མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ངེས་གཏན་མེད་པའི་མི་ཚེ། སྐྱབས་བཅོལ་བོད་མིའི་གཏམ་རྒྱུད་ཅིག

བོད་ཀྱི་དུས་བབ།
༢༠༢༢/༠༨/༡༠
Share on FacebookShare on TwitterShare on EmailShare on Whatsapp

རྩོམ་པ་པོ། རང་བཙན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས།
བོད་སྒྱུར་བ། དཔལ་ལྡན། དུས་བབ་གསར་འགོད་པ།

 ང་ལ་ལག་དེབ་གསུམ་ཡོད། ངའི་མཛུབ་ཐེལ་དང་ཕྱེད་པར་ཡོད་པའི་སྐྱབས་བཅོལ་ལག་དེབ་ཏུ་ང་རང་རྒྱ་གར་དུ་སྐྱེས་ཤིང་རྒྱ་གར་དུ་འཚོ་སྡོད་བྱེད་ཀྱིན་ཡོད་པ་གསལ་ཡོད། རྒྱ་གར་དབུས་གཞུང་གིས་གནང་བའི་ལག་དེབ་གཉིས་པ་དེབ་སེར་པོ་( ཕྱིར་སྐྱོད་ལག་དེབ) ནི་ང་རང་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གཏམ་བཤད་སྤེལ་བར་སྐྱོད་པའི་འགྲུལ་སྐྱོད་ཡིག་ཆ་ཞིག་ཡིན། ལག་དེབ་གསུམ་པ་དེ་ནི་བཙན་བྱོལ་བོད་གཞུང་གིས་གནང་ཞིང་། དེ་ནི་བོད་ཀྱི་མ་འོངས་པའི་ཕྱིར་སྐྱོད་ལག་དེབ ( passport) ཡིན་ཡང་། ལག་དེབ་དེ་དག་ལས་གཅིག་གིས་ཀྱང་ང་རང་མི་སེར་ཞིག་ཡིན་པ་སྒྲུབ་ཐུབ་ཀྱི་མེད་པས་ང་ནི་རྒྱལ་ཁབ་སུ་གང་གི་མི་སེར་ཆགས་མེད། ང་ཚོས་ང་ཚོར་སྐྱབས་བཅོལ་བ་ཞེས་འབོད་ཅིང་། རྒྱ་གར་གཞུང་གིས་བོད་མི་རྣམས་ལ་རྒྱ་གར་གྱི་སྐུ་མགྲོན་དུ་འབོད་ཀྱིན་ཡོད་ལ། ༧རྒྱལ་བ་རིན་པོ་ཆེ་མཆོག་ནི་དེའི་ཁོངས་ཀྱི་སྐྱབས་བཅོལ་བ་ཞིག་རེད།

ང་ཚོ་སྐྱབས་བཅོལ་བོད་མི་སློབ་གྲྭར་འགྲིམ་དུས། རྒྱ་གར་རང་བཙན་འཐབ་རྩོད་པའི་ལོ་རྒྱུས་ཁྲོད་གཟེངས་སུ་ཐོན་པའི་མི་སྣ་དེ་དག་ལས། ང་ཚོས་པན་ཇབ་ནས་ཡིན་པའི་གཞོན་ནུའི་གསར་བརྗེ་བ་ (Young Revolution) བྷ་གད་སིང་ (Bhagat Singh) དང་། བྷེང་གྷལ་ནས་རང་དབང་འཐབ་རྩོད་པའི་དམག་མི་འདྲེན་མཁན་སུ་བྷ་ཤི་ཅན་ཌར (Subhash Chandra Bose)། དེ་བཞིན་བུ་ཆུང་རྒྱབ་ཏུ་བསྡམས་ནས་རྟ་ཐོག་ནས་དབྱིན་དམག་ལ་འཐབ་འཛིང་བྱེད་མཁན་སྲས་མོ་ཇན་སི་( Jhansi’s Rani Laxmi Bai)། ད་དུང་རང་དབང་འཐབ་རྩོད་ཀྱི་མེ་ཚགས་གཅིག་ཏུ་སྒྲིལ་ནས་འཐབ་རྩོད་ཀྱི་ལམ་བུ་བསྐྲུན་ཏེ། དབྱིན་དམག་མཐའ་རུ་བསྐྲད་པའི་འཇིགས་ཞུམ་མེད་པ་དང་ཐབས་ཇུས་ལ་མཁས་པའི་གྷན་དྷི་སོགས་ལ་ཡིད་སྨོན་སྐྱེས་མྱོང་ཡོད་ལ། ང་ཚོས་ཀྱང་བོད་ཀྱི་ཆེད་དུ་འཐབ་འཛིང་བྱ་འདོད་ཡོད་ནའང་།  ང་ཚོས་ཡིད་སྨོན་ཤོར་སའི་དཔའ་རྒོད་དེ་དག་ནི་རྒྱ་གར་བ་རེད།

ང་ཚོའི་དཔྲལ་བར་ R ཞེས་པའི་ཡིག་འབྲུ་ཡོད་པ་ཡོངས་གྲགས་སུ་གྱུར་ཡོད་ལ། དབྱིན་ཡིག་ R དེ་ནི་སྐྱབས་བཅོལ་བར་གོ། ངའི་ཕ་མ་བཞིན་རི་བོ་ཧི་མ་ལ་ཡ་བརྒལ་ཏེ་བལ་ཡུལ་དང་འབྲུག་ཡུལ་བརྒྱུད་རྒྱ་གར་དུ་འབྱོར་མཁན་རྣམས་དང་། ཡང་ན། བོད་མཐོང་མྱོང་མེད་པའི་ང་དང་ངའི་སློབ་གྲོགས་སོགས་ནི་སྐྱབས་བཅོལ་བ་ཡིན།  ང་ཚོས་ང་རང་ཚོ་སྐྱབས་བཅོལ་བ་ཞིག་ཡིན་པ་དང་།   ཉིན་གཅིག་བོད་དུ་ལོག་རྒྱུ་ཡིན་པ་ཤེས་ཀྱི་ཡོད་ལ། རྨི་ལམ་དེ་མངོན་འགྱུར་ཡོང་སླད། ༧གོང་ས་རྒྱལ་བ་རིན་པོ་མཆོག་གི་དབུ་ཁྲིད་འོག་ང་ཚོས་བོད་ཀྱི་རང་བཙན་འཐབ་རྩོད་བྱ་དགོས།

མེ་ལོང་ལས་ཀྱང་རང་ཉིད་ཀྱི་དཔྲལ་བར་ཡོད་པའི་ R ཞེས་པ་མཐོང་མི་ཐུབ་ཀྱང་། ང་ཚོས་རང་ཉིད་ཀྱི་དཔྲལ་བར་མངོན་མི་ཐུབ་པའི་སྐྱབས་བཅོལ་བ་ཞེས་འཁོད་པའི་མི་རིགས་མི་འདྲ་བ་ཞིག་ཡིན་པར་ངོས་འཛིན་བྱས་ཡོད་ཀྱང་།  བྲང་ངོས་སུ་ S མངོན་པའི་རྟོག་སྒྲུང་གི་ཁྲོད་ཀྱི་མི་སྣ་( Super Man ) ལ་བསྡུར་ཏེ་འཚོ་བ་རོལ་མུས་ཡིན། འོན་ཀྱང་། དེ་ནི་འགུལ་རིས་ཁྲོད་ཀྱི་མི་སྣ་ཁེར་རྐྱང་བ་ཞིག་རེད།  བོད་མི་མང་པོ་ཞིག་གིས་བསམ་བློ་དང་སྙིང་སྟོབས་གཅིག་ཏུ་བསྒྲིལ་ན། ང་ཚོ་ནི་བོད་རྒྱལ་ཁབ་ཀྱི་བླ་ན་མེད་པའི་སྟོབས་ཤུགས་ཤིག་ཡིན་པར་འདོད་པ་ནི། སྙན་ངག་ཁོ་ན་ཞིག་ལས་མ་མཆིས།

ང་ཚོ་ནི་སྤོབས་སེམས་སྐྱེས་པའི་སྐྱབས་བཅོལ་བ་ཞིག་རེད།  སྐབས་དེ་དུས་དེང་སྐབས་ཀྱི་འཛམ་གླིང་སྤྱི་ཡོངས་ཀྱི་ངོས་འཛིན་ལྟར། སྐྱབས་བཅོལ་བ་དག་ནི་དབུལ་ཕོངས་དང་། བསོད་ནམས་དམན་པོ། བྲོས་བྱོལ་དུ་ཡོང་མཁན་ཞིག་ཡིན་པར་ཚོར་གྱི་མེད། སྐྱབས་བཅོལ་བར་ཤུལ་ལུས་མི་མང་དང་ཕ་ཡུལ་གྱི་ཟློག་ཏུ་མེད་པའི་འགན་འཁྲི་ཞིག་ཡོད་ལ། དེ་ནི་རང་བཙན་འཐབ་རྩོད་པ་ཞིག་ཏུ་འགྱུར་བའི་གོ་སྐབས་ཆེས་ཡག་ཤོས་དེའང་རེད། ང་ཚོ་དྭངས་བླངས་ཀྱི་ཐོག་ནས་འཐབ་རྩོད་ཀྱི་ལས་འགུལ་མང་པོར་ཞུགས་ཤིང་། དེས་ང་ཚོའི་མི་ཚེར་དོན་སྙིང་བསྐྲུན་པ་མ་ཟད།  མི་སྒེར་གྱི་འཚོ་བ་རང་ག་བ་ལས་ལྷག་པའི་དོན་སྙིང་དམིགས་བསལ་ཞིག་སྤྲད་ཡོད། དུས་ཚོད་རིང་པོ་ཞིག་ལ་སྐྱབས་བཅོལ་བ་ཞེས་པ་ནི་ང་ཚོའི་ངོ་བོར་གྱུར་འདུག

དུས་ཚོད་གང་ཙམ་གྱི་རྗེས་སུ་ངས་དབྱིན་ཡིག་གི་ཡིག་འབྲུ་ R ནས་བོད་ཡིག་གི་ཚིག་རང་བཙན་( Rangzen) གྱི་ར་ལ་བསྒྱུར་བའི་སྙན་ངག་ཅིག་བྲིས་ཡིན།  ངས་ “”ང་ཚོ་སྐྱབས་བཅོལ་བར་སྐྱེས་ཡོད་ཀྱང་། ང་ཚོ་རང་དབང་ངང་འཚོ་བ་རོལ་ཐུབ་ངེས་ཡིན། “” ཞེས་རྗོད་ཀྱིན་ཡོད། དེ་ནི་ང་ཚོའི་འབོད་སྒྲ་གསར་པ་དང་། ངོ་བོ་གསར་པ།  སྐྱེས་བ་གསར་པ་ཞིག་ཀྱང་ཡིན།

ང་ཚོ་སྐྱབས་བཅོལ་བའི་སྤྱི་ཚོགས་སུ་གནས་སྡོད་བྱས་རྐྱེན་མི་རིགས་གཞན་གྱིས་ང་ཚོར་ལྟ་ཕྱོགས་གང་འདྲ་ཡོད་མེད་ཐད་ཤེས་རྟོགས་གཏན་ནས་མེད་པའི་ཁར།  ང་ཚོས་སློབ་སྦྱོང་གང་ཙམ་ཞིག་བྱས་རྗེས། རྒྱ་གར་གཞུང་གིས་ཕྱི་ལོ ༡༩༥༡ ལོའི་སྐྱབས་བཅོལ་བའི་ལྷན་ཚོགས་དང་ཕྱི་ལོ ༡༩༦༧ ལོའི་རྒྱལ་སྤྱིའི་སྐྱབས་བཅོལ་བའི་གྲོས་མཐུན་ཡིག་ཆར་ས་རྟགས་བཀོད་མེད་པ་ཤེས་རྟོགས་བྱུང་བ་རེད། བོད་མི་མང་པོ་ཞིག་དྷ་སར་ཁྲིམས་མཐུན་གྱི་ཐོག་ནས་གནས་སྡོད་བྱས་པར་གོ་རྟོགས་སྤེལ་བའི་ཟབ་སྦྱོང་ཐོག ཁྲིམས་ཐོག་ནས་ང་ཚོ་སྐྱབས་བཅོལ་བ་ཞིག་མིན་པར་ཕྱི་རྒྱལ་བ་ཞིག་ཏུ་རྩིས་ནས། རྒྱ་གར་དུ་གནས་སྡོད་ཆོག་པའི་ཐོ་འགོད་བྱས་ཏེ། ལོ་རེར་དུས་འགྱང་བྱ་དགོས་ཀྱི་ཡོད་སྟབས། མིག་ཟུང་མཆི་མས་བརླན་ཞིང་། ལག་ཟུང་བྲང་ཁར་བཞག་པའི་རྒན་པོ་ཞིག་གིས་སྐྱོ་སྣང་དང་བཅས། “”རྒྱ་ནག་གཞུང་གིས་བཙན་འཛུལ་བྱས་ཏེ་ངའི་ཕ་ཡུལ་ཕྲོགས་སོང་། ང་རང་སྐྱབས་བཅོལ་བ་ཞིག་ཡིན་པ་ལས། ཕྱི་རྒྱལ་བ་ཞིག་གཏན་ནས་མིན། ངས་རྒྱ་གར་ནི་རང་ཁྱིམ་དུ་ཚོར་གྱི་འདུག དྷ་རམ་ས་ལ་ནི་ངའི་ཁྱིམ་གཞིས་གཉིས་པ་དེ་རེད། ང་འདིར་རང་དབང་འཐབ་རྩོད་ཀྱི་ཆེད་དུ་ཡོང་བ་ལས་གཏན་སྡོད་དུ་ཡོང་བ་མིན་པས། ང་རང་སྐྱབས་བཅོལ་བ་ཡིན་པ་ལས། ཕྱི་རྒྱལ་བ་མིན་”” ཞེས་སྨྲས་བྱུང་།

རྒྱ་གར་གཞུང་གིས་སྐྱབས་བཅོལ་བའི་ཁྲིམས་སྒྲིག་དེ་ལག་ལེན་དུ་བསྟར་མེད་ཀྱང་།  རྒྱ་གར་ནི་ཆབ་སྲིད་ཀྱི་དཀའ་ཁག་གི་རྐྱེན་པས་བོད་དང་། བལ་ཡུལ། འབྲུག་ཡུལ། བྷང་ལ་ཌེ་ཤི འབར་མ། སིངྒ་ལ། པ་ཀི་སི་ཐན། ཨབ་གྷ་ནི་སི་ཐན། ཨི་རན་སོགས་ཁྱིམ་མཚེས་དང་ཁྱིམ་མཚེས་མིན་པའི་རྒྱལ་ཁབ་ཁག་ནས་ཡོང་བའི་སྐྱབས་བཅོལ་བ་འཚོ་སྡོད་བྱེད་སའི་རྒྱལ་ཁབ་ཅིག་ཡིན།  དེ་དག་ལ་བོད་མི་བཞིན་སྐྱབས་བཅོལ་ལག་དེབ་དང་ཕྱིར་སྐྱོད་ལག་ཁྱེར་( དེབ་སེར་པོ) སྤྲད་ཀྱིན་ཡོད་ཀྱང་། དེ་ནི་མི་སྒེར་གྱི་ལྟ་སྟངས་ལས་འདས་པའི་ཆབ་སྲིད་ཀྱི་འགྲོ་ལུགས་ཤིག་ཡིན།  རྒྱ་གར་གཞུང་གིས་ཕྱི་ལོ ༡༩༥༥ ལོར་བཟོས་པའི་མི་སེར་ཁྲིམས་སྒྲིག་དེ། ཕྱི་ལོ ༡༩༨༦ ལོར་བསྐྱར་བཅོས་བྱས་ནས། ཕྱི་ལོ ༡༩༨༧ ཕྱི་ཟླ ༧ ཚེས ༡ གི་སྔོན་དུ་སྐྱེས་པའི་བོད་མི་རྣམས་ནི་རྒྱ་གར་གྱི་མི་སེར་དུ་གྱུར་ཡོད་ཀྱང་། ང་ཚོས་བོད་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་སླད། སྐྱབས་བཅོལ་བ་བྱས་ཏེ་འཚོ་སྡོད་བྱས་པ་རེད་ལ། དེ་ནི་སྐྱབས་བཅོལ་བོད་མིའི་ཆབ་སྲིད་ཀྱི་དམིགས་འདུན་ཞིག་ཡིན་པ་མ་ཟད། རྒྱ་གར་གྱི་མི་གྲངས་དུང་ཕྱུར་ལྷན་དུ་འཚོ་སྡོད་བྱ་འདོད་ཅིག་གཏན་ནས་མེད་པར། ཉིན་ཞིག་བོད་དུ་ལོག་འདོད་པས་རེད་ལ། རྒྱ་གར་གཞུང་གིས་ཀྱང་བོད་མིའི་བསམ་སྤྱོད་ལ་གུས་བཀུར་བྱས་ཏེ།  བོད་རྒྱ་མཉམ་བསྲེས་བྱ་དགོས་པའི་གནོན་ཤུགས་ཤིག་གཏན་ནས་སྤྲད་མྱོང་མེད་ཀྱང་། དེ་ནི་སྐྱབས་བཅོལ་བར་བྱམས་སྐྱོང་གི་ལས་དོན་ཙམ་ཞིག་མ་རེད།

ང་ཚོས་རྒྱ་གར་དང་བལ་ཡུལ་ནང་འཚོ་སྡོད་བྱེད་མུས་ཡིན་པའི་བོད་མི་འབུམ་གཅིག་ལྷག་རྣམས་ནི་རྒྱ་ནག་གཞུང་ལ་འགོག་རྒོལ་ཆེད་ཆབ་སྲིད་ཀྱི་ལག་ཆ་ཞིག་ཡིན་པ་ཤེས་ཀྱིན་ཡོད། ཧི་མ་ལ་ཡའི་རི་རྒྱུད་ཁུལ་དུ་རྒྱ་ནག་གཞུང་གི་དབང་ཤུགས་སྐྱེད་པ་དང་བསྟུན།  རྒྱ་ནག་གིས་རྒྱ་གར་དང་། འབྲུག བལ་ཡུལ་སོགས་ཀྱི་མཐའ་མཚམས་ནས་བཙན་དབང་གིས་ས་ཁོངས་བདག་དབང་རྩོད་ཀྱི་ཡོད།  རྒྱ་གར་གཞུང་གིས་བོད་མི་ནི་རྒྱ་ནག་གཞུང་ལ་རྒོལ་ལན་སློག་པར་ཕན་ཐོགས་ཆེན་པོ་ཡོད་པའི་དུས་ཡུན་རིང་པོའི་སྲིད་ཇུས་ཤིག་བཟུང་སྟེ། བོད་མིར་རོགས་རམ་བྱེད་ཀྱི་ཡོད་ཀྱང་།  དེ་ནི་རྒྱ་གར་ནང་གནས་སྡོད་སྐྱབས་བཅོལ་བ་གཞན་རྣམས་ལའང་རོགས་འདེགས་བྱེད་ཀྱི་ཡོད་པའི་ཚབ་མཚོན་ཞིག་ཏུ་གྱུར་ཡོད། རྒྱ་གར་གཞུང་གིས་ཐོག་མར་རྒྱ་ནག་གཞུང་ལ་ཕྱི་འབྲེལ་ལས་དོན་སོགས་ཀྱི་ཐད་ནས་འབྲེལ་འདྲིས་བྱས་ཡོད་ཀྱང་། རྒྱ་གར་གཞུང་གིས་རྒྱ་གར་དུ་གནས་སྡོད་བྱེད་མུས་ཡིན་པའི་བོད་མི་རྣམས་ལ་ཤེས་ཡོན་དང་འཕྲོད་བསྟེན་གྱི་ཐད་ནས་རོགས་རམ་གནང་ཡོད་པས། ཕྱི་ལོ ༡༩༦༠ ལོའི་སྐྱབས་བཅོལ་བོད་མིའི་འཚོ་བའི་གནས་སྟངས་དང་བསྡུར་ན་འཕེལ་རྒྱས་ཆེན་པོ་བྱུང་སྟེ། དེང་གི་སྐྱབས་བཅོལ་དུ་གནས་སྡོད་བོད་མི་གོ་འགྲིག་པ། མཐུན་རྐྱེན་འཛོམས་པ་མ་ཟད། རེ་བ་ཆེ་བའི་དུས་ཤིག་ཏུ་བསླེབས་ཡོད།   འོན་ཀྱང་། རྒྱ་གར་གིས་དེ་སྔོན་དབྱིན་ཇི་ཡིས་བོད་དེ་རྒྱ་ནག་གི་དབང་ཤུགས་ལ་འགོག་རྒོལ་བྱེད་སའི་ས་ཚིགས་གཙོ་བོ་ཞིག་ཡིན་པའི་ངོས་འཛིན་བྱེད་ཕྱོགས་དེ་བསྐྱར་གསོ་མ་བྱེད་ཚེ། རྒྱ་གར་རྒྱ་ནག་གི་དབང་ཤུགས་འོག་ཏུ་ཚུད་རྒྱུ་ཡིན་པ་ཤེས་ངེས་རེད།

སྐྱབས་བཅོལ་བོད་ཀྱི་མི་ཐོག་གསུམ་གྱི་གནས་བབ་ལ་བལྟས་ཚེ། ད་ལྟ་ང་ཚོའི་མཐོང་ཆོས་སུ་གྱུར་བ་ནི་ང་ཚོར་རྒྱལ་ཞེན་གྱི་སྙིང་སྟོབས་ཡོད་མེད་ཀྱི་གནད་དོན་ཞིག་མིན་པར། དོན་དངོས་ཐོག་ང་ཚོས་བོད་ནང་དུ་ལོག་པར་ལྟ་ཅི། མཐའ་ན་བོད་ཀྱི་ས་ཆར་ལག་པས་ཐུག་ཙམ་བྱ་མི་ཐུབ་པའི་གནས་སུ་གྱར།  ང་ཚོས་ཕ་ཡུལ་བཞག་ནས་ཡོང་བ་དང་བོད་དུ་ལོག་མི་ཐུབ་པ་མ་ཟད། བོད་ཡུལ་མཐོང་མི་ཐུབ་པ་ཞིག་ཏུའང་གྱུར་ཡོད།  རྒྱ་ནག་གཞུང་གི་ཤུགས་རྐྱེན་ཆེ་རུ་ཕྱིན་པའི་དབང་གིས་བོད་ནང་དུ་དམ་དྲག་ཇེ་ཆེར་ཕྱིན་ཏེ། བོད་ནང་གི་གནས་སྟངས་དེ་ཇེ་ཞན་ཇེ་སྡུག་ཏུ་ཕྱིན་ཏེ། བོད་མི་རྣམས་འགྲོ་སྐྱོད་བྱེད་དཀའ་བའི་གནས་སུ་ལྷུང་བས།  སྐྱབས་བཅོལ་བ་རྣམས་ཀྱི་འཚོ་བ་སྲ་བརྟན་ཚུགས་མི་ཐུབ་པ་དང་རང་ཡུལ་དུའང་ལོག་མ་ཐུབ་པའི་བཙན་བྱོལ་བའི་སེམས་གཅོང་གི་སྡུག་བསྔལ་ཞིག་མྱོང་གི་ཡོད།

བཙན་བྱོལ་ནང་གི་ཆེས་ཐོག་མའི་ལས་གཞི་དེ་ནི། ཤེས་རིག་གི་མ་རྐང་བརྟན་པོ་བཙུགས་རྒྱུ་དེ་ཡིན་པས།  ༧གོང་ས་རྒྱལ་བ་རིན་པོ་མཆོག་གི་རྒྱང་གཟིགས་ཀྱི་མཐུ་འོག་ནས། བོད་ཀྱི་མི་རབས་གཞོན་པ་ཚོར་བོད་ཀྱི་སྐད་ཡིག་དང་རིག་གཞུང་། ཡུལ་སྲོལ་གོམས་གཤིས་སྦྱང་སྤྱོད་བྱས་བཅུག་པ་ཙམ་མིན་པར། སྐད་ཡིག་གསར་པ་དང་། ཚན་རིག འཕྲུལ་རིག་སོགས་ལའང་སྦྱང་སྤྱོད་བྱེད་ཀྱི་ཡོད་པར་བརྟེན། དེང་གི་བོད་མི་ཚོས་སྐད་རིགས་གསུམ་ནས་བཞི་བར་བཤད་ཐུབ་ཀྱི་ཡོད། བཙན་བྱོལ་ནི་གོམས་འདྲིས་དང་། སྦྱང་བརྩོན། གསར་གཏོད་ཀྱི་འཕེལ་རྒྱས་ཆེ་བའི་ས་བཅུད་འཛོམས་ས་ཞིག་རེད།  དེང་གི་ཆར་བོད་མིའི་གྲྭ་ཚང་ཁག་ཏུའང་ལྟ་གྲུབ་དང་། རིགས་ལམ། སེམས་ཁམས་རིག་པར་སྦྱང་བརྩོན་བྱེད་མ་ཟད། སྐྱེས་དངོས་རིག་པ་དང་། རྫས་འགྱུར་རིག་པ། དངོས་ཁམས་རིག་པ་སོགས་ལའང་སྦྱང་བརྩོན་བྱེད་ཀྱི་ཡོད།  ཤེས་ཡོན་དེ་དག་གིས་ཡིག་ཆ་དང་ཤོག་ཐོག་གང་དུའང་གསལ་ཁ་མེད་པའི་བོད་མིའི་ངོ་བོ་གསར་པ་ཞིག་བཟོ་བསྐྲུན་བྱེད་མུས་ཡིན།

རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཅི་ཙམ་སྤེལ་ཡང་།  རྒྱ་གར་ནང་རྒྱ་གར་གྱི་ལོ་རྒྱུས་རང་བཞིན་ལྡན་པའི་ཁྱིམ་མཚེས་རྒྱལ་ཁབ་ཆེ་ཤོས་བོད་ཀྱི་སྐོར་ལ་གོ་རྟོགས་ཞན་པོའམ། གཏན་ནས་མེད་པར་གྱུར་ཡོད་ལ།  ད་ལྟའང་བོད་མི་རྣམས་ལ་རྒྱ་མི། ཡང་ན། ཆིང་ཆོང་། པིང་པོང་( Ching Chong ping Pong) ཞེས་མིང་འདོགས་བྱེད་ཀྱི་ཡོད་པ་མ་ཟད། བོད་མི་རྣམས་ལ་ཁྲུན་ལུང་གི་སྤུན་མཆེད་( Jackie chan Brother ) ཞེས་འབོད་པ་དེ་ནི། ཨོ་གླིང་དུ་མི་རིགས་དབྱེ་འབྱེད་ཀྱི་ཐོག་ནས་རྒྱ་གར་བ་རྣམས་ལ་པ་ཀེ་ ( Pakistan) ཞེས་འབོད་པ་དང་གཅིག་མཚུངས་ཡིན། ཉེ་བའི་ཆར་རྒྱ་གཞུང་གི་དམག་མིས་རྒྱ་གར་གྱི་མཐའ་མཚམས་ནས་གཏོར་རྒོལ་དྲག་པོ་བྱས་ཏེ། རྒྱ་གར་དམག་མི་ ༢༠ དམར་གསོད་དང་། བརྒྱ་ལྷག་རྨས་པ་དེས། རྒྱ་གར་གྱིས་རྒྱ་ནག་ལ་བཟུང་བའི་ལྟ་ཚུལ་ལ་འགྱུར་བ་ཐེབས་ཡོད། ད་བར་རྒྱ་གར་གྱིས་རྒྱ་ནག་ནི་རྒྱ་གར་འཛུགས་སྐྲུན་གྱི་ལས་གཞིར་མ་རྩ་འཇོག་མཁན་ཆེ་ཤོས་ཤིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པ་མ་ཟད། རྒྱ་གར་གཞུང་གིས་དེ་ལྟར་འགུག་ཐབས་བྱས་ཡོད་ཀྱང་། ད་ལྟ་རྒྱ་ནག་ནི་རྒྱ་གར་ལ་ཉེན་ཁ་ཆེས་ཆེ་བའི་རྒྱལ་ཁབ་ཅིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད།

ཕྱི་རྒྱལ་བ་ཞིག་ཡིན་པའི་ཆ་ནས། རྒྱ་གར་ནང་བོད་མི་ཚོས་འོས་ཤོག་བླུགས་མི་ཆོག་ལ། ས་ཞིང་གི་བདག་དབང་དང་།  མི་སེར་གྱི་ཐོབ་ཐང་གང་ཡང་བླངས་མི་ཆོག་པ་ཡིན་སྟབས། འདས་པའི་མི་ལོ་ཉི་ཤུ་ལྷག་གི་རིང་སྐྱབས་བཅོལ་བོད་མི་ཕྱེད་ཀ་ལྷག་ནུབ་ཕྱོགས་སུ་གནས་སྤོར་བྱེད་མགོ་བཙུགས་ནས། ད་ཆ་བོད་མི་བདུན་ཁྲི་ནས་བརྒྱད་ཁྲི་བར་ཡུ་རོབ་དང་ཨ་མི་རི་ཁ་སོགས་ཀྱི་མི་སེར་དུ་གྱུར་ཏེ། རྒྱལ་ཁབ་དེ་དག་ནང་བོད་མི་ཚོས་བོད་དོན་ལས་འགུལ་སྤེལ་མུས་ཡིན། དེ་ནི་སྔོན་ཆད་བྱུང་མ་མྱོང་བའི་བཙན་བྱོལ་སྤྱི་ཚོགས་ཀྱི་གསོན་ཤུགས་གསར་པ་ཞིག་རེད།

ཧི་མ་ལ་ཡའི་རི་རྒྱུད་དུ་ཆགས་པའི་འབྲུག་དང་བལ་ཡུལ་གཉིས་ནི་བོད་ཀྱི་རིག་གཞུང་དང་སྐད་ཡིག ངོ་བོ་སོགས་ལ་འབྲེལ་བ་ཡོད་ཀྱང་། རྒྱལ་ཁབ་དེ་གཉིས་སུ་གནས་སྡོད་སྐྱབས་བཅོལ་བོད་མིའི་གནས་སྟངས་ལ་སེམས་ཁྲལ་བྱ་དགོས་པའི་གནས་སུ་གྱུར་ཡོད་ལ།   རྒྱ་ནག་གཞུང་གི་ཚད་ལས་འདས་པའི་གནོན་ཤུགས་ཀྱི་འོག་ནས། འབྲུག་བལ་གཉིས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱལ་ཁབ་དེ་གཉིས་སུ་ཕེབས་འཇུག་གི་མེད་ལ།  བཙན་བྱོལ་བའི་འོས་བསྡུ་བྱེད་པར་བཀག་སྡོམ་ནན་མོ་བྱེད་བཞིན་ཡོད་པ་མ་ཟད། བལ་ཡུལ་གྱིས་ཀ་ཐི་མན་ཌུ་སོགས་སུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་སྲུང་གཙི་བྱེད་མི་ཆོག་པ་དང་། བལ་ཡུལ་གཞུང་གིས་ཡུན་རིང་ཞིག་ནས་བལ་ཡུལ་དུ་གནས་སྡོད་བོད་མི་རྣམས་ལ་སྐྱབས་བཅོལ་ལག་དེབ་མ་སྤྲད་པའི་དཀའ་ངལ་ཞིག་འཕྲད་མུས་ཡིན། དེ་སྔ་རྒྱལ་རྒྱུད་རིང་ལུགས་ཀྱིས་སྲིད་གཞུང་བཟུང་བ་དང་། ད་ལྟ་དམར་ཤོག་རིང་ལུགས་ཚོད་ལྟ་བྱེད་མུས་ཡིན་པའི་བལ་ཡུལ་གཞུང་གིས།  བོད་མི་རྣམས་ལ་ལག་ཁྱེར་རིགས་གང་ཡང་སྤྲད་མེད་པར། བལ་ཡུལ་དུ་ཆེས་ཉེན་འཚབ་ཆེ་བའི་འཚོ་བ་ཞིག་རོལ་གྱི་ཡོད་པ་རེད།

སྔོན་ཆད་ང་ལ་བོད་ཀྱི་ཤེས་ཡོན་པ་རྒན་པ་ཞིག་གིས་ཁོང་ཉིད་ཨ་རིར་འབྱོར་རྗེས། བོད་ནས་ཡོང་བའི་བོད་མི་ཞིག་ཡིན་པ་ལས། རྒྱ་ནག་ནས་མིན་པའི་ཐོ་འགོད་བྱས་པའི་གཏམ་རྒྱུད་ཅིག་བཤད་བྱུང་ལ། ཁོང་རང་གི་བྱས་རྗེས་ལ་སྤོབས་སེམས་སྐྱེས་ཀྱིན་འདུག་ཀྱང་།  ནུབ་ཕྱོགས་སུ་ཡོད་པའི་བོད་མི་ཕལ་མོ་ཆེས་རྒྱ་མི་( Former Chinese National ) ཡིན་པའི་ཐོ་འགོད་བྱས་ཡོད་པར་བརྟེན། ནུབ་ཕྱོགས་རྒྱལ་ཁབ་ཕལ་མོ་ཆེས་བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་ཀྱང་། རྒྱ་གར་ནང་འགྲིམ་འགྲུལ་ལག་དེབ་( དེབ་སེར་པོ) ནང་” ཡོང་ཁུངས། བོད་” ཅེས་ཆབ་སྲིད་ཀྱི་གནད་འགག་ཡོད་པའི་ཚིག་ཅིག་འཁོད་ཡོད་པ་རེད།

དེང་སྐབས་རྒྱ་ནག་གི་ཆེས་རིན་གོང་སླ་བའི་ཅ་དངོས་དེ་དག་ཉོ་ཚོང་བདེ་ཆེད། རྒྱ་ནག་གཅིག་ཞེས་པའི་སྲིད་ཇུས་དང་ལེན་བྱས་པའི་རྒྱལ་ཁབ་དེ་དག་ཆབ་སྲིད་ཀྱི་རྙོག་འཛིང་དུ་ཚུད་ནས་ཕྱིར་འཐེན་བྱེད་ཐབས་མེད་པར་ལུས་ཡོད་ལ། དེང་སྐབས་བོད་དང་། ཐའེ་ཝན། ཧོང་ཀོང་། ཤར་ཏུར་ཀི་སི་ཐན་བཅས་ཀྱི་དཀའ་རྙོག་དེ་དག་གིས་རྒྱལ་སྤྱིའི་ས་བབ་ཆགས་ཚུལ་གྱི་ཆབ་སྲིད་ཀྱི་གནས་སྟངས་ལ་འགྱུར་བ་ཤུགས་ཆེན་བཏང་བའི་གནད་དོན་ཞིག་ཏུ་འགྱུར་བཞིན་ཡོད།

བོད་དེ་འགུལ་བསྐྱོད་གཏན་ནས་བྱ་མི་ཐུབ་པའི་གནས་སྟངས་ཤིག་གི་འོག་ཏུ་ལུས་ཡོད་ཅིང་། དེང་གི་ཆར་བོད་ནང་གི་བོད་མི་ཚོས་ཕྱི་རྒྱལ་དུ་འབྲེལ་བ་བྱས་པར་ནག་ཉེས་སུ་རྩིས་ཏེ། ཕྱི་ཕྱོགས་སུ་འབྲེལ་འདྲིས་བྱེད་མཁན་བོད་མི་ཚོར། རྒྱ་ནག་གཞུང་གིས་དྲག་གནོན་ཤུགས་ཆེན་བྱེད་ཀྱི་ཡོད་པ་མ་ཟད། དྲ་ལམ་དང་། གྱང་ངོས། སློབ་ཆེན་ཁག་གི་གསལ་བསྒྲགས་སྦྱར་པང་སོགས་སུ་ཕྱིར་སྡོད་བོད་མིར་འབྲེལ་འདྲིས་མི་ཆོག་པའི་བཙན་སྐུལ་བྱེད་ཀྱི་ཡོད་པ་རེད། དེ་བཞིན་བོད་མི་ཚོས་ཁ་པར་ནང་དུ་༧གོང་ས་རྒྱལ་བ་རིན་པོ་མཆོག་གི་སྐུ་པར་ཉར་ཚགས་བྱས་པའང་ནག་ཉེས་སུ་རྩིས་ནས། བཙོན་འཇུག་དང་ཁྲིམས་ཐག་བཅད་པའི་སྙན་ཐོའང་ཐོན་ཡོད། དེང་སྐབས་རྒྱ་ནག་གཞུང་གིས་བོད་མིའི་གདོང་རིས་དང་མཛུབ་ཐེལ། མིག་རིས་དེ་དག་འཕྲུལ་རིགས་སོགས་ནས་གཤེར་ཏེ་མི་སྒེར་གྱི་གནད་དོན་ཚུད་པའི་གནས་ཚུལ་མང་པོ་ཞིག་བསྡུ་ཉར་དང་། རང་བྱུང་ཐོན་སྐྱེད་ཕུན་སུམ་ཚོགས་པའི་བོད་ཀྱི་གཏེར་ཁུངས་མང་པོ་ཞིག་ནས་གསེར་དང་། དངུལ། ཟངས། Lithium(ལི་ཐི་ཡམ)།  རག་སོགས་སྔོག་འདོན་ཚད་ལས་འདས་པ་བྱས་ཡོད་ཅིང་། དེ་ནི་འཛམ་གླིང་གི་རང་བྱུང་ཐོན་ཁུངས་ཆེས་ཆེ་ཤོས་ཤིག་ཏུ་གྱུར་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་བོད་ཀྱི་འབྲོག་པ་དང་ཞིང་པ་སོགས་ལ་བཙན་གྱིས་གནས་སྤོར་བྱེད་དུ་བཅུག་ནས། རྒྱ་ནག་གཞུང་གིས་བོད་ཀྱི་རོང་འབྲོག་མང་ཚོགས་ལ་དབང་བའི་ས་ཆ་བཙན་བཟུང་དང་བདག་ཉར་བྱས་ཏེ། བོད་ཀྱི་རོང་འབྲོག་མང་ཚོགས་རྣམས་རྒྱ་ནག་གིས་ཆེད་འཛུགས་བྱས་པའི་གྲོང་སྡེ་རུ་སྡོད་དུ་འཇུག་གི་ཡོད།

དྷ་སར་གནས་སྡོད་བོད་མི་ཚོས་དཔེ་དེབ་བསྡུ་གསོག་བརྒྱབ་སྟེ། བརྙན་འཕྲིན་སྒམ་ཆུང་དང་། ས་གདན། གྱོན་གོས་སོགས་དོལ་སྐྱེལ་རླངས་འཁོར་དུ་བཞག་ནས་ཉིན་རྟག་པར་གནས་སྤོར་བྱས་པ་མཐོང་རྒྱུ་ཡོད། ང་ཚོ་འབྲོག་པ་བཞིན་གནས་སྤོར་བྱེད་ཀྱི་ཡོད་སྟབས།  ང་ཚོར་གཏན་སྡོད་ཁ་བྱང་ཞིག་མེད་པར། ཁང་བདག་གི་སྡོད་གནས་ཁ་བྱང་གཡར་ཏེ། དངུལ་ཁང་དང་། ལག་ཁྱེར་ཁག རླངས་རྫས། ཁ་པར། ཟས་ཐོ། གད་སྙིགས་སོགས་སུ་བཀོལ་བའི་ཁ་བྱང་མི་འདྲ་བ་མང་པོ་ཡོད།  ང་ཚོར་དགོས་མཁོའི་ཆེད་ཁ་བྱང་ཧ་ཅང་མང་པོ་ཞིག་ཡོད་ཀྱང་།  རང་ཉིད་ལ་དབང་བ་གཅིག་ཀྱང་མེད་ལ། ང་ཚོས་ཁ་པར་ཨང་གྲངས་གཅིག་ནས་གཞན་དུ་བརྗེ་བར་མ་ཤེས་པའི་གྲོགས་པོ་ཞིག་གིས། ཨང་གྲངས་རྙིང་པར་ཁ་པར་གཏོང་དུས། ཨང་གྲངས་འདི་གནས་སྐབས་ཁ་བརྒྱབ་འདུག ཅེས་འགྲེལ་བརྗོད་བྱེད་ངེས་རེད།

ང་རང་སྒེར་གྱི་ཉམས་མྱོང་གི་ཐོག་ནས་སྐྱབས་བཅོལ་བའི་མི་ཚེ་ནི། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆགས་བྲལ་སྐོར་གྱི་བཀའ་ཆོས་དེ་དག་ལ་ཉེ་བར་བཅར་བའི་ཚོར་སྣང་གཏིང་ཟབ་མོ་ཞིག་བྱུང་། ང་ཚོས་རང་ཉིད་ཀྱི་གྲོགས་པོའི་ཉེ་འགྲམ་དང་། ཡང་ན།  ལས་ཁུངས་ཀྱི་འགྲམ། ཁང་གླ་ཅུང་ཆུང་བ། དགུན་དུས་ཉི་མ་དྲོ་བ་དང་ཆར་དུས་སུ་སྨུག་སྤྲིན་གསེབ་ནས་ཉི་འོད་འཕྲོ་སའི་ཁང་པ་བདམས་ཏེ། རང་གི་སྡོད་གནས་ལ་ཆགས་སེམས་ཧ་ལམ་མེད་པ་ལྟ་བུའི་ངང་ནས་གནས་སྤོར་བྱས།

ང་ཚོས་ཉིན་ལྟར་ངེས་བརྟན་མེད་པའི་སྡོད་གནས་ཁ་བྱང་དང་། ལས་ཀ་སོགས་ཀྱི་ཐོག་ནས་ངེས་བརྟན་མེད་པའི་འཚོ་བ་ཞིག་རོལ་གྱིན་ཡོད་ཀྱང་།  ང་ཚོས་ཁང་པ་གཞན་ཞིག་ཏུ་མ་སྤོར་གོང་ནས་རང་གི་ཕུགས་བསམ་མངོན་གྱུར་དང་གནས་མལ་སྲ་བརྟན་ཞིག་ཚུགས་རྒྱུར་རེ་བ་བཅངས་ཏེ། དྲོད་སྐྱིད་ལྡན་པའི་གནས་མལ་ཞིག་བཅའ་འདོད་ངེས་ཡིན།  གཅིག་བྱས་ན་དེ་ནི་ཞེན་ཆགས་ཀྱི་རྐྱེན་པས་ཡིན་སྲིད་ཀྱང་། སྐབས་དེར་གསང་བའི་ལས་ཁུངས་ཀྱི་ལས་བྱེད་ཀྱིས་ཁང་སྒོ་རྡུང་ནས་གཏན་སྡོད་ཁ་བྱང་ཐོ་འགོད་བྱེད་དུ་བསླེབས།

མ་ཡིག་གི་འབྲེལ་ཐག https://shuddhashar.com/temporarily-out-of-service-a-story-of-tibetan-refugees/

འབྲེལ་ཡོད་གསར་འགྱུར།

Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

ཆུ་ཚོད་ ༡༩ སྔོན་ལ།
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

ཆུ་ཚོད་ ༢༡ སྔོན་ལ།
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

༢༠༢༦/༠༨/༡༣
Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

༢༠༢༦/༠༨/༡༢
Mobile App

ཁ་མཆུ་ཨང་ ༢༣ པའི་གཏན་འབེབས་ཀྱི་ཉན་ཞིབ་འཚོགས། 

༢༠༢༦/༠༨/༡༢
Mobile App

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་ཀྱི་མ་འོངས་འགན་སྲུང་ཁྲིམས་འཆར་ངོ་སྤྲོད་གནང་།

༢༠༢༦/༠༨/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese