མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཐའེ་ཝན་གྱིས་རྒྱ་ནག་ལ་རྒོལ་ལན་ཐེངས་དང་པོ་བསློགས།

བོད་ཀྱི་དུས་བབ།
༢༠༢༢/༠༨/༣༡
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ནེན་སི་པེ་ལོ་སི་མཆོག་ཐའེ་ཝན་དུ་གཞུང་འབྲེལ་འཚམས་གཟིགས་ཕེབས་རྗེས། ཐའེ་ཝན་གྱི་མཐའ་སྲུང་དམག་མིས་རྒྱ་ནག་གཞུང་ལ་རྒོལ་ལན་ཐེངས་དང་པོ་བསློགས་འདུག                                                                           Kinmen is a group of islands just kilometres away from mainland China

ཉེ་ལམ་ཨ་རིའི་གྲོས་ཚོགས་འོག་མའི་ལྕམ་སྐུ་ནེན་སི་པེ་ལོ་སི་མཆོག་དང་ཨ་རིའི་གཞུང་ཚབ་མི་སྣ་ཁག་ཐའེ་ཝན་དུ་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་ནས། ཐའེ་ཝན་གྱི་སྲིད་འཛིན་ཚའེ་དབྱིང་ཝན་མཆོག་དང་མཇའ་འཕྲད་བྱས་པར་བརྟེན། རྒྱ་ནག་གཞུང་གིས་ཐའེ་ཝན་གྱི་མཚོ་འགག་ཁུལ་དུ་ས་མཚོ་གནམ་གསུམ་གྱི་དམག་མིས་དྲག་པོའི་སྟོབས་ཤུགས་ལན་མང་ངོམས་ནས། ཐའེ་ཝན་གཞུང་མང་གཉིས་སུ་འཇིགས་སྐུལ་ཡང་ཡང་བྱེད་ཀྱི་ཡོད་པ་ལྟར། དེ་རིང་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ཕྱི་ཚེས་ ༣༠ ཉིན་རྒྱ་ནག་གཞུང་གིས་ཐའེ་ཝན་གྱི་བདེ་སྲུང་འོག་ཏུ་ཡོད་པའི་མཁའ་དབྱིངས་སུ་མཁའ་དབྱིངས་ལྟ་ཞིབ་བརྙན་ཆས་ (Drone) གསུམ་མངག་གཏོང་བྱས་ཏེ། ཐའེ་ཝན་གཞུང་གི་བདེ་སྲུང་སོགས་སུ་སོ་ཉུལ་བྱས་པར་བརྟེན། ཐའེ་ཝན་གཞུང་གིས་རྒྱ་ནག་གི་ཚུལ་མཐུན་མིན་པའི་བྱ་སྤྱོད་ལ་སྐྱོན་བརྗོད་ནན་མོ་བྱས་ཏེ། རྒྱ་གཞུང་གིས་མངག་གཏོང་བྱས་པའི་མཁའ་དབྱིངས་ལྟ་ཞིབ་བརྙན་ཆས་དེ་དག་ལ་མེ་མདའ་འཕངས་ནས་རྒོལ་ལན་སློག་ཡོད་འདུག་ལ། དེ་ནི་ཐའེ་ཝན་ནས་རྒྱ་ནག་གཞུང་གི་འཇིགས་སྐུལ་ལ་ཚད་མཐོ་བོའི་ཐོག་ནས་རྒོལ་ལན་སློག་པ་ཐེངས་དང་པོར་གྱུར་ཡོད་འདུག

དེའི་ཐད་ཐའེ་ཝན་གྱི་སྲིད་འཛིན་ལྕམ་ཚའེ་དབྱིང་ཝན་མཆོག་གིས། ཁོང་མོས་ད་ལན་རྒྱ་ནག་གཞུང་གིས་ཐའེ་ཝན་གྱི་བདེ་སྲུང་མཁའ་དབྱིངས་སུ་མཁའ་དབྱིངས་ལྟ་ཞིབ་བརྙན་ཆས་མངག་གཏོང་བྱས་ཏེ། རྒྱ་ནག་གཞུང་གི་དྲག་པོའི་འཇིགས་སྐུལ་བྱས་པར། ཐའེ་ཝན་གཞུང་གིས་ཚད་རིམ་མཐོ་བོའི་ཐོག་ནས་དམག་དོན་གྱི་རྒོལ་ལན་སློག་པར་སྐུལ་མ་བྱས་ཡོད་པ་མ་ཟད། ཐའེ་ཝན་གཞུང་གིས་རྩོད་རྙོག་གང་ཡང་སློང་འདོད་མེད་པར་རང་ཉིད་ཀྱི་རྒྱལ་ཁོངས་སྟངས་འཛིན་བྱས་ནས་སྡོད་ཀྱི་ཡོད་ཀྱང་། དེས་ཐའེ་ཝན་གཞུང་ནས་རྒྱ་ནག་གཞུང་གི་འཇིགས་སྐུལ་ལ་རྒོལ་ལན་སློག་མི་སྲིད་པ་ཞིག་གཏན་ནས་མིན་སྐོར་དང་། ཡང་ཐའེ་ཝན་བདེ་སྲུང་བློན་ཆེན་ལས་ཁུངས་ཀྱིས།  འདས་པའི་བདུན་ཕྲག་ཁ་ཤས་རིང་རྒྱ་ནག་གཞུང་གིས་མངག་གཏོང་བྱས་པའི་མཁའ་དབྱིངས་ལྟ་ཞིབ་བརྙན་ཆས་དེ་དག་གིས་ཐའེ་ཝན་གྱི་བདེ་སྲུང་འོག་ཏུ་ཡོད་པའི་མཁའ་དབྱིངས་ཀྱི་ཉེ་འདབས་སུ་འཕུར་སྐྱོད་བྱས་ཡོད་སྟབས། ཐའེ་ཝན་གྱིས་དྲག་རྒོལ་བྱས་རྗེས་རྒྱ་ནག་ཏུ་ཕྱིར་ལོག་བྱས་ཡོད་སྐོར་འགྲེལ་བརྗོད་བྱས་ཡོད་འདུག

རྒྱ་ནག་གཞུང་གིས་ཐའེ་ཝན་གྱི་ལྷོ་ཤར་མཁའ་དབྱིངས་སུ་སྔ་གཞུག་ཐེངས་གཉིས་ཙམ་ལ་མཁའ་དབྱིངས་ལྟ་ཞིབ་བརྙན་ཆས་མངག་གཏོང་བྱས་ཡོད་སྟབས། ཐའེ་ཝན་གྱི་མཐའ་སྲུང་དམག་མིས་བརྙན་ཆས་དེ་ལ་མེ་མདའ་འཕངས་ནས་དེའི་བརྙན་མིག་སོགས་བཅག་རྗེས།  བརྙན་ཆས་དེ་དག་ཐའེ་ཝན་གྱི་མཚོ་འགག་ལས་བརྒལ་ནས། རྒྱ་ནག་གི་ལྷོ་ཤར་ཁུལ་གྱི་ཤཱ་མན་ (Xiamen) ཕྱོགས་སུ་འཕུར་སྐྱོད་བྱས་ཡོད་ཀྱང་། ཐའེ་ཝན་དམག་དཔུང་གིས་མུ་མཐུད་དུ་མཐའ་མཚམས་འགོག་སྲུང་བྱས་ཏེ། རྒྱ་ནག་གི་དྲག་པོའི་དཔུང་ཤུགས་ངོམས་པར་རྒོལ་ལན་བསློག་རྒྱུའི་གྲ་སྒྲིག་བྱེད་མུས་ཡིན་ཡང་། རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཀྲོ་ལི་ཅན་ (Zhao Lijian) གྱིས། རྒྱ་ནག་གཞུང་གིས་མཁའ་དབྱིངས་ལྟ་ཞིབ་བརྙན་ཆས་དེ་དག་རྒྱ་ནག་གི་རང་སྐྱོང་ས་ཁུལ་གྱི་མཁའ་དབྱིངས་སུ་མངག་གཏོང་བྱས་ཡོད་སྟབས། དེར་ཧང་སངས་དགོས་དོན་གཏན་ནས་མེད་ལུགས་བཤད་ཡོད་འདུག

གཞན་ཡང་། ཨ་རིས་ཐའེ་ཝན་གྱི་བདེ་སྲུང་དང་རྒྱ་ནག་གཞུང་གིས་ཐའེ་ཝན་ལ་སུན་གཙེར་ཡང་ཡང་བཟོ་མུས་ཡིན་པར་འགོག་རྒོལ་བྱ་རྒྱུར་རོགས་འདེགས་བྱེད་ཀྱིན་ཡོད་པ་ལྟར། བྷའེ་ཌིན་སྲིད་གཞུང་གིས་ཐའེ་ཝན་གྱི་མཐའ་མཚམས་འགོག་སྲུང་དང་དམག་ཆས་སོགས་ཀྱི་སླད་དུ། གྲུ་གཟིངས་གཏོར་ཆེད་ཀྱི་མེ་ཤུགས་འཕུར་མདའ་ (anti-ship missiles)  ༦༠ དང་། མཁའ་དབྱིངས་སུ་ཆེད་གཏོང་མེ་ཤུགས་འཕུར་མདའ་ ༡༠༠ ཚུད་པའི་ཨ་སྒོར་ཐེར་འབུམ ༡།༡ ལྷག་གི་དམག་གི་གོ་མཚོན་བཙོང་འཆར་ཡོད་པར། ཨ་རིའི་རྒྱལ་ཡོངས་གྲོས་ཚོགས་སུ་སྙན་གསེང་ཞུས་ཏེ་བཀའ་འཁྲོལ་ཐོབ་རྒྱུའི་རེ་བ་བྱེད་ཀྱི་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༡༦ ཉིན་རྒྱ་ནག་གཞུང་གིས་ཐའེ་ཝན་གྱི་གནད་ཡོད་མི་སྣ་ ༧ ལ་དཔལ་འབྱོར་དང་འགྲོ་འོང་བཀག་སྡོམ་གྱི་ཉེས་ཆད་བཅད་ཡོད་པ་མ་ཟད། ཐའེ་ཝན་གྱི་མཚོ་ཁོངས་སུ་བཅིངས་གྲོལ་དམག་གི་ Su-30 རྟགས་ཅན་དང་། J-11 །  J- 16 །  Y-8 རྟགས་ཅན་ཟེར་བ་སོགས་ཚུད་པའི་འཐབ་འཁྲུག་གནམ་གྲུ་ ༡༧ དང་མཚོ་གྲུ་ ༥ མངག་གཏོང་བྱས་ཏེ། ཐའེ་ཝན་གཞུང་མང་གཉིས་ལ་འཇིགས་སྐུལ་བྱས་ཡོད་པ་དང་། རྒྱ་ནག་དང་ཨ་རི་བར་གྱི་མཉམ་ལས་སོགས་ཚུད་པའི་གནད་དོན་ ༨ ཕྱིར་འཐེན་བྱས་ཏེ་རྒོལ་ལན་སྤྲད་ཡོད་པ་དང་། ཐའེ་ཝན་དུའང་ཚོང་རྫས་རིགས་བཀག་སྡོམ་བྱས་ཡོད་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་ཐེངས་གསུམ་པ་འཚོགས། ༢༠༢༦།༣།༡༣ དུས་བབ་ཀྱི་པར།
Mobile App

སྟོབས་དང་ནུས་པ་གང་ཡོད་པ་ངོས་བཟུང་ནས་ང་ཚོའི་ཞན་ཆ་ཉུང་དུ་གཏོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༣
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་ཡིག བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༡༣ 
༧གོང་ས་མཆོག གསུང་འཕྲིན།

བོད་མི་ནང་ཁུལ་བོད་སྐད་ཡིག་སྦྱོང་སྤྱོད་དགོས་པའི་བཀའ་སློབ་ནན་པོ་ཕེབས་འདུག

༢༠༢༦/༠༣/༡༣
Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

༢༠༢༦/༠༣/༡༢
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Mobile App

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

༢༠༢༦/༠༣/༡༢
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༢
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

༢༠༢༦/༠༣/༡༢

མཆན། 1

  1. གཞུང་པ་ཚེ་དབང་བསོད་ནམས་། says:
    ལོ་ 4 སྔོན།

    འཛམ་གླིང་དམག་ཆེན་གསུམ་པའི་སྔོན་བརྡ་མིན་པ་ཤོག་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese