མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༸གོང་ས་མཆོག་ལ་དྭགས་ཟངས་དཀར་གྲུ་འཛིན་ཕོ་བྲང་དུ་ཞབས་སོ་བདེ་བར་འཁོད།

བོད་ཀྱི་དུས་བབ།
༢༠༢༢/༠༨/༡༡
Share on FacebookShare on TwitterShare on EmailShare on Whatsapp

 

དེ་རིང་༸གོང་ས་མཆོག་གིས་ལ་དྭགས་ཟངས་དཀར་གྲུ་འཛིན་ཕོ་བྲང་ནས་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་མི་མང་གིས་སློབ་གཉེར་ཡག་པོ་བྱས་ཏེ་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི་འགན་ཡོད་པ་མ་ཟད། མ་འོངས་པར་བོད་ཙམ་དུ་མ་ཟད་རྒྱ་ནག་ནང་ལོགས་སུའང་ཁྱབ་སྤེལ་གཏོང་བའི་འགན་དམིགས་བསལ་ཡོད་སྐོར་གསུངས།

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠།༣༠ ཙམ་གྱི་སྟེང་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཐད་འཕུར་གནམ་གྲུ་བརྒྱུད་ལ་དྭགས་ལིང་ཤེད་སྐུ་འབུམ་འོད་འབར་དགོན་ནས་ཟངས་དཀར་གྲུ་འཛིན་ཕོ་བྲང་དུ་ཞབས་སོ་བདེ་བར་འཁོད་གནང་གྲུབ་མཚམས། ཟངས་དཀར་ནང་ཚོགས་དང་དགོན་ཚོགས་གཉིས་ནས་༸མགོན་པོ་གང་ཉིད་མཆོག་ལ་་ལཎྜལ་རྟེན་གསུམ་འདེགས་འབུལ་ཞུས་སོང་། སྐབས་དེར་༸མགོན་པོ་གང་ཉིད་མཆོག་གིས་ཕོ་བྲང་རྙིང་བའི་གསུང་ཆོས་རྭ་བའི་ནང་དུ་བཀའ་སློབ་སྩལ་སྐབས། དེ་རིང་ཟངས་དཀར་ལ་ཡང་བསྐྱར་བསླེབས་པར་དགའ་བོ་ཞེ་དྲགས་བྱུང་། དང་པོ་ངོས་ལ་ཨ་མ་ཞིག་གིས་བུ་ཞིག་དཔང་ལ་འཁྱེར་བསྡད་པ་ཞིག་ཐུག་བྱུང་བ་དང་བུ་དེས་ངོས་ལ་དགའ་པོ་ཞེ་དྲགས་བྱེད་ཀྱི་འདུག རྗེས་ནས་ངོས་ནས་ཨ་མ་དེར་བུ་དྷ་རམ་ས་ལ་མར་གཏང་ན་ཡག་པོ་རེད་ལབ་པ་ཡིན། ཞེས་བཞད་མོ་བཞད། མར་དྷ་སའི་གྲྭ་ཚང་གི་སྒྲིག་ཁོངས་སུ་བཞག་སྟེ། ད་ལྟ་རྐང་གཙོ་བོ་གྲྭ་ཚང་གི་མཁན་རིན་པོ་ཆེས་ལྟ་ཡི་ཡོད་པ་རེད། ཅེས་གསུངས་པ་དང་དགེ་འདུན་པ་ཆུང་ཆུང་དེར་གཟིགས་ནས། ད་ལྟ་འདིར་རང་གི་ཨ་མ་འདུག་གམ། ཨ་མ་འདིར་ཡོད་དམ། གང་ལྟར་ངོས་ཨ་མ་ལགས་སུ་གཅིག་ཐུག་དགོས་ཡོད། སྔོན་མ་ངོས་ལ་དང་པོ་འདིར་ཐུག་པ་རེད། ཅེས་གསུངས།

དེ་ནས་བྱུང་ན་འདིའི་གཡས་གཡོན་གྱི་དགོན་ཁག་ལ་མཆོད་མཇལ་ཞུ་དགོས་ཀྱི་ཡོད་ཀྱང་། གང་ལྟར་ཆོས་དཀོན་མཆོག་ངོ་མ་དེ་སེམས་ནང་ཡོད། ངོས་ལ་འགོག་ལམ་གྱིས་བསྡུས་པའི་ཆོས་དཀོན་མཆོག་གང་ལ་གང་འཚམ་གྱི་ཉམས་མྱོང་ཡོད་པས། ཆོས་དཀོན་མཆོག་ངོ་མ་དེ་རེད། དེ་ནས་དགོན་པ་ཚོར་གཅིག་མཇལ་ཐུབ་ན་ཡག་པོ་རེད་དེ། ཕྱོགས་གཅིག་ནས་དུས་ཚོད་མེད་པ་དང་གཉིས་ནས་ཡར་རྡོག་བཀྱག་ལ་སོགས་འཛེག་པར་པུས་མོར་ཅུང་ཙམ་དཀའ་ངལ་འདུག དེར་བརྟེན་དགོན་པ་ཚོར་མཆོད་མཇལ་དང་གནས་སྐོར་འགྲོ་རྒྱུ་ཕལ་ཆེ་ཁག་པོ་རེད།  ངོས་རང་འདིར་བསྡད་དེ་རྒྱ་ཆེ་མི་མང་ལ་ཕལ་ཆེ་ཉིན་གྲངས་གསུམ་རིང་བཀའ་ཆོས་བྱ་རྒྱུ་བྱས། ངོས་རང་འདིར་ལྷོད་ལྷོད་སྡོད་རྒྱུ་ཡིན། ཤེས་སོང་སམ། ཞེས་གསུངས།

ཡང་༸ཁོང་ཉིད་མཆོག་གིས། ང་ཚོ་བོད་ལ་ཆ་བཞག་ན། དངོས་གནས་དྲང་གནས་ཐོས་བསམ་སྒོམ་གསུམ་གྱི་ཐོག་ནས་དཔལ་ན་ལཎ་ཊའི་ཆོས་བརྒྱུད་འཛིན་སྐྱོང་བྱས་བསྡད་ཡོད་པ་རེད། ད་དེ་བར་སྐབས་ཆབ་སྲིད་ཀྱི་གནས་སྟངས་རྐྱེན་གྱིས། གཙོ་བོ་རྒྱ་ནག་གིས་དེའི་སྟེང་དུ་དམ་དྲག་ཞེ་དྲགས་བྱེད་ཀྱི་ཡོད་རེད་དེ། བོད་རྒྱ་ཆེ་མི་མང་གི་ཆོས་དད་དང་སྙིང་སྟོབས་འགྱུར་བ་མེད་པ་བྱས་ནས་བསྡད་པ་རེད། དེ་རིང་ཁ་སང་རྒྱ་ནག་ནང་ལོགས་སུའང་ནང་ཆོས་ལ་དོ་སྣང་བྱེད་མཁན་ཤུགས་ཆེ་རུ་འགྲོ་ཡི་ཡོད་པའི་ཚོད་འདུག ང་ཚོ་བོད་གངས་ཅན་ལྗོངས་ཀྱི་གངས་ཅན་པ་ཚོས་བོད་ཀྱི་ཆོས་དང་རིག་གཞུང་གི་རྩ་བ་བརྟན་པོ་ཞེ་དྲགས་བཟུང་ནས་བསྡད་ཡོད། ད་བོད་ལ་ཆབ་སྲིད་ཀྱི་གནས་སྟངས་ཐོག་ནས་དཀའ་ངལ་མང་པོ་འཕྲད་བསྡད་ཡོད་དུས། ཁྱེད་རང་ཚོ་ཧི་མ་ལ་ཡའི་རི་རྒྱུད་དུ་ཡོད་པ་ཚོས་སེམས་ཤུགས་སྐྱེས་ནས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱ་རྒྱུ་དེ་ཁྱེད་རང་ཚོའི་ལས་འགན་རེད། ཤེས་སོང་ངམ། ཁྱེད་ཚོ་ཧི་མ་ལ་ཡའི་རི་བརྒྱུད་པར་དང་པོ་ཤེས་ཡོན་བོད་ནས་ཚུར་དར་བ་རེད། བར་སྐབས་བོད་ལ་དཀའ་ངལ་འཕྲད་ཡོད་དུས། ཁྱེད་རང་ཚོས་དངོས་གནས་དྲང་གནས་ཀྱིས་སློབ་སྦྱོང་ཡག་པོ་བྱས་ཏེ། མ་འོངས་པར་བོད་གངས་ཅན་གྱི་ལྗོངས་ཙམ་མ་ཟད། ཀྲུང་ཧྥ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནང་དུའང་ཤིན་ཅང་ལྟ་བུ་ཡིན་ན་ཁ་ཆེ་ཆོས་ལུགས་ཡིན་སྟབས་གནས་ཚུལ་ཁ་ཁ་རེད། གཞན་དེ་མིན་གྱི་རྒྱ་རིགས་ཚོར་ནང་པ་སངས་རྒྱས་པའི་ཆོས་ཁྱབ་སྤེལ་འགྲོ་དང་འགྲོ་བཞིན་པ་རེད། ངོས་ནས་ལབ་ཐུབ་ཀྱི་རེད། ཚན་རིག་དང་མཐུན་པའི་ནང་པ་སངས་རྒྱས་པའི་ལྟ་གྲུབ་ཟབ་མོ་ཡོད་པ་དེ་དག་མ་འོངས་པར་ང་ཚོས་བོད་རྒྱ་ཆེ་མི་མང་ལ་ཕར་སླར་གསོ་བྱ་རྒྱུ་དང་རྒྱ་ནག་ནང་ལོགས་སུའང་ཁྱབ་སྤེལ་འགྲོ་མུས་ཡིན་པ་རེད། ཧི་མ་ལ་ཡའི་རི་རྒྱུད་པ་ཁྱེད་ཚོར་དམིགས་བསལ་གྱི་ལས་འགན་ཞིག་ཡོད་སྟབས། ཚང་མས་ཧུར་ཐག་བྱས་ཤོག ཅེས་གསུངས།

མཛད་འཆར་ལྟར་ན། ༸གོང་ས་མཆོག་ཟངས་དཀར་གྱི་དཔལ་ལྡུམ་གྲུ་འཛིན་ཕོ་བྲང་དུ་ཉིན་གསུམ་རིང་བཀའ་ཆོས་སྩལ་རྒྱུ་དང་ཕྱི་ཚེས་ ༡༤ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༧།༣༠ སྟེང་ཐད་འཕུར་གནམ་གྲུ་བརྒྱུད་རྒྱལ་ས་གླེ་རུ་ཆིབས་བསྒྱུར་བསྐྱང་གཏན་ཁེལ་ཡོད་འདུག

གསར་འགོད་པ་སྐལ་བཟང་སྦྱིན་པས་ལ་དྭགས་ཟངས་དཀར་གྲུ་འཛིན་ཕོ་བྲང་གི་ཉེ་འགྲམ་ནས་སྤེལ།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese