མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གཞུང་ཉེན་རྟོག་པས་ཉེས་རྡུང་བཏང་ནས་བོད་མི་ཞིག་གྲོངས།

བོད་ཀྱི་དུས་བབ།
༢༠༢༢/༠༩/༠༩
Share on FacebookShare on TwitterShare on EmailShare on Whatsapp

ནད་ཡམས་ཀྱི་བཀའ་རྒྱ་རྡོག་རོལ་བཏང་བའི་ཉེས་མིང་འོག་གཞིས་ཀ་རྩེ་ནས་བོད་མི་གཉིས་ལ་རྡུང་རྡེག་བཏང་སྟེ་གཅིག་རྐྱེན་ལམ་དུ་སོང་བ་དང་གཅིག་སྨན་ཁང་དུ་ལུས་འདུག

གཞིས་ཀ་རྩེ་ནས་ཡིན་པའི་ཤེས་རབ་དང་བློ་ལྡན་ཟེར་བའི་སྐྱེས་པ་གཉིས་ཀྱིས་ཉིན་ཤས་གོང་འབྲོག་པའི་ས་ཆར་ཡོད་པའི་རང་གི་སྤུན་མཆེད་ལ་ཁ་ལག་སྐྱེལ་བར་འགྲོ་སྐབས། ཉེན་རྟོག་པས་བཟུང་ནས་ནད་ཡམས་ཀྱི་བཀའ་རྒྱ་རྡོག་རོལ་བཏང་སྟེ་གང་སར་ཕྱིན་པའི་ཉེས་མིང་འོག་ནས་རྡུང་རྡེག་དྲག་པོ་བཏང་རྐྱེན་གཅིག་རྐྱེན་ལམ་དུ་ཕྱིན་པ་དང་གཅིག་ད་དུང་སྨན་ཁང་དུ་ལུས་ཡོད་པའི་གནས་ཚུལ་ཐོན་འདུག དེའི་སྐོར་ལ་རང་མིང་བརྗོད་འདོད་མེད་པའི་འབྲེལ་ཡོད་མི་སྣ་ཞིག་གིས་འདི་གར་གནས་ཚུལ་བརྗོད་གནང་སོང་།

གནས་ཚུལ་ངོ་སྤྲོད་པས་མུ་མཐུད་བརྗོད་དོན་ནང་། དེང་སང་བོད་ནང་ལ་ཆ་བཞག་ན་ཏོག་དབྱིབས་ནད་ཡམས་ཁྱབ་པའི་རྐྱེན་གྱིས་ཁྱོན་ཡོངས་ནས་ནད་ཡམས་ཀྱི་བཀག་རྒྱ་བསྡམས་ཏེ། མང་ཚོགས་ལ་གང་ཅིའི་ཐོག་ནས་དཀའ་ངལ་ཆེན་པོ་ཡོད་པ་ཚང་མས་མཁྱེན་གསལ་རེད། ཡིན་ནའི་ནད་ཡམས་ཀྱིས་མི་གྲོངས་པའི་གནས་ཚུལ་ཧ་ལམ་གོ་རྒྱུ་ཡོད་པ་མ་རེད། ཡིན་ནའི་ཉིན་གསུམ་བཞི་ཙམ་གྱི་གོང་ལ་གཞིས་ཀ་རྩེ་ནས་ཡིན་པའི་ཤེས་རབ་དང་བློ་ལྡན་ཟེར་བའི་ཕོ་གསར་གཉིས་ནད་ཡམས་ཀྱི་བཀའ་རྒྱ་བརྩི་སྲུང་མ་བྱས་པའི་ཉེས་པའི་ཐོག་ནས་གཞིས་ཀ་རྩེ་ཉེན་རྟོག་པས་འཛིན་བཟུང་བྱས་པ་དང་ཉེས་རྡུང་དྲག་པོ་བཏང་སྟེ་ཤེས་རབ་རྐྱེན་ལམ་དུ་བཏང་བ་དང་བློ་ལྡན་ད་ལྟ་གཞུས་ཀ་རྩེ་མི་མང་སྨང་ཁང་དུ་ཛ་དྲག་གི་སྨན་བཅོས་བྱེད་བཞིན་ཡོད་པ་རེད་འདུག

ཁོ་གཉིས་ཀྱིས་གཞིས་ཀ་རྩེ་གྲོང་ཁྱེར་ནས་འབྲོག་པའི་ས་ཆར་རང་གི་སྤུན་མཆེད་ལ་ཁ་ལག་བསྐྱལ་བར་འགྲོ་སྐབས། ཉེན་རྟོག་པས་འཛིན་བཟུང་བྱས་པ་དང་ཉེན་རྟོག་པའི་བཀའ་རྒྱ་ལ་སྣང་མེད་ཀྱིས་གང་སར་སོང་བའི་ཉེས་མིང་ཐོག་ནས་ཉེས་བརྡུང་ཚད་ལས་འགལ་བ་བཏང་སྟེ་བོད་མི་ཤེས་རབ་མནར་བཅོད་ཀྱི་འོག་ནས་འདས་གྲོངས་སུ་ཕྱིན་ཡོད་པ་དང་བློ་ལྡན་ལ་ཉེས་རྡུང་དྲག་པོ་བཏང་ནས་གཟུགས་པོ་ཡོངས་རྫོགས་ལ་རྨུག་ཐིག་མང་པོ་བཟོས་ཡོད་པ་མ་ཟད་ཁ་ནས་སྐད་ཆ་ཤོད་མ་ཐུབ་པ་དང་འགུལ་སྐྱོད་ཡང་བྱེད་ཐུབ་ཀྱི་མེད་པའི་ནད་གཅོང་བཟོས་ཡོད་པ་དང་ད་དུང་གཞིས་རྩེ་མི་མང་སྨན་ཁང་དུ་ཛ་དྲག་གི་སྨན་བཅོས་བྱེད་བཞིན་ཡོད་པའི་གནས་ཚུལ་འདུག

སྤྱིར་བཏང་གཞིས་ཀ་རྩེ་ལ་དེང་སང་ནད་ཡམས་ཀྱི་བཀག་སྡོམ་ཏོག་ཙམ་གུ་ཡང་དུ་ཕྱིན་ཡོད་ནའི་མི་ཁག་ཅིག་གིས་དབང་ཆ་བེད་སྤྱོད་ལོག་པ་གཏང་ནས་ནད་ཡམས་ལས་སྡུག་པའི་དཀའ་ངལ་སྤྲོད་ཀྱི་ཡོད་པའི་གནས་ཚུལ་མང་པོ་འདུག་ཅེས་སོགས་འགྲེལ་བརྗོད་གནང་ཡོད། དེ་དང་ཕྱོགས་མཚུངས་ཉེ་ལམ་ཕྱི་ཟླ་བརྒྱད་པའི་ནང་བོད་ནང་ལྷོ་ཁ་ས་གནས་སུ་བོད་མི་ཞིག་ལ་ཏོག་དབྱིབས་ནད་ཡམས་ཀྱི་འགྲིམ་འགྲུལ་བཀག་སྡོམ་ས་ཚིགས་ནས་རྒྱ་མིའི་ལས་བྱེད་མི་སྣ་ཞིག་གིས་འགྲམ་ལྕག་དང་རྡོག་རྒྱག་ཞུས་པའི་དྲག་རྩུབ་ཀྱི་བརྙན་པར་ཞིག་སྤྱི་ཚོགས་དྲ་ལམ་ཁག་ཏུ་ཁྱབ་རྗེས། མི་ཚོས་ལས་བྱེད་མི་སྣ་དེའི་བྱ་སྤྱོད་ལ་བློ་ཕམ་མི་འདོད་པའི་ཁ་བརྡུང་དྲག་པོ་བཏང་ཡོད་པ་རེད།

ཡང་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་གིས་བོད་ནང་གི་ནད་ཡམས་སྐོར་གྱི་གནས་ཚུལ་གསར་ཤོས་སྤེལ་བའི་ནང་། ཟླ་༩ པའི་ཚེས་༧ ཉིན་ལྷ་ས་གྲོང་ཁྱེར་ནང་ནད་པ་༡༧༣མང་དུ་ཕྱིན་པ་དང་གཞིས་རྩེ་གྲོང་ཁྱེར་ཁོངས་སུ་ནད་པ་༡༣༡མང་དུ་ཕྱིན་པ། ལྷོ་ཁ་གྲོང་ཁྱེར་དུ་ནད་པ་༡༣། ནག་ཆུར་༤༧། ཆབ་མདོར་༣༥། མངའ་རིས་ལ་༢༧བཅས་བོད་རང་སྐྱོང་ལྗོངས་ནང་ནད་པ་ཁྱོན་༤༢༦ གསར་དུ་ཐོན་ཡོད་པའི་གནས་ཚུལ་སྤེལ་འདུག

ཡང་ལྷ་ས་གྲོང་ཁྱེར་ཁོངས་ཀྱི་སྟག་རྩེ་རྫོང་དང་། ལྷུན་གྲུབ་རྫོང་། ཆུ་ཤུར་རྫོང་། འདམ་གཞུང་རྫོང་། སྙེ་མོ་རྫོང་། མལ་གྲོ་གུང་དཀར་རྫོང་བཅས་ཉེན་ཁ་ཆུང་བའི་ས་ཁུལ་དྲུག་ནང་ནད་ཡམས་ཀྱི་གནད་དོན་ཚོད་འཛིན་ཐུབ་པ་བྱུང་སྟེ། ཕྱི་ཟླ་༩ ཚེས་ ༥ ཉིན་ནས་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་རིམ་བཞིན་སླར་གསོ་བྱ་རྒྱུ་ཡིན་ཡང་སློབ་གྲྭ་ཁག་དང་ཡུལ་སྐོར་གླིང་ག་ཟ་ཁང་སོགས་སྤྱི་བའི་འདུ་འཛོམས་བྱེད་སྒོ་ཁག་གནས་སྐབས་གཉེར་མི་ཆོག་པའི་གནས་ཚུལ་སྤེལ་འདུག

འབྲེལ་ཡོད་གསར་འགྱུར།

མོན་རྟ་དབང་དུ་རྒྱལ་སྤྱིའི་རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་ཞིབ་འཇུག་ཚོགས་འདུ་ཐེངས་དང་པོ་༢༠༢༥།༡༢།༣-༦ འཚོགས། དུས་བབ་ཀྱི་པར།
Mobile App

ང་ཚོ་མོན་པ་རྣམས་ཏཱ་ལའི་བླ་མ་རྣམ་གཉིས་ལ་འབྲེལ་བ་ཡོད་པས་ཧ་ཅང་སྐལ་བ་བཟང་པོ་ཡིན་པ་རྟོགས་ཡོད་ཅེས་གསུངས་སོང་།

ཆུ་ཚོད་ ༡༩ སྔོན་ལ།
རྒྱལ་བ་ཚངས་དབྱངས་རྒྱ་མཚོ་ཉམས་ཞིབ་པ་རྣམ་པས་་གཏམ་བཤད་གནང་བ། ༢༠༢༥།༡༢།༠༦ དུས་བབ་ཀྱི་པར།
Mobile App

ཞིབ་འཇུག་ཚོགས་འདུའི་ཐོག་རྒྱ་ནག་གཞུང་གིས་རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་མགུར་གླུར་བཅོས་སྒྲིག་དང་རྫུན་བཟོས་བྱས་ཡོད་སྐོར་བརྗོད།

ཆུ་ཚོད་ ༢༠ སྔོན་ལ།
Photo Credit : Free Tibet
Mobile App

ཚེ་རིང་མཚོ་ལགས་བཟང་བཙོན་འོག་བཅུག་ཡོད་འདུག

ཆུ་ཚོད་ ༢༡ སྔོན་ལ།
Mobile App

རྒྱ་ནག་གཞུང་གི་མདའ་སྐད་གླིང་བསྒྱུར་གྱི་མི་རིགས་སྲིད་ཇུས་གསར་བ། 

ཆུ་ཚོད་ ༢༣ སྔོན་ལ།
Mobile App

རྒྱ་ནག་ནང་བཙན་བྱོལ་གྱི་བུད་མེད་དགུས་ངོ་རྒོལ་བྱས་པའི་དུས་དྲན་སྲུང་གཙི་ཞུས་སོང་།

༢༠༢༥/༡༢/༠༥
Mobile App

སྐལ་རྡོར་ལགས་ཀྱི་འོས་བསྡུའི་འགྲོ་གྲོན་ག་ནས་ཡོང་གི་ཡོད་རེད།

༢༠༢༥/༡༢/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese