མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རིགས་བུ་མོ་གཉིས་ལ་གསེར་གྱི་རྟགས་མ་ཐོབ།

བོད་ཀྱི་དུས་བབ།
༢༠༢༢/༠༨/༢༩
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་གྱི་ཧྥི་ལོ་མི་ན ( St. Philomena) མཐོ་སློབ་ཏུ་ཚོང་རིག་ཐོག་གཙུག་ལག་རབ་འབྱམས་པ་ཐོན་མཁན་བོད་རིགས་བུ་མོ་བརྩོན་འགྲུས་བཟང་མོ་ལགས་དང་དབྱིན་ཡིག་ཆེད་སྦྱོང་གི་གཙུག་ལག་རབ་འབྱམས་པ་ཐོན་མཁན་བདེ་སྐྱིད་བཟང་མོ་ལགས་གཉིས་ལ་གསེར་གྱི་རྟགས་མ་ཐོབ་ཡོད་འདུག

རྒྱ་གར་གྱི་ཧྥི་ལོ་མི་ན ( St. Philomena) མཐོ་སློབ་ནས་གསེར་གྱི་གཟེངས་རྟགས་ཐོབ་པའི་བུ་མོ་བདེ་སྐྱིད་བཟང་མོ་དང་བརྩོན་འགྲུས་བཟང་མོ་གཉིས།

 ཟླ་འདིའི་ཕྱི་ཚེས ༢༧ ཉིན་ཧྥི་ལོ་མི་ན་མཐོ་སློབ་ཀྱི་རྒྱུགས་འབྲས་གཟེངས་བསྟོད་བྱ་དགའ་སྤྲོད་པའི་མཛད་སྒོ་འཚོགས་ཡོད་པ་དང་། སྐབས་དེར་མཐོ་སློབ་དེར་ལོ་ངོ་གཉིས་རིང་ཚོང་རིགས་ཐོག་གཙུག་ལག་རབ་འབྱམས་པའི་སློབ་གཉེར་བྱེད་མཁན་བོད་རིགས་བུ་མོ་བརྩོན་འགྲུས་བཟང་མོ་ལགས་དང་།  དབྱིན་ཡིག་ཆེད་སྦྱོང་གཙུག་ལག་རབ་འབྱམས་པའི་སློབ་ཐོན་པ་བདེ་སྐྱིད་བཟང་མོ་ལགས་སུའང་གསེར་གྱི་གཟེངས་རྟགས་ཐོབ་ཡོད་འདུག

འདི་གའི་གསར་འགོད་པར་བརྩོན་འགྲུས་བཟང་མོ་ལགས་ཀྱིས། ཆུང་དུས་ནས་ཁོང་མོས་ནུས་པ་ཅི་ཡོད་ཀྱིས་སློབ་སྦྱོང་ལ་ཧུར་ཐག་བྱས་ཏེ། ད་ལྟ་གཡུར་དུ་ཟ་བའི་འབྲས་བུ་སྨིན་དུས། དགའ་ཚོར་ཆེན་པོ་བྱུང་བ་དང་། གྲུབ་འབྲས་ཡག་པོ་བླངས་པ་དེར་ཕ་མ་དང་གཉེན་ཉེ་སོགས་ཀྱིས་བསྔགས་བརྗོད་ཐོབ་ཡོད་སྟབས། སོ་སོའི་མི་ཚེའི་ཆེས་དོན་སྙིང་ལྡན་པའི་བྱ་བ་ཞིག་འགྲུབ་སོང་བསམ་པའི་ཚོར་བ་བྱུང་ལ། དེ་ནི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་ཁོང་མོའི་ཕ་མ་དང་སྤུན་མཆེད་རྣམས་ཀྱིས་ལམ་སྟོན་དང་རྒྱབ་སྐྱོར་ཁོ་ན་ལས་བྱུང་བ་ཡིན་པས། ཁོང་རྣམས་ནི་བཀྲིན་ཆེན་པོ་ཡིན་སྐོར་བརྗོད་བྱུང་།

བདེ་སྐྱིད་བཟང་མོ་ལགས་ཀྱིས་ཡིག་ཐོག་ནས། རིམས་ནད་ཀྱི་དཀའ་ཁག་ཡོད་པའི་དུས་ཚོད་གཉན་ཕྲང་ཅན་གྱི་སྐབས་སུ་སློབ་སྦྱོང་བྱ་རྒྱུ་དེ་ལས་སླ་པོ་ཞིག་མིན་ཡང་། གྲུབ་འབྲས་མཐོ་བོ་བླངས་ནས་གསེར་གྱི་གཟེངས་རྟགས་ཐོབ་པར་རང་ཉིད་ལའང་སྤོབས་སེམས་ཡོད་ཀྱང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཕྱག་སྟོན་སོགས་མེད་ཚེ། འདི་ལྟ་བུའི་འབྲས་བཟང་ཞིག་གཏན་ནས་སྨིན་ཐབས་མེད་པས་ཁོང་གི་བཀའ་དྲིན་རྗེས་སུ་དྲན་བཞིན་ཡོད་སྐོར་བརྗོད་བྱུང་།

བརྩོན་འགྲུས་བཟང་མོ་ལགས་ནི་ལ་དྭགས་སུ་སྐྱེས་ཤིང་། ལ་དྭགས་དང་དྷ་སྟེང་བོད་ཁྱིམ་སློབ་གྲྭར་གཞི་རིམ་གྱི་སློབ་གཉེར་བྱས། ༢༠༡༩ ལོར་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་ནས་ཚོང་རིགས་རིག་གནས་རབ་འབྱམས་པའི་ལག་ཁྱེར་ཐོབ། ༢༠༢༡ ལོའི་ཕྱི་ཟླ་ ༨ པར་ཧྥི་ལོ་མི་ན་མཐོ་རིམ་སློབ་གཉེར་ཁང་ནས་གཙུག་ལག་རབ་འབྱམས་པའི་སློབ་མཐར་ཕྱིན་ཏེ། ད་ལྟ་དབུས་སྨན་རྩིས་ཁང་དུ་རྩིས་པའི་ལས་ཀ་གཉེར་མུས་ཡིན་པ་རེད།

བདེ་སྐྱིད་བཟང་མོ་ལགས་ནི་མོན་གྷོ་གཞིས་ཆགས་སུ་སྐྱེས་འཚར་བྱུང་ཞིང་། མོན་གྷོ་སམ་བྷོ་ཊ་ནས་གཞི་རིམ་གྱི་སློབ་གཉེར་གནང་། དེ་ནས་ལྡི་ལིར་རྟེན་གཞི་བྱས་པའི་ (Indraprastha) བུད་མེད་མཐོ་སློབ་ནས་ཉེ་བའི་གཙུག་ལག་རབ་འབྱམས་པའི་ལག་ཁྱེར་བླངས། ༢༠༢༡ ལོའི་ཕྱི་ཟླ་ ༨ པར་ཧྥི་ལོ་མི་ན་མཐོ་རིམ་སློབ་གཉེར་ཁང་ནས་གཙུག་ལག་རབ་འབྱམས་པའི་སློབ་མཐར་ཕྱིན་ཏེ་ཕུལ་བྱུང་སློབ་མའི་གསེར་གྱི་གཟེངས་རྟགས་ཐོབ།

 གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

ཆུ་ཚོད་ ༣ སྔོན་ལ།
མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese