མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་མཁས་པའི་བགྲོ་གླེང་འཚོག་བཞིན་འདུག

བོད་ཀྱི་དུས་བབ།
༢༠༢༢/༠༨/༡༠
Share on FacebookShare on TwitterShare on EmailShare on Whatsapp

དྷ་རམ་ས་ལ་རུ་བཙན་བྱོལ་བོད་མིའི་ད་ལྟའི་རིག་གཞུང་གི་གནས་སྟངས་དང་མ་འོངས་པའི་ལམ་སྟོན་སྐོར་གྱི་མཁས་པའི་བགྲོ་གླེང་ཐེངས་དང་པོ་དེ་ཉིན་གྲངས་གཉིས་རིང་འཚོག་བཞིན་འདུག

ད་ལྟའི་རིག་གཞུང་གི་གནས་སྟངས་དང་འོངས་པའི་ལམ་སྟོན་སྐོར་གྱི་མཁས་པའི་བགྲོ་གླེང་ཐེངས་དང་པོ། ༢༠༢༢།༠༨།༡༠ དུས་བབ་ཀྱི་པར།

བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག དྷ་ས་ནོར་བུ་གསོལ་མགྲོན་ཁང་དུ། བོད་མི་རིགས་ཀྱི་རྩ་ཆེ་བའི་རིག་གཞུང་མི་ཉམས་གོང་འཕེལ་དང་བོད་ཀྱི་མ་འོངས་པའི་ལས་དོན་བྱེད་ཕྱོགས་སོགས་ཀྱི་ཐད་བཙན་བྱོལ་ནང་གི་ད་ལྟའི་བོད་ཀྱི་རིག་གཞུང་དང་གནས་བབ། མ་འོངས་ལམ་སྟོན་ཞེས་པའི་ཐོག་རིས་མེད་མཁས་པའི་བགྲོ་གླེང་སྐབས་དང་པོ་དེ་རིང་དང་སང་ཉིན་ཉིན་གཉིས་རིང་འཚོག་བཞིན་འདུག་ལ། མཁས་པའི་བགྲོ་གླེང་འདིའི་ཐོག་ཚོགས་བཅར་བ་ ༢༣ དངོས་སུ་མཉམ་ཞུགས་གནང་འདུག

མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་དྲུང་ཆེ་འཆི་མེད་ཚེ་དབྱངས་ལགས་ཀྱིས། དེ་རིང་ང་ཚོས་ཚོགས་འདུ་འདི་འཚོག་དགོས་པའི་དགོས་པ་དང་དམིགས་ཡུལ་ནི། ཇི་སྲིད་བོད་ཀྱི་བདེན་མཐའ་མ་གསལ་བར་དུ། དེ་སྲིད་བོད་ཀྱི་རྩ་ཆེའི་རིག་གཞུང་མུ་མཐུད་བཙན་བྱོལ་དུ་ཉམས་པ་སོར་བཅུད་དང་མི་ཉམས་གོང་འཕེལ་གཏང་རྒྱུ་ཤིན་ཏུ་གལ་ཆེན་པོ་ཆགས་ཀྱི་ཡོད་དུས། ད་ལྟ་ང་ཚོ་བོད་པ་ལ་ངོམ་ཆོག་པ་དང་རྒྱལ་སྤྱིའི་ནང་རྒྱབ་སྐྱོར་དང་དགའ་ཞེན་བྱེད་ས་ནི།  སྤྱིར་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཛད་པ་འཕྲིན་ལས་དང་། དེ་བཞིན་བོད་ཀྱི་ཆོས་དང་རིག་གཞུང་ཕྱུག་པོ་འདི་ལ་བརྟེན་ནས་རེད་བསམ་ཀྱིན་ཡོད། བོད་ཀྱི་རིག་གཞུང་གསོན་པོར་གནས་རྒྱུ་དེའང་མི་རབས་རྒན་པ་རྣམས་དང་། རིག་གཞུང་ཐོག་རྒྱུན་རིང་ཕྱག་ལས་གནང་མཁན་རྣམས་དང་།  ཕྱོགས་ཡོངས་ཀྱི་འབད་རྩོད་དང་ལྷག་བསམ། སེམས་ཤུགས་བཅས་ལ་བརྟེན་ནས་བྱུང་ཡོད། ཡིན་ཡང་། ང་ཚོས་ཆོས་དང་རིག་གཞུང་འདི་མུ་མཐུད་ནས་གནས་རྒྱུ་དང་། རིག་གཞུང་དེ་བོད་ཀྱི་འཐབ་རྩོད་ཁྲོད་ཀྱི་ཆ་ཤས་གལ་ཆེན་པོ་ཞིག་ཏུ་ཆགས་ཀྱི་ཡོད་པ་དང་། མི་རབས་ནས་མི་རབས་བར་རྩིས་སྤྲོད་ཐུབ་པ། སློབ་གསོ་བརྒྱག་རྒྱུ། དེ་ཙམ་མ་ཟད་མུ་མཐུད་དུ་དེ་ལ་དོ་སྣང་དང་ཤུགས་སྣོན་བརྒྱག་རྒྱུ་དེ་ནི་བོད་མི་ཚོའི་ལས་འགན་ཆགས་བསྡད་ཡོད་པ་རེད་ལ། ཆོས་རིག་ལས་ཁུངས་ཀྱི་ངོས་ནས་ཚོགས་འདུ་འདི་གལ་ཆེན་པོར་རྩིས་ཡོད། གང་ཡིན་ཟེར་ན། ད་ལྟ་ང་ཚོ་མིའི་ལུང་པ་དང་རྒྱལ་ཁབ་འདྲ་མིན་དུ་གནས་ཡོད་དུས། གནས་སྡོད་བྱེད་སའི་ཁོར་ཡུག་དང་གོམས་གཤིས་སོགས་ལ་བརྟེན་ནས། སྐད་ཡིག་དང་རིག་གཞུང་ལ་ཤན་ཞུགས་པ་དང་འདྲེས་ལྷད་འབྱུང་ཉེན་ཆེན་པོ་ཆགས་ཡོད་པ་བརྗོད་མེད་ཡིན། ཆོས་རིག་ལས་ཁུངས་ཀྱི་ངོས་ནས་ད་ལྟའི་གནས་སྟངས་ལ་གཞིགས་པའི་བོད་ཀྱི་རིག་གཞུང་དང་སྒྱུ་རྩལ་གྱི་ལས་གཞི་སྤེལ་མུས་ཡིན་ལ། བོད་ཀྱི་རིག་གཞུང་གི་ཐོག་ལ་ལས་ཀ་བྱེད་མཁན་རྣམས་ལ་དཔལ་འབྱོར་གྱི་རོགས་པ་བྱས། དེ་བཞིན་དབྱར་དུས་བོད་ཀྱི་སྐད་ཡིག་དང་རིག་གཞུང་གི་གོ་རྟོགས་ལས་གཞི་ཟེར་ན་རེད། བོད་ཀྱི་གཞོན་སྐྱེས་རྣམས་ལ་ཆོས་དང་རིག་གཞུང་གི་གོ་རྟོགས་སྤེལ་སླད། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་ཉིན་ ༢༡ རིང་ཟབ་སྦྱོང་གོ་སྒྲིག་བྱས་ཡོད། དེ་བཞིན་རྒྱུད་སྨད་གྲྭ་ཚང་ལ་མཉམ་འབྲེལ་གྱི་ཐོག་ནས། མཐོ་སློབ་ལ་སྐྱོད་མུས་ཡིན་པའི་ན་གཞོན་ཚོར་ཟླ་དྲུག་བོད་ཀྱི་སྐད་ཡིག་དང་ནང་དོན་རིག་པའི་ཟབ་ཁྲིད་གནང་གི་ཡོད། དེ་བཞིན་ལྷ་མོ་ཚོགས་པ་དང་རིག་གཞུང་ཚོགས་པ་གསར་དུ་འཛུགས་མཁན་རྣམས་ལའང་དཔལ་འབྱོར་གྱི་མཐུན་རྐྱེན་སྦྱོར་བའི་་ལས་གཞི་སྤེལ་མུས་ཡིན། ཞེས་གསུངས་སོང་།

ད་ལྟའི་རིག་གཞུང་གི་གནས་སྟངས་དང་འོངས་པའི་ལམ་སྟོན་སྐོར་གྱི་མཁས་པའི་བགྲོ་གླེང་ཐེངས་དང་པོ། ༢༠༢༢།༠༨།༡༠ དུས་བབ་ཀྱི་པར།

དེའི་རྗེས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། དེ་རིང་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག བཙན་བྱོལ་ནང་དུ་བོད་ཀྱི་རིག་གཞུང་གང་འདྲ་ཆགས་ཡོད་མེད་དང་། མ་འོངས་པའི་བྱེད་ཕྱོགས་སླད། རིག་གཞུང་རྐྱང་པའི་བགྲོ་གླེང་ཐེངས་དང་པོ་ཆགས་ཡོད་པ་རེད། ད་ལན་གྱི་མཁས་པའི་བགྲོ་གླེང་ཐོག་ཆོས་རིག་ལས་ཁུངས་ཀྱིས་ཆེད་མངགས་མགྲོན་འབོད་ཞུས་པའི་ང་ཚོའི་སྤྱི་ཚོགས་ནང་དུ་རྒྱུན་དུ་ནས་འགན་བཞེས་མཁན་གྱི་སློབ་སྦྱོང་དང་ཉམས་མྱོང་ཕུན་སུམ་ཚོགས་པའི་མཁས་པ་ ༢༥ ནས་གཉིས་མ་གཏོགས་གཞན་ཚང་མ་ཕེབས་ཐུབ་འདུག ངས་བཀའ་ཤག་སྐབས་བཅུ་དྲུག་པ་དང་། ང་རང་སྒེར། ཆོས་རིག་ལས་ཁུངས་ཀྱི་ངོས་ནས་རྣམ་པ་ཚོར་མགྲོན་འབོད་ལྟར་ཕེབས་པར་ཐུགས་རྗེ་ཆེ་ཞུ་ཡི་ཡིན། ཆོས་རིགས་ལས་ཁུངས་རང་གིས་ངོས་ནས་བཙན་བྱོལ་སྤྱི་ཚོགས་སུ་ཐུགས་ཕན་གསོ་བའི་ལས་ཀ་ཐད་ཀར་བྱེད་ཐུབ་རྒྱུ་ཞིག་མེད་པ་ཚང་མས་མཁྱེན་མཁྱེན་པ་རེད། ལྷག་པར་དུ་ཆོས་དང་འབྲེལ་བའི་གནས་ཚུལ་དེ་དག་ཡིན་ན། རིས་སུ་མ་ཆད་པའི་དགོན་སྡེ་ཁག་གི་སོ་སོའི་འགྲོ་སྟངས། འཛིན་སྐྱོང་བྱེད་སྟངས། ནམ་རྒྱུན་གྱི་འཚོ་རྟེན་དག་སོ་སོས་འགན་ཁུར་ནས་གནང་བསྡད་ཀྱི་ཡོད་རེད། བསླབ་པ་སློབ་གཉེར་ཡིན་ནའང་ཆོས་བརྒྱུད་སོ་སོས་གནང་བསྡད་ཀྱིན་ཡོད་དུས། ཆོས་རིག་ལས་ཁུངས་ཀྱིས་ཐེ་ཇུས་བྱས་ནས་ལས་གཞི་བརྩམ་རྒྱུ་དེ་འདྲ་ཞིག་གནང་སྲོལ་ཡོད་མ་རེད་ལ། མ་འོངས་པར་ཡང་ཆོས་རིག་ལས་ཁུངས་ཀྱིས་བྱ་ཐུབ་མིན་གྱི་གནས་སྟངས་ཤིག་རེད། ཆོས་རིག་ལས་ཁུངས་ཀྱི་ངོས་ནས་རིག་གཞུང་ནང་ལོགས་ནས་ཡལ་ལ་ཉེ་བ་དང་། སྒྱུ་རྩལ་རིག་ཚན་ག་རེ་ཡིན་ནའང་འགན་ཞིག་ཁུར་ཐུབ་ན་བསམ་ནས་ལས་གཞི་འདོན་གྱི་ཡོད་པ་རེད། དེ་ཡིན་དུས་ད་བར་བྱས་བཞག་པ་འདི་བོད་པའི་སྤྱི་ཚོགས་ནང་རིག་རྩལ་དང་སྒྱུ་རྩལ་ལག་ལེན་བསྟར་བཞིན་པ་རྣམས་ལ་སེམས་ཤུགས་འཕར་རྒྱུའི་ཆེད་དུ་དངུལ་འབོར་ཉུང་ཉུང་ཞིག་ཕུལ་ཐུབ་ཀྱི་ཡོད་པ་མ་གཏོགས། དེ་ལས་ལྷག་པ་ཞིག་ཆོས་རིག་ལས་ཁུངས་ཀྱིས་ཕུལ་ཐུབ་ཀྱི་མེད་པ་རེད། ང་ཚོའི་འཐབ་རྩོད་ཀྱི་ཐོག་ནས་ཆ་བཞག་པ་ཡིན་ན། ཕྱི་ལོ ༢༠༡༡ ལོར་ང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་ཡིན་པའི་སྐབས་སུ་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་ཁང་དེ་དབུ་འབྱེད་གནང་བ་རེད། སྐབས་དེ་དུས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། ང་ཚོ་བཙན་བྱོལ་ནང་ཡོད་པའི་བོད་པ་ཚོས་བོད་ཀྱི་ཆོས་དང་རིག་གཞུང་བདག་ཉར་ཡག་པོ་ཞིག་བྱེད་ཐུབ་པ་ཡིན་ན། དེ་འཐབ་རྩོད་ཀྱི་ལས་འགན་ཆེན་པོ་ཞིག་སྒྲུབ་པ་རེད་གདའ། ཞེས་བཀའ་སློབ་སྙིང་པོ་དེ་གནང་བ་རེད།  བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་སྤྱི་ཡོངས་ནས་ཁོར་ཡུག་བསྐྲུན་རྒྱུ་དེ་དཔེ་གལ་ཆེན་པོ་མཐོང་གི་འདུག ད་ལྟ་བཀའ་ཤག་གི་བསམ་བློ་དེ། འདས་པའི་ལོ་ ༦༠ རིང་ལ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཕུགས་རྒྱང་རིང་པོའི་དགོངས་པ་བཞེས། རྒྱ་གར་གཞུང་གིས་མཐུན་རྐྱེན་སྦྱར་ནས་བོད་མི་འདུག་སའི་ས་གནས་མང་པོ་ཞིག་བཙུགས་ཐུབ་པ་བྱུང་བ་རེད། བོད་མི་འདུག་སའི་ས་གནས་མང་པོ་ཞིག་བཙུགས་ཐུབ་པ་ལ་བརྟེན་ནས་མི་རིགས་ཀྱི་ཁྱད་ཆོས་དེ་ཚོ་ཆ་ཚང་ཞིག་ཉར་ཐུབ་ཡོད་པ་དང་། གཞིས་ཆགས་ཁག་ཏུ་སློབ་གྲྭ་དང་དགོན་པ། ཆོས་སྡེ། རིག་གཞུང་གི་སྟི་གནས་སྣ་ཚོགས་ཤིག་བཙུགས་ནས། ད་ལྟ་བར་དུ་རྒྱུན་འཁྱོངས་ཐུབ་པ་ཞིག་བྱུང་ཡོད་རེད། འོན་ཀྱང་། ཉེན་ཁ་དེ་སྤྱི་ཚོགས་ཀྱི་གནས་བབ་ཁྲོད་ནས་ང་རང་ཚོའི་རིག་གཞུང་གི་གནས་བབ་དེ་དེའི་ཁ་ཤས་སུ་གྱུར་འགྲོ་ཡི་ཡོད་རེད། འདས་པའི་ལོ་དྲུག་ཅུའི་རིང་ལ་འགྲིག་བསྡད་པ་དེ། མ་འོངས་པར་འགྲིག་ས་རེད་དང་མ་རེད་ཀྱི་མཚམས་འདྲ་བོ་ཞིག་ཏུ་བསླེབས་བསྡད་འདུག མི་འབོར་ལ་ཆ་བཞག་ན། ཆོས་རིག་ལས་ཁུངས་ཀྱི་ཁྱབ་ཡོངས་སུ་དགོན་སྡེ་ཁག་ ༢༨༨ ཡས་མས་ཤིག་ཡོད་པ་རེད། དེ་དག་གི་ནང་དུ་གྲྭ་བཙུན་གྱི་གྲངས་འབོར་ཉུང་དུ་ཕྱིན་མི་འདུག་ཀྱང་། ཧི་མ་ཡ་ལའི་གྲྭ་བཙུན་གྱི་གྲངས་འབོར་མང་དུ་ཕྱིན་ཡོད་པ་དང་། ང་ཚོའི་གཞིས་ཆགས་སུ་སྐྱེས་ནས་དགོན་པར་འཛུལ་མཁན་ཧ་ཅང་ཉུང་ཉུང་ཡིན་པ་དང་། བོད་ནས་ཡོང་མཁན་ཡང་ཉུང་དུ་ཕྱིན་ཡོད་པ་དང་། འདས་ལོར་མི་གྲངས ༡༠ དང་ད་ལོ ༤ ལས་བསླེབས་མེད་པ་རེད་འདུག ཅེས་གསུངས་སོང་།

ཡང་སྲིད་སྐྱོང་མཆོག་གིས། དེང་གི་ཆར་བོད་ནས་ཡོང་མཁན་ཉུང་དུ་ཕྱིན་ཡོད་པ་དང་། བཙན་བྱོལ་དུ་ཡོད་པའི་བོད་མི་མང་པོ་ཞིག་གནས་སྟངས་སོགས་ཀྱི་དབང་གིས་ནུབ་ཕྱོགས་རྒྱལ་ཁབ་སོགས་སུ་བསྐྱོད་མུས་ཡིན་སྟབས། སློབ་གྲྭ་དང་དགོན་སྡེ་ཁག་ཏུ་བོད་པའི་སློབ་ཕྲུག་ཉུང་དུ་ཕྱིན་ཡོད་པ་མ་ཟད། གཞིས་ཆགས་ཁག་ཏུ་བོད་པའི་ཕྲུ་གུ་སྐྱེས་ཚད་ཇེ་ཉུང་དུ་ཕྱིན་སྟབས། བོད་ཀྱི་སློབ་གྲྭ་དང་དགོན་པ་ཁག་ཏུ་བོད་པའི་གྲྭ་རྒྱུན་ཆད་ཉེན་ཡོད་པ་མ་ཟད། བོད་ཀྱི་ཆོས་རིག་དང་ངོ་བོ་སྲུང་སྐྱོབ་སོགས་ཀྱི་སླད། གཞིས་ཆགས་ཁག་ནས་ཕྱི་རྒྱལ་དུ་ཕེབས་མཁན་གྱི་ས་མིག་དེ་དག་གི་ཁ་སྐོང་ཆེད། བོད་མི་འདུས་སྡོད་ཀྱི་ས་གནས་ཁག་ཏུ་བོད་མི་མངག་གཏོང་གི་ལས་གཞི་སྤེལ་འཆར་དང་། ད་ལན་གྱི་ཚོགས་ཐོག་ཏུ་མཁས་དབང་སོགས་ཀྱི་དགོངས་གཞིར་གཞིགས་ནས་བོད་ཀྱི་མ་འོངས་པའི་ལས་དོན་སོགས་ཀྱི་སླད། འཕྲལ་ཕུགས་ཀྱི་ཐབས་ཇུས་ཚོགས་འདུ་ཞིག་འཚོགས་ནས་བོད་ཀྱི་རིག་གཞུང་དང་འཐབ་རྩོད་རྒྱུན་གནས་ཐུབ་པ་བྱ་རྒྱུ་གལ་ཆེན་པོ་ཡིན་སྐོར་སོགས་གསུངས་སོང་།

དེ་རིང་ཞོགས་པར་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོ་ལགས་དང་། བཙུན་དགོན་སྒྲོལ་མ་གླིང་གི་སློབ་དཔོན་དགེ་བཤེས་མ་བདེ་ལེགས་བཟང་མོ་ལགས། སྐུའི་ན་བཟའ་བ་ཆེན་མོ་བསྟན་འཛིན་ཆོས་དཀར་ལགས་དང་། ནོར་གླིང་བོད་ཀྱི་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་རྟེན་བཞེངས་དགེ་རྒན་ཚེ་བརྟན་དོན་གྲུབ་ལགས། ཀིརྟིའི་བྱེས་པ་གྲྭ་ཚང་གི་རིག་གནས་སློབ་དཔོན་རེ་མདོ་སེངྒེ་ལགས། ཉིན་རྒྱབ་ཏུ་ས་རཱ་བོད་ཀྱི་མཐོ་སློབ་ཀྱི་ལོ་རྒྱུས་སློབ་དཔོན་གཙང་ཕྲུག་སྟོབས་ལགས། ས་རཱ་མཐོ་སློབ་ཀྱི་སློབ་སྤྱི་པ་སངས་ཚེ་རིང་ལགས། སྨན་རྩིས་ཁང་གི་སྐར་རྩིས་པ་ཚེ་རིང་ཆོས་འཛོམས། ནོར་གླིང་མཐོ་སློབ་ཀྱི་སློབ་སྤྱི་སྨན་ཤེར་བློ་གྲོས་ལགས། འཇམ་དབྱངས་བོད་ཀྱི་རིག་གཞུང་ཁང་གི་དྲུང་གཞོན་འགྱུར་མེད་བརྩོན་འགྲུས་ལགས་བཅས་ཀྱིས་གཏམ་བཤད་གནང་གི་ཡོད་པ་རེད།

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

ཆུ་ཚོད་ ༡༨ སྔོན་ལ།
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

ཆུ་ཚོད་ ༢༢ སྔོན་ལ།
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤
TT
Mobile App

ལོ་འཁོར་སྙན་ཐོ་དང་བོད་ནང་གི་ཆོས་དད་རང་དབང་གི་དམིགས་བསལ་སྙན་ཐོ་ཞིག་འདོན་སྤེལ་གནང་སོང་།

༢༠༢༦/༠༦/༠༤
tttt
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཀ་ན་ཊ་ཀའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ། 

༢༠༢༦/༠༦/༠༤
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བོད་ལ་ཕེབས་རྒྱུའི་ཐུགས་རེ་ཡོད། 

༢༠༢༦/༠༦/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese