མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆར་ཞོད་ཆེ་བའི་རྐྱེན་གྱིས་དྷ་ས་ཁུལ་དུ་གཞུང་ལམ་ཆད་དེ་དཀའ་ངལ་འཕྲད་བཞིན་འདུག

བོད་ཀྱི་དུས་བབ།
༢༠༢༢/༠༨/༡༩
Share on FacebookShare on TwitterShare on EmailShare on Whatsapp

འདས་པའི་ཉིན་ཤས་རིང་དྷ་རམ་ས་ལ་ཁུལ་དུ་བསྟུད་མར་ཆར་པ་ཆེན་པོ་འབབ་པའི་རྐྱེན་གྱིས་མདང་དགོང་དྷ་ཤོད་ནས་གངས་ཅན་སྐྱིད་གཤོངས་དང་མེག་གྷན་དུ་འགྲོ་སའི་གཞུང་ལམ་ཆད་དེ་རྒྱང་སྐོར་བྱས་ནས་འགྲོ་དགོས་པ་སོགས་འགྲོ་སྐྱོད་ལ་དཀའ་ངལ་འཕྲད་བཞིན་འདུག

དྷ་ས་ཁུལ་གྱི་གཞུང་ལམ་ལ་ཆར་ཆུས་གནོད་སྐྱོན་ཐེབས་པ། ༢༠༢༢།༠༨།༡༩

ཉིན་ཤས་གོང་ནས་བཟུང་དྷ་ཤོད་ནས་གངས་སྐྱིད་དུ་འགྲོ་སའི་ཝེ་ཇི་ཕ་ལི་སི་ (Vijay palace hotel ) ཉེ་འགྲམ་གྱི་གཞུང་ལམ་ཕྱེད་ཀར་གས་ཆག་ཤོར་ཡོད་སྟབས། ལམ་ལས་པ་ཁག་ཅིག་གིས་གས་ཆག་ནང་ཨར་འདམ་བླུགས་ཏེ་ཁ་གསབ་ཙམ་བྱས་ཡོད་ཀྱང་། མདང་དགོང་ཆར་ཞོད་ཀྱིས་གཞུང་ལམ་རྦད་དེ་བརྡིབས་ཡོད་པ་དང་། འདམ་རྙོག་དང་རྡོ་རུད་རྣམས་གྷམ་རུ་གྲོང་སྡེའི་སུམ་མདོ་(Kirpu Moud)  ནས་རྡ་ཤོད་བར་དུ་ཁེངས་པར་བརྟེན། དེ་རིང་ཞོགས་པར་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་སོགས་ཀྱི་སློབ་མ་བསུ་ལེན་དང་ལས་བྱེད་རྣམས་ལས་ཞུགས། དེ་བཞིན་སྔོ་ཚལ་སྐྱེལ་འདྲེན་རླངས་འཁོར་སོགས་འགྲོ་སྐྱོད་བྱེད་པར་དཀའ་ངལ་འཕྲད་དེ་རྒྱང་སྐོར་བྱས་ནས་འགྲོ་དགོས་བྱུང་འདུག

དྷ་ས་གཡས་གཡོན་གྱི་འགྲོ་ལམ་གཞན་དུའང་འགྲོ་སྐྱོད་བྱེད་པར་དཀའ་ངལ་འཕྲད་ཀྱི་ཡོད་པའི་གནས་ཚུལ་གོ་ཐོས་བྱུང་སྟབས། འདི་གའི་གསར་འགོད་པས་དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར་ལགས་སུ་དྷ་ས་ཁུལ་གྱི་ས་རུད་ཆུ་ལོག་གི་དཀའ་ངལ་ག་འདྲ་ཆགས་ཡོད་མེད་དྲིས་པར་ཁོང་གིས། ད་ལྟ་སྨན་རྩིས་ཁང་གི་འོག་ཏུ་ས་ཤུགས་ཆེན་པོ་ཉུལ་བ་དང་། ལམ་འཕྲོ་བརླག་འགྲོ་བསྡད་ཡོད་རེད། གནས་དོན་དེ་མདང་དགོང་བྱུང་བ་རེད། ས་ཉུལ་བ་དང་ལམ་འགག་པའི་བརྙན་རིས་མང་པོ་ཞིག་དྲ་ལམ་བརྒྱུད་ནས་འགྲེམས་སྤེལ་བྱེད་ཀྱི་ཡོད་དུས། ས་གནས་རྫོང་དཔོན་ལས་ཁུངས་(DC)སོགས་ཀྱིས་མ་མཁྱེན་པ་རྩ་བ་ནས་ཡོད་མ་རེད། ང་ལ་དེ་རིང་ཞོགས་པ་ཆུ་ཚོད་༧ ཙམ་ལ་བརྙན་ཐུང་དེ་འདྲ་ཞིག་འབྱོར་བྱུང་བས། དྷ་ས་ས་གནས་མགོ་འཛིན་གྱི་ངོས་ནས་རྫོང་དཔོན་གྱི་སྒེར་དྲུང་གི་(whatapp)ནང་བཏང་བ་ཡིན་ལ། ཡར་སྙན་སེང་ཞུས་ཟིན་པའི་བརྡ་ལན་འབྱོར་བྱུང་། དེ་མིན་ས་གནས་མགོ་འཛིན་ནས་ལམ་འགག་པ་དང་ཆད་པ་སོགས་བཟོ་ཆོག་ཆོག་དང་མི་གཏང་ཆོག་ཆོག་ཅིག་རྩ་བ་ནས་ཡོད་མ་རེད་ལ། ང་ཚོས་འགན་ཞིག་ཁུར་བ་ཡིན་ཡང་། ལམ་སེང་བཟོ་ཆོག་ཆོག་གི་གནས་སྟངས་དེ་འདྲ་ཞིག་ཡོད་མ་རེད། ཡིན་ཡང་། ས་གནས་མགོ་འཛིན་གྱིས་འགན་འཁྱེར་བའི་ཐོག་ནས་གོང་གི་འགན་འཛིན་དང་དབང་ཆ་ཡོད་མཁན་རྣམས་ལ་ད་ལྟ་བར་དུ་ཡར་ཞུ་གཏུགས་བྱས་ཡོད་ལ། མ་འོངས་པ་ཡང་ས་གནས་མི་མང་གི་དཀའ་ངལ་རྣམས་གོང་རིམ་ལ་ཞུ་ཡི་ཡིན། ཞེས་བརྗོད་བྱུང་།

ཕྱི་ཟླ་ ༨ ཚེས་ ༤ ཉིན་གངས་སྐྱིད་ནས་མེག་གྷན་དུ་འགྲོ་བའི་གཞུང་ལམ་དུ་ས་ཉུལ་བྱུང་བ།

ཉེ་སྔོན་ཕྱི་ཟླ་ ༨ ཚེས་ ༤ ཉིན་གྱི་མཚན་མོར་གངས་སྐྱིད་ནས་མེག་གྷན་དུ་འགྲོ་བའི་གཞུང་ལམ་བརྒྱུད་དུ་ས་རུད་བྱུང་སྟེ་ཕ་བོང་ཆེན་པོ་ཞིག་གཞུང་ལམ་ཐོག་ཟགས་ནས་ད་ལྟའང་ལྷག་བསྡད་ཡོད་སྟབས། ཕ་བོང་ཆེན་པོ་དེ་གཙང་བཟོ་མ་བྱས་ཚེ་གཤམ་འོག་ཏུ་ཡོད་པའི་བཀའ་ཤག་ལས་ཁུངས་དང་ལས་ཤག ཡུལ་མིའི་སྡོད་ཁང་སོགས་ལ་གནོད་སྐྱོན་ཐེབས་ཉེན་ཡོད་པ་རེད། དེའི་ཐད་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར་ལགས་ཀྱིས། དྷ་ས་ཁུལ་དུ་ཉིན་ཤས་གོང་ནས་ཆར་ཞོད་ཆེ་བའི་རྐྱེན་པས་གངས་སྐྱིད་ཀྱི་ཕེབས་ལམ་ནས་ས་སོགས་ཉུལ་ནས་ད་ལྟའང་རྡོ་ཆེན་པོ་ཞིག་ཟགས་གྲབས་ཡོད་རེད། འོན་ཀྱང་། མིའི་སྲོག་ལ་དཀའ་ངལ་ཆེན་པོ་དེ་འདྲ་གང་ཡང་བྱུང་ཡོད་མ་རེད་དེ། རླངས་འཁོར་ཟགས་པའི་གནས་སྟངས་དེ་འདྲ་བྱུང་རེད། བྱས་ཙང་ས་གནས་མགོ་འཛིན་ལས་ཁུངས་ནས་ས་གནས་རྫོང་དཔོན་ལས་ཁུངས་(DC)སོགས་རྒྱ་གར་གྱི་འབྲེལ་ཡོད་ཀྱི་ལས་ཁུངས་སུ་ཡར་ཞུ་བྱས་ཡོད། དེ་བཞིན་ཁ་སང་(DC)ལས་ཁུངས་སུ་ཉེ་ལམ་རི་ཉུལ་ནས་རྡོ་ཟགས་པ་དང་ལམ་འགག་པའི་གན ད་དོན་དེར་གཙང་བཟོ་དང་མཇུག་སྐྱོང་ཡག་པོ་བྱ་དགོས་པའི་འབོད་སྐུལ་ཞིག་ཡིག་ཐོག་ནས་ཕུལ་བ་བཞིན་སྙན་སེང་ཞུས་ཟིན་པའི་བརྡ་ལན་འབྱོར་སོང་། ཞེས་བརྗོད་བྱུང་།

ལོ་རེའི་ཕྱི་ཟླ་ ༧ པ་ཙམ་ནས་ཟླ་ ༣ ཡས་མས་རིང་རྒྱ་གར་གྱི་མངའ་སྡེ་ཁག་མང་པོ་དང་ལྷག་པར་དུ་བྱང་ཤར་རི་རྒྱུད་ཁུལ་དུ་ཡོད་པའི་མངའ་སྡེ་ཁག་གི་ནང་དུ་ཆར་ཞོད་ཆེ་བའི་རྐྱེན་གྱིས། ཆུ་ལོག་ས་རུད་ཀྱིས་མི་རྒྱུ་གཉིས་ལ་གནོད་འཚེ་ཆེན་པོ་ཕོག་གི་ཡོད་པ་རེད། ཉེ་སྔོན་རྒྱ་གར་གྱི་བྱང་ཤར་མངའ་སྡེ་ཨ་སམ་གཙོ་བྱས་པའི་མཱ་གྷ་ལ་ཡ་དང་ཨ་རུ་ན་ཅལ། ཀར་ན་ཌ་ཀ་སོགས་སུ་ཆར་ཞོད་ཀྱིས་གནོད་སྐྱོན་ཆེན་པོ་ཐེབས་ཡོད་པ་རེད།

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

ཆུ་ཚོད་ ༡༧ སྔོན་ལ།
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

ཆུ་ཚོད་ ༢༡ སྔོན་ལ།
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤
TT
Mobile App

ལོ་འཁོར་སྙན་ཐོ་དང་བོད་ནང་གི་ཆོས་དད་རང་དབང་གི་དམིགས་བསལ་སྙན་ཐོ་ཞིག་འདོན་སྤེལ་གནང་སོང་།

༢༠༢༦/༠༦/༠༤
tttt
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཀ་ན་ཊ་ཀའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ། 

༢༠༢༦/༠༦/༠༤
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བོད་ལ་ཕེབས་རྒྱུའི་ཐུགས་རེ་ཡོད། 

༢༠༢༦/༠༦/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese