མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་གནས་སྟངས་སྐོར་གྱི་ཞིབ་འཇུག་སྙན་ཐོ་བཏོན་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༢/༠༩/༠༦
Share on FacebookShare on TwitterShare on EmailShare on Whatsapp

གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་ཁེ་ཉེན་གྱི་གནས་སྟངས་ཇི་ཆགས་སྐོར་གྱི་ཞིབ་འཇུག་སྙན་ཐོ་གྲུབ་སྟེ། འཚོག་ལ་ཉེ་བའི་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཞི་བའི་སྟེང་སྙན་གསེང་ཞུ་གཏན་འཁེལ་ཡོད་འདུག

Photo: Tibetan Parliament In Exile

ཁ་སང་ཕྱི་ཚེས་ ༥ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲ་རྒྱའི་སྟེང་སྤེལ་བའི་གནས་ཚུལ་ལྟར་ན། བོད་མི་མང་སྤྱི་འཐུས་སྐབས་ ༡༧ པའི་གྲོས་ཚོགས་ཚོགས་དུས་གསུམ་པའི་གྲོས་ཆོད་ཨང་ ༢༠༢༢།༡༧།༣།༢༦ དང་། ཡིག་ཆ་ཨང་ ༢༦ པའི་དགོངས་དོན་གཞིར་བཟུང་།  གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་ཁེ་ཉེན་གྱི་གནས་སྟངས་ཇི་ཆགས་སྐོར་ལ་རྟོག་ཞིབ་ཆེད། དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་ཞིབ་འཇུག་ཚོགས་ཆུང་ཞིག་བསྐོ་འཛུགས་གནང་ཡོད་པའི་མི་འགྲོར། སྤྱི་འཐུས་ཟླ་བ་ཕུན་སྐྱིད་མཆོག་དང་། སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་མཆོག སྤྱི་འཐུས་དཀོན་མཆོག་ཡང་འཕེལ་མཆོག སྤྱི་འཐུས་ཀརྨ་དགེ་ལེགས་མཆོག དཔལ་འབྱོར་རིག་པའི་མཁས་དབང་སྐུ་ཞབས་རཱ་ཧུལ་ཇོ་ཤི་ (Rahul Joshi, Financial Expert) མཆོག་བཅས་བསྐོ་གཞག་གནང་ཡོད་པ་ལྟར། ཚོགས་ཆུང་དེས་ཕྱི་ལོ་ ༢༠༢༢ ཟླ་ ༦ ཚེས་ ༢ ཉིན་ནས་དབུ་འཛུགས་ཀྱིས་ད་བར་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་ཁེ་ཉེན་གྱི་གནས་སྟངས་ཇི་ཆགས་ཐོག་ཞིབ་འཇུག་གནང་སྟེ། ཁ་སང་ཕྱི་ཚེས་ ༥ དེ་རིང་ཚོགས་ཆུང་དེས་ཞིབ་འཇུག་གི་ལས་དོན་ཡོངས་རྫོགས་གྲུབ་རྗེས།  ཉིན་གུང་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་ཟླ་བ་ཕུན་སྐྱིད་མཆོག་དང་། དྲུང་ཆེ་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་མཆོག ཚོགས་མི་སྤྱི་འཐུས་དཀོན་མཆོག་ཡང་འཕེལ་མཆོག ཚོགས་མི་སྤྱི་འཐུས་ཀརྨ་དགེ་ལེགས་མཆོག་བཅས་ཀྱིས་ཚོགས་གཙོའི་ལས་ཁུངས་སུ་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་རྣམ་གཉིས་མཇལ་འཕྲད་ཀྱིས་ད་བར་གྱི་ལས་དོན་ཇི་བྱས་སྐོར་སྙན་སེང་ཞུས་ཡོད་པ་དང་། དེ་བཞིན་ཚོགས་ཆུང་གི་སྙན་ཐོ་དང་། དཔལ་འབྱོར་རིག་པའི་མཁས་དབང་སྐུ་ཞབས་རཱ་ཧུལ་ཇོ་ཤི་མཆོག་གིས་ཞིབ་འཇུག་གནང་བའི་སྙན་ཐོ། འབྲེལ་ཡོད་མི་སྣར་བཅའ་འདྲི་ཞུས་པའི་ཚིག་ཐོ་ཁག་བཅས་ཡིག་སྣོད་ཁྱོན་ ༡༩ ལྡན་པའི་ཞིབ་འཇུག་སྙན་ཐོ་ཞིག་ཚོགས་གཙོ་སྦྲེལ་པོར་ཕུལ་གནང་ཡོད་པ་མ་ཟད། སྙན་ཐོ་གྲོས་ཚོགས་ཚོགས་དུས་ ༤ པའི་ཐོག་སྙན་སེང་ཞུ་གཏན་འཁེལ་ཡོད་འདུག

གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་དེ་ཐོག་མར་ཕྱི་ལོ་ ༢༠༡༥ ལོར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་དཔལ་འབྱོར་གནས་བབ་མཐོར་འདེགས་དང་རང་ཁ་རང་གསོའི་ཆེད་དུ་ཆེད་འཛུགས་གནང་བ་ཞིག་ཡིན་ཞིང་། ཕྱི་ལོ་ ༢༠༡༧ ལོའི་ཟླ་ ༡༡ ཚེས་ ༢༨ ཉིན་ཁེ་ཡོད་ཀྱི་ཚོགས་པའི་ངོ་བོར་དེབ་སྐྱེལ་བྱས་ཡོད་པ་མ་ཟད། ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༡༣ ཉིན་དངོས་སུ་རྒྱ་གར་དབུས་དངུལ་ཁང་ཆེན་མོ་ (Reserve Bank of India) ནས་དངུལ་ཁང་ལྟ་བུའི་ངོ་བོར་(Non-Banking Finance Company) དེབ་སྐྱེལ་ལག་ཁྱེར་ཐོབ་སྟེ་དངོས་སུ་བུ་ལོན་གཡར་གཏོང་བྱེད་འགོ་བརྩམས་ཡོད་པ་རེད།

དེ་ཡང་འདི་ལོའི་ཕྱི་ཟླ་ ༣ ཚེས་ ༣༡ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་ ༡༧ པའི་གྲོས་ཚོགས་ཚོགས་དུས་གསུམ་པའི་ཐོག་སྲིད་སྐྱོང་དང་དཔལ་འབྱོར་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་ད་ལྟའི་གནས་སྟངས་དང་ས་གནས་ཁྲིམས་སྒྲིག་གི་ཐོག་ནས་ལས་དོན་གཉེར་ཕྱོགས་ཐད་དཀའ་ངལ་ཡོད་པ་དང་། ཁེ་གྱོང་གི་ཆ་ནས་མ་འོངས་པར་ཁུངས་འཁྱོལ་ཐབས་མེད་པའི་གནས་སྟངས་ཆགས་ཡོད་སྐོར་འགྲེལ་བརྗོད་གནང་བ་དང་འབྲེལ། སྤྱི་འཐུས་ལྷན་ཚོགས་ངོས་ནས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་གནས་སྟངས་དང་མ་འོངས་རྒྱུན་གནས་ཡོང་ཐུབ་མིན་སོགས་ཀྱི་ཐོག་ལ་ཞིབ་འཇུག་ཚད་ལྡན་དགོས་པའི་རེ་སྐུལ་ཞུས་པ་ལྟར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཞིབ་འཇུག་ཚོགས་ཆུང་ཆེད་འཛུགས་ཀྱིས་རྟོག་ཞིབ་གནང་དགོས་པའི་མང་མོས་གྲོས་ཆོད་བཞག་གནང་ཡོད་པ་རེད། གཞུང་འབྲེལ་གྲོས་གཞི་གྲོས་འཆར་དོན་ཚན་གསུམ་ཅན་དེའི་ནང་། ཚོགས་གཙོ་སྦྲེལ་པོས་ཚོགས་མི་ལྔ་ལས་གྲུབ་པའི་ཞིབ་འཇུག་ཚོགས་ཆུང་ཞིག་འཛུགས་དགོས་པ་དང་། ཚོགས་ཆུང་དེས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་དེ་ཁེ་ཉེན་གྱི་གནས་སྟངས་ཇི་ཆགས་ཐད་རྟོག་ཞིབ་དགོས་པ་དང་། ཚོགས་ཆུང་ནས་གནས་ཡུལ་གཞུང་གི་ཁྲིམས་ལུགས་དང་། མ་འཛུགས་བྱ་ཕྱོགས། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་ད་ལྟའི་གནས་བབ། མ་འོངས་དམིགས་ཡུལ་གཞིར་བཟུང་ཡོང་ཐུབ་མིན་གྱི་སྙན་ཐོ་ཁ་གསལ་ཞིག་འདོན་དགོས་པ་དང་། སྙན་ཐོ་གཞིར་བཟུང་གྲོས་ཚོགས་ཀྱི་ཐག་གཅོད་ཁ་གསལ་མ་བྱུང་བར་དུ་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་ལས་དོན་རྣམས་མུ་མཐུད་བྱ་དགོས་སྐོར་འཁོད་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

འདི་ལོ་བོད་པའི་སློབ་གྲྭ་ཁག་གི་ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆ་ ༩༨།༥༨ རེད་འདུག

ཆུ་ཚོད་ ༢༣ སྔོན་ལ།
ttt
Mobile App

རྩོད་རྙོག་ཟེར་བ་དེ་བཟང་ཕྱོགས་སུ་བསྒྱུར་རྒྱུའི་ཐབས་ལམ་ཡོད།

ཆུ་ཚོད་ ༢༣ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་གིས་ཌ་སི་མོན་ཊུ་ཊུ་དམ་པ་དེ་ཉིད་སྙིང་ནས་བརྩེ་བའི་གྲོགས་པོ་ཞིག་ཡིན་གསུངས།

༢༠༢༦/༠༥/༡༥
Donald Trump and Xi Jinping at a bilateral meeting. Photograph: Alex Wong/Getty Images
Mobile App

ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་དང་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གཉིས་ཐུག་འཕྲད་གནང་།

༢༠༢༦/༠༥/༡༤
ཕྱག་འཁྱེར་གནང་བ།
Mobile App

ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་སློབ་ཐོན་པ་ ༢༢ ལ་ཕྱག་འཁྱེར་གནང་།

༢༠༢༦/༠༥/༡༤
Because of high altitudes in the Himalayas, difficult terrain and often poor weather, the Kailash Manasarovar pilgrimage if one of the most challenging in the world [File: Purnima Shrestha/Reuters]
Mobile App

བལ་ཡུལ་གྱིས་ས་མཚམས་རྩོད་རྙོག་དང་འབྲེལ་ནས་རྒྱ་གར་གཞུང་ལ་ངོ་རྒོལ་བྱས།

༢༠༢༦/༠༥/༡༤

མཆན། 1

  1. གཞུང་པ་ཚེ་དབང་བསོད་ནམས་། says:
    ལོ་ 4 སྔོན།

    དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་ཁག་ལ་བོད་ཀྱི་ཡུལ་མི་ལས་གཞན་པའི་ཕྱི་་མི་ལ་འགན་བསྐུར་རྒྱུ་དེ་དབུས་བོད་མིའི་སྒྲིགའཛུགས་ཀྱི་གསང་བ་ག་ཚོད་ཉར་ཐུབ་ཀྱི་ཡོད་འཐེ་འཚོམ་ཆེན་པོའི་འོག་ཏུ་ལྷག་འདུག་ན་ཕྱི་མི་ཞིབ་འཇུག་ཚོགས་ཆུང་ནང་བསྐོ་རྒྱུ་དེ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་འཛིན་སྐྱོང་གི་སྒྲིག་གཞི་སོགས་ཁྲིམས་སྒྲིག་གང་གི་འོག་འགན་བསྐུར་བ་ཡིན་ཁྱབ་ཆེ་བའི་མི་མང་ལ་གསལ་པོ་བཟོ་དགོས་པ་དེ་མང་གཙོ་དང་ཁྲིམས་ཀྱི་དབང་བསྒྱུར་ཟེར་བའི་གོ་དོན་ངོ་མ་དེ་མ་རེད་དམ་?

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese