མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གཞུང་གིས་བོད་མི་རྣམས་ལ་བཙན་གྱིས་ངལ་རྩོལ་བྱེད་དུ་འཇུག་གི་ཡོད་པའི་སྙན་ཐོ་བཏོན།

བོད་ཀྱི་དུས་བབ།
༢༠༢༢/༠༨/༡༩
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་བོད་མི་དང་ཡུ་གུར་བ་སོགས་གྲངས་ཉུང་མི་རིགས་རྣམས་ངལ་རྩོལ་བསྒྱུར་བཀོད་ཁང་དུ་བཅུག་སྟེ་བཙན་གྱིས་ངལ་རྩོལ་བྱེད་དུ་འཇུག་བཞིན་ཡོད་པའི་སྙན་ཐོ་ཞིག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྷན་ཚོགས་ཐོག་འཁུར་གྱི་ཡོད་འདུག

Residents line up inside a vocational training center in Artux, in western China’s Xinjiang region, Dec. 3, 2018. Critics say China uses some of these facilities as detention camps for forced labor.

འདི་ལོའི་ཕྱི་ཟླ་ ༩ ཚེས་ ༡༢ ནས་ ༡༠ ཚེས་ ༧ ཉིན་བར་ཇེ་ནི་ཝ་རུ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༥༡ པ་དེ་འཚོག་རྒྱུ་ཡིན་པ་ལྟར།  ཟླ་འདིའི་ཕྱི་ཚེས ༡༦ ཉིན་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་སྐུ་ཞབས་ཀྲོ་མོ་ཡ་( Tomoya  Obakaata ) ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་དང་ཡུ་གུར། ཀར་ཛཱག་སོགས་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ཁག་ཏུ་ངལ་རྩོལ་བསྒྱུར་བཀོད་ཁང་སོགས་བཙུགས་ཏེ། གྲངས་ཉུང་མི་རིགས་རྣམས་ལ་བྲན་གཡོག་བཞིན་ངལ་རྩོལ་བཙན་གྱིས་བྱེད་དུ་འཇུག་གི་ཡོད་པའི་ཤོག་ངོས་ ༢༠ ཅན་གྱི་སྙན་ཐོ་ཞིག་འདོན་སྤེལ་གནང་ཡོད་པ་དང་། སྙན་ཐོ་དེ་ལྷན་ཚོགས་ཀྱི་དཔྱད་གཞི་རུ་འཁུར་གྱི་ཡོད་འདུག

སྙན་ཐོ་དེའི་ནང་རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་བོད་ཀྱི་རོང་འབྲོག་མང་ཚོགས་རྣམས་བཙན་གྱིས་གནས་སྤོར་བྱེད་དུ་བཅུག་སྟེ། ལག་རྩལ་སོགས་ཞན་པའི་རོང་འབྲོག་མང་ཚོགས་ལ་གླ་ཆ་ཉུང་ཉུང་རེ་སྤྲད་དེ། ངལ་རྩོལ་ཁང་དུ་འགྲོ་འདུག་སྤྱོད་གསུམ་ལ་ལྟ་རྟོག་ནན་པོ་བྱས་ཏེ་བྲན་གཡོག་བཞིན་ངལ་རྩོལ་བྱེད་དུ་འཇུག་གི་ཡོད་སྐོར་སོགས་བརྗོད་འདུག

ཡང་སྙན་ཐོ་དེའི་ནང་། རྒྱ་ནག་གཞུང་གིས་བཙན་གྱིས་གྲངས་ཉུང་མི་རིགས་རྣམས་དང་། ཐ་ན་བྱིས་པ་ཚོ་ལའང་ངལ་རྩོལ་བྱེད་དུ་འཇུག་གི་ཡོད་པ་མ་ཟད། བྱིས་པ་དང་ན་གཞོན་ཚོ་བཙན་གྱིས་མི་རིགས་མཉམ་བསྲེས་ཀྱི་སྲིད་ཇུས་འོག་ནས་གཉེན་སྒྲིག་བྱེད་དུ་འཇུག་གི་ཡོད་པ་དང་། དེ་བཞིན་ངལ་རྩོལ་བ་ཚོར་བརྙན་མིག་སོགས་ནས་ལྟ་ཞིབ་ནན་པོ་དང་། དྲ་ལམ་བཀོལ་སྤྱོད་བྱེད་པར་དམ་དྲག བཙན་གཡེམ་རྩུབ་སྤྱོད་སོགས་ཚུད་པའི་མི་ཆོས་ལས་འདས་པའི་བཙན་གནོན་བྱེད་མུས་ཡིན་པ་དང་། ལྷག་པར་དུ་ཡུ་གུར་གྱི་ངལ་རྩོལ་བ་རྣམས་ལ་ཚད་ལས་འདས་པའི་བཙན་གནོན་བྱས་ཏེ། ཉེས་མེད་འཛིན་བཟུང་བྱས་ཏེ་ངལ་རྩོལ་དུ་བཀོལ་བ་དང་མི་ཚོང་རྒྱག་པ་སོགས་ཡོང་གི་ཡོད་སྐོར་བརྗོད་འདུག

ཟླ་འདིའི་ཕྱི་ཚེས ༡༧ ཉིན་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཝང་ཝིན་པེན་ (Wang Wenbin) གྱིས་གསར་འགོད་གསལ་བསྒྲགས་སྟེང་། རྒྱ་ནག་གིས་གྲངས་ཉུང་མི་རིགས་རྣམས་ལ་ངལ་རྩོལ་བྱེད་དུ་འཇུག་གི་ཡོད་པའི་གནས་ཚུལ་དེ་ནི། རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་དང་། ཨ་རི་ཚུད་པའི་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་རྫུན་གཏམ་དྲིལ་བསྒྲགས་བྱས་པ་ཁོ་ན་རེད། རྒྱ་ནག་གཞུང་གིས་ལས་མི་དེ་དག་གི་ཁེ་ཕན་གྱི་ཆེད་དུ་ཐོབ་ཐང་ལ་བརྩི་འཇོག་དང་སྲུང་སྐྱོབ་བྱེད་ཀྱི་ཡོད། ང་ཚོས་དཔལ་འབྱོར་དང་ཚོང་ལས་སུ་མཉམ་ཞུགས་བྱས་པའི་ལས་མི་ཚང་མར་གཅིག་མཚུངས་ཀྱི་ལྟ་ཚུལ་འཛིན་གྱི་ཡོད་སྟབས། དམིགས་གསལ་སྐུ་ཚབ་ཀྱིས་སྙན་ཐོ་ཕྱིར་འཐེན་དང་། རྫུན་གཏམ་དྲིལ་བསྒྲགས་བྱེད་མཚམས་གཞག་དགོས་ལུགས་ཀྱི་ཉེན་བརྡ་བཏང་ཡོད་འདུག

རྒྱ་ནག་གཞུང་གིས་ཡུ་གུར་གཙོ་བོར་གྱུར་བའི་གྲངས་ཉུང་མི་རིགས་ཀྱི་ས་གནས་ཁག་ཏུ་ངལ་རྩོལ་བསྒྱུར་བཀོད་ཁང་སོགས་བཙུགས་ཏེ། གྲངས་ཉུང་མི་རིགས་རྣམས་ལ་དྲག་གནོན་ཤུགས་ཆེན་བྱེད་ཀྱི་ཡོད་པ་ལྟར། འདི་ལོའི་ཕྱི་ཟླ་ ༡ ནང་ཨ་རིས་རྒྱ་ནག་གཞུང་གི་ངལ་རྩོལ་བསྒྱུར་བཀོད་ཀྱི་ལས་གཞིའི་འོག་ནས་ཕྱིར་ཚོང་བྱས་པའི་ལྡུམ་སྒོང་དམར་པོ་ (tomato) དང་ཤིན་ཅང་ནས་བཟོ་སྐྲུན་བྱས་པའི་སྲིན་བལ་ ( cotton )གྱི་ཐོན་རྫས་ཉོ་མཚམས་བཞག་ཡོད་འདུག་ལ། འདས་ལོའི་ཕྱི་ཟླ་ ༡༢ ཚེས་ ༡༧ ཉིན་ཨ་རིའི་གྲོས་ཚོགས་གོང་མའི་ནང་ཡུ་གུར་ངལ་རྩོལ་སྲུང་སྐྱོབ་ཅེས་པའི་གྲོས་གཞི་དེར་མང་མོས་རྒྱབ་སྐྱོར་ཐོབ་ཡོད་པ་དང་། ཕྱི་ཟླ ༡༢ ཚེས་ ༢༣ ཉིན་སྲིད་འཛིན་བྷའེ་ཌིན་མཆོག་གིས་ཁྲིམས་གཞི་དེར་མཚན་རྟགས་བསྐྱོན་ཡོད་ནའང་། ད་ལྟ་བར་དུ་དངོས་སུ་གྲོས་ཆོད་ནང་གསལ་ལྟར་ལག་བསྟར་ཐུབ་མེད་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

མངའ་རིས་ས་ཁུལ་ཁག་ཏུ་ཁ་བ་བབས་པའི་རྣམ་པ། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

བོད་མངའ་རིས་ས་ཁུལ་ཡོངས་སུ་གངས་ཀྱི་གནོད་སྐྱོན་ཐེབས།

ཆུ་ཚོད་ ༡༡ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དཔའ་བོ་རི་ཆར་ཌི་མོར་སོགས་སུ་མཇལ་ཁ་བསྩལ།

ཆུ་ཚོད་ ༡༡ སྔོན་ལ།
Advertisement for App

གསར་འགོད་པའི་ས་མིག

ཆུ་ཚོད་ ༡༣ སྔོན་ལ།
Wanying “Heather” Zhang. United States Attorney’s Office Central District of California
Mobile App

ཨ་རིས་རྒྱ་ནག་གི་གསང་ཉུལ་བའི་དོགས་ཡོད་ཅིག་འཛིན་བཟུང་བྱས།

ཆུ་ཚོད་ ༡༥ སྔོན་ལ།
Mobile App

བོད་ཀྱི་སློབ་གསོ་སྨྲ་བ་ས་ཡུལ་ཁྲོ་བོ་རྒྱལ་མཚན་ལགས་འདས་གྲོངས་ཕྱིན།

༢༠༢༦/༡༠/༠༣
ཨོ་གླིང་དང་བླངས་བོད་དོན་ཞུ་གཏུག་རུ་ཁག་གི་ལེའུ་རིམ་གསལ་བསྒྲགས།
Mobile App

བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་ཐད་མཁས་པའི་གཏམ་བཤད་འཚོགས།

༢༠༢༦/༡༠/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese