོན་ཞིང་ཆེན་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་ཁང་གིས་གསར་འགོད་ལྷན་ཚོགས་བསྡུས་ཏེ་རྒྱལ་ཁབ་གཞུང་ལམ་དྲ་བའི་འཆར་འགོད་ཞེས་པའི་འོག་སི་ཁྲོན་ནས་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་བར་གཞུང་ལམ་གསར་པ་ཞིག་བརྒྱག་རྒྱུ་ཡིན་སྐོར་བསྒྲགས།

འགྲིམ་འགྲུལ་སྐྱེལ་འདྲེན་ཁང་གི་གསར་འགོད་གསལ་བསྒྲགས།

གསར་འགོད་ལྷན་ཚོགས་དེའི་ཐོག་འགྲིམ་འགྲུལ་སྐྱེལ་འདྲེན་ཁང་གི་འཆར་འགོད་འགན་འཛིན་གཞོན་པ་ཝང་སུང་པོ་ཟེར་བ་ཞིག་གིས། སི་ཁྲོན་དཀར་མཛེས་ཁུལ་དཔལ་ཡུལ་རྫོང་ནས་བོད་ལྗོངས་སྤོ་བོ་བར་གྱི་རྒྱལ་ལམ་དཀྱུས་མ་ཁ་སྣོན་བརྒྱབ་ཡོད་སྐོར་དང་། རྒྱལ་ལམ་G317དང་G318གྱི་བར་སླར་ཡང་བོད་སྐྱོད་བགྲོད་ལམ་གསར་པ་ཞིག་འཛུགས་སྐྲུན་བྱ་རྒྱུ་ཡིན་པ་དེས། ཁྲོན་བོད་ཞིང་ལྗོངས་གཉིས་བར་རྒྱལ་ཁབ་གཞུང་ལམ་མང་པོ་བརྒྱུད་ཕར་འགྲོ་ཚུར་འོང་བྱེད་ཐུབ་རྒྱུ་དང་། ཁྲོན་བོད་ལྕགས་ལམ་གྱི་ཨར་ལས་དུས་མཚམས་ཀྱི་འགྲིམ་འགྲུལ་འགན་ལེན་ནུས་པའང་ཆེ་རུ་གཏོང་རྒྱུར་ནུས་པ་གལ་ཆེན་ཐོན་རྒྱུ་ཡིན་སྐོར་བཤད་འདུག

རྒྱ་ནག་གཞུང་གིས་བོད་ནང་དང་བོད་མཐའ་མཚམས་ཁུལ་དུ་གཞུང་ལམ་དང་མྱུར་བགྲོད་ལྕགས་ལམ་འཛུགས་སྐྲུན་རྒྱུན་མ་ཆད་པར་བྱེད་བཞིན་ཡོད་དེའི་ཐད། འདི་གའི་གསར་འགོད་པས་བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་སུ་རྒྱ་ནག་གཞུང་གིས་བོད་ཁུལ་གཙོ་བོར་གྱུར་བའི་བོད་མཐའ་མཚམས་ཁག་ལ་གཞུང་ལམ་གསར་རྒྱག་གི་ལས་གཞི་སྤེལ་བ་དེར་ཆབ་སྲིད་ཀྱི་གནད་འགག་ག་འདྲ་ཡོད་མེད་པར་ཁོང་གིས། བོད་ཁུལ་ལ་རྒྱལ་ལམ་དང་ལྕགས་ལམ། དེ་བཞིན་གནམ་ཐང་འཛུགས་སྐྲུན་བྱས་པ་ནི་རྒྱ་ནག་གི་ནུབ་རྒྱུད་ཐོན་སྐྱེད་ཆེན་པོའི་སྟངས་འཛིན་གྱི་ལས་གཞི་དང་འབྲེལ་བ་ཡོད་རེད། བོད་ཡར་རྒྱས་གཏོང་དགོས་ཀྱི་ཡོད་ཟེར་བའི་མིང་ཐོག་ནས་བོད་ཁུལ་དུ་རྒྱལ་ལམ་དང་གནམ་ཐང་སོགས་འགྲིམ་འགྲུལ་ལས་གཞི་མང་པོ་སྤེལ་གྱི་ཡོད་པ་རེད། ངས་བལྟས་ན། རྒྱ་ནག་གི་རྒྱ་རིགས་འབོར་ཆེན་བོད་ཁུལ་དུ་མེ་སེར་སྤེལ་ཡུལ་སྟབས་བདེ་བཟོ་ཡི་ཡོད་པ་དང་། བོད་ནང་གི་རང་བྱུང་གི་ཐོན་ཁུངས་མང་པོ་དབོར་འདྲེན་བྱེད་པ། བོད་ཁུལ་གྱི་གཙང་ཆུ་མང་པོ་རྒྱ་ཕྱོགས་སུ་ཁ་བསྒྱུར་བྱེད་པ། དེ་བཞིན་རྒྱ་ནག་གིས་དེང་སང་བོད་ཁུལ་ཡོངས་ལ་སྔོན་མ་དང་མ་འདྲ་བར་དྲག་གནོན་དབང་སྒྱུར་གྱི་འོག་བསྡུ་རྒྱུ་སྟབས་བདེ་པོའི་ངང་ནས་འབྲོག་ཡུལ་གནས་སྤོ་བཏང་བ་དང་གྲོང་ཁྱེར་འཛུགས་སྐྲུན་བྱ་རྒྱུ་སོགས་ཀྱི་དམིགས་ཡུལ་གཙོ་བོ་ནི། ཚང་མ་ས་ཆ་གཅིག་ལ་རུབ་རུབ་བྱས་ཏེ་སྐར་མ་ཁ་ཤས་ནང་དྲག་གནོན་བྱེད་ཐུབ་རྒྱུའི་ལས་གཞི་ལག་བསྟར་བྱེད་ཀྱི་ཡོད་པ་དེ་ཆབ་སྲིད་དང་འབྲེལ་བ་ཡོད་རེད་བསམ་གྱི་འདུག ཅེས་བརྗོད་བྱུང་།

ཡང་ཁོང་གིས་མུ་མཐུད་དུ། ཕྱོགས་གཉིས་ནས་རྒྱལ་ལམ་དང་འགྲིམ་འགྲུལ་གྱི་ལས་གཞི་ལག་བསྟར་བྱས་པ་དེ་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་དང་འབྲེལ་བ་ཡོད་རེད། དཔེར་ན་ཉིང་ཁྲི་ས་ཁུལ་དང་ལ་དྭགས་ཀྱི་མཐའ་མཚམས་ཁུལ། དེ་བཞིན་བལ་ཡུལ་གྱི་མཐའ་མཚམས་ཁུལ་གྱི་རྒྱལ་ལམ་དང་ལྕགས་ལམ་ཚང་མ་བོད་ཁུལ་བརྒྱུད་ནས་ཡོང་བ་མ་གཏོགས་གཞན་དག་ཅིག་བརྒྱུད་ནས་ཡོང་རྒྱུ་ཡོད་མ་རེད། དེ་མེད་ན་ཁོ་རང་ཚོས་བོད་ནང་གི་དབང་སྒྱུར་གྱི་ཐབས་ཇུས་ལག་བསྟར་བྱས། དེའི་འཕྲོ་ནས་ད་ལྟའི་རྒྱལ་ལམ་དེ་ཕྱི་ཕྱོགས་ལ་འགུལ་སྐྱོད་བྱེད་ཀྱི་ཡོད་རེད། དེ་ལ་ང་རང་གི་ལྟ་སྟངས་ནི། ད་ལྟ་རྒྱ་ནག་གིས་མཐའ་མཚམས་ཁག་དང་འབྲེལ་ཡོད་ཀྱི་རྒྱལ་ཁབ་ཁག་གི་ནང་དུ་འཛུགས་སྐྲུན་མང་པོ་བྱེད་པའི་རྩ་བར་དེད་ན་དབང་སྒྱུར་ལ་འབྲེལ་བ་ཡོད་པ་རེད། རྒྱ་ནག་གིས་དབང་སྒྱུར་གྱི་མངའ་ཁོངས་དེ་རྒྱ་སྐྱེད་ཀྱི་ཡོད་པ་རེད། དཔེར་ན། ཁ་སང་དེ་རིང་གི་འབར་མའི་གནས་སྟངས་ལྟ་བུ་དང་། ཡང་ན་ད་ལྟའི་སིངྒ་ལའི་གནས་སྟངས་ལྟ་བུ། དེ་བཞིན་མཐའ་མཚམས་ཁག་གི་ཨེ་ཤ་ཡའི་རྒྱལ་ཁབ་ཆུང་ཆུང་གི་གནས་སྟངས་ཧ་གོ་ཡི་ཡོད་རེད། མདོར་ན་འཛུགས་སྐྲུན་ལ་ཁ་གཡར་ནས་དབང་སྒྱུར་གྱི་མངའ་ཁོངས་དེ་རྒྱ་སྐྱེད་ཀྱི་ཡོད་པ་ཧ་ཅང་གསལ་པོ་རེད། ཆབ་སྲིད་དང་དམག་དོན་གྱི་མངའ་ཁོངས་རྒྱ་སྐྱེད་ཀྱི་ཡོད་པ་ནི་མཐའ་མཚམས་ཁག་ལ་བྱུང་བའི་དཀའ་ངལ་དང་ཉེན་ཁ་ཞིག་ཆགས་བསྡད་ཡོད་རེད་བསམ་གྱི་འདུག ཅེས་བརྗོད་བྱུང་།

འདས་པའི་ལོ་གཉིས་ནང་རྒྱ་ནག་གིས་བོད་ཁུལ་དུ་གཞུང་ལམ་ལྕགས་ལམ་ག་ཚོད་ཅིག་གསར་རྒྱག་བྱས་ཡོད་དྲིས་པར་ཁོང་གིས། བོད་ས་ཡོངས་ལ་དཔེར་ན། ལྷ་ཉིང་ལྕགས་ལམ་དང་མཚོ་བོད་ལྕགས་ལམ། ཁྲོན་བོད་ལྕགས་ལམ་སོགས་ལྕགས་ལམ་མང་པོ་བཙུགས་ཡོད་རེད། དེ་རེ་རེ་གང་ནས་གང་དུ་བཙུགས་ཡོད་པ་དེ་ངས་བཤད་ཐུབ་ཀྱི་མེད། རྒྱུ་མཚན་ནི་ཁ་ཤས་གསང་བ་རེད་འདུག དཔེར་ན་བོད་རང་སྐྱོང་ལྗོངས་ཀྱི་མངའ་ཁོངས་ནས་མཐའ་མཚམས་ཁག་ལ་ལྕགས་ལམ་དང་གནམ་ཐང་འཛུགས་སྐྲུན་བྱེད་པ་མང་ཆེ་བ་གསང་བ་རེད་འདུག རྒྱུ་མཚན་ནི་དམག་དོན་གྱི་ལས་འགུལ་དང་འབྲེལ་བ་ཡོད་རེད། དེ་ང་ཚོས་བཤད་ཐུབ་ཀྱི་མ་རེད། ང་ཚོས་ཤེས་པ་ཞིག་ལ། དཔེར་ན་མཚོ་སྔོན་ཞིང་ཆེན་གྱི་རི་རབ་དང་བྲག་རི་ཚང་མ་གཏོར་ནས་གནམ་ཐང་དང་ལྕགས་ལམ། འགྲིམ་འགྲུལ་གྱི་གཞུང་ལམ་བཟོས་པ་མིག་མཐོང་ལག་ཟིན་རེད་འདུག འོན་ཀྱང་ཁ་གྲངས་དེ་བཤད་ཐུབ་མ་སོང་། ཞེས་བརྗོད་བྱུང་།

གངས་ལྗོངས་ཉི་གཞོན་ཟེར་བའི་བོད་ནང་གི་དྲ་གནས་ཤིག་གིས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ལོ་ ༢༠༠༠ ལོའི་ལོ་མཇུག་ཏུ་བོད་ཀྱི་གཞུང་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་པའི་སྤྱི་ལེ་ཁྲི་ ༢།༢༥ ལས་ཟིན་གྱི་མེད་ཀྱང་། ཕྱི་ལོ་ ༢༠༢༠ ལོའི་ལོ་མཇུག་ཏུ་སྤྱི་ལེ་ཁྲི་ ༡༡།༨༨ བར་མང་དུ་སོང་ནས། གྲོང་རྡལ་དང་སྒྲིག་ཚུད་གྲོང་ཚོ་བཅས་སུ་རླངས་འཁོར་ཤར་གཏོང་ཐུབ་ཚད་བརྒྱ་ཆ་ ༩༣།༧ དང་བརྒྱ་ཆ་ ༧༥།༩ ཟིན་ཡོད་ཚུལ་དང་། བོད་རང་སྐྱོང་ལྗོངས་ཡོངས་ཀྱི་རྫོང་དང་། གྲོང་རྡལ་ ༤༧༦ དང་སྒྲིག་ཚུད་གྲོང་ཚོ་ ༢༠༥༠ ཡོངས་ལ་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་ལུགས་དང་། ཕྱི་ལོ་ ༢༠༠༠ ལོའི་དམངས་སྤྱོད་མཁའ་འགྲུལ་གྱི་འགྲུལ་སྐྱེལ་བྱེད་ཚད་ནི་མི་ཁྲི་ ༥༣ ནས་ཕྱི་ལོ་ ༢༠༢༠ ལོར་མི་ཁྲི་ ༥༡༥ ལྷག་ཙམ་མང་དུ་ཕྱིན་ཡོད་སྐོར་བསྒྲགས་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

བསམ་ཚུལ།

སྤེན་པ་ཚེ་རིང་ལ་འོས་ཐོབ་བརྒྱ་ཆ་ ༦༠ ཡན་ལོན་ཡོད་དམ་མེད།

ཆུ་ཚོད་ ༢༠ སྔོན་ལ།
Front Slider

ཇོ་ནང་གཞིས་བྱེས་གཉིས་ཀྱི་ངོས་ནས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་དང་ཇོ་ནང་ཏཱ་ར་ནཱ་ཐ་གཟེངས་རྟཊ་ཕུལ།

ཆུ་ཚོད་ ༢༠ སྔོན་ལ།
ཇོ་ནང་གཞིས་བྱེས་གཉིས་ཀྱི་ངོས་ནས་༸གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་དུ་ཇོ་ནང་ཏཱ་ར་ནཱ་ཐ་གཟེངས་རྟགས་འབུལ་ལམ་ཞུས། ༢༠༢༦།༥།༡ དགའ་ལྡན་ཕོ་བྲང་གི་སྐུ་པར།
༸གོང་ས་མཆོག གསར་འགྱུར།

ཇོ་ནང་གཞིས་བྱེས་གཉིས་ཀྱིས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

ཆུ་ཚོད་ ༢༡ སྔོན་ལ།
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་ནས་གནས་བརྟན་སྡེ་བའི་ལུགས་ཀྱི་ས་ག་ཟླ་བར་འཚམས་འཕྲིན་མཛད།

ཆུ་ཚོད་ ༢༢ སྔོན་ལ།
Myanmar state TV
State TV broadcast a picture of the Nobel laureate in confinement
Mobile App

ལྕམ་ཨང་སན་སུའུ་སྐྱིད་ལགས་བཟང་བཙོན་དུ་བཞག་ཡོད་ལུགས་བསྒྲགས།  

ཆུ་ཚོད་ ༢༣ སྔོན་ལ།
Front Slider

གློ་སྒྲིག་གི་ལོ་རྒྱུས་ཀྱི་བྱུང་བ་བརྗོད་པ།

༢༠༢༦/༠༤/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese