མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་རིན་ཆེན་བསམ་འགྲུབ་ལགས་འཛིན་བཟུང་བྱས་ནས་གར་སོང་ཆ་མེད་དུ་གྱུར་འདུག

བོད་ཀྱི་དུས་བབ།
༢༠༢༢/༠༩/༡༢
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་བོད་དཀར་མཛེས་རྫོང་ཁོངས་ནས་ཡིན་པའི་བོད་མི་རིན་ཆེན་བསམ་འགྲུབ་ལགས་འཛིན་བཟུང་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་ནས་ཟླ་བ་གསུམ་ལྷག་འགྲོ་བཞིན་ཡོད་འདུག

རིན་ཆེན་བསམ་འགྲུབ། པར་འབྲེལ་ཡོད་ནས་འདི་གར་མཁོ་སྤྲོད་བྱས།

རྒྱ་ནག་གཞུང་གིས་བོད་མི་རྣམས་ལ་ནག་ཉེས་འདྲ་མིན་གཡོགས་ནས་གང་བྱུང་འཛིན་བཟུང་བཀག་ཉར་དང་ཚད་ལས་འདས་པའི་གཅར་རྡུང་བྱེད་ཀྱི་ཡོད་པ་ལྟར། འདི་ལོའི་ཕྱི་ཟླ་ ༥ ནང་རྒྱ་ནག་གཞུང་གི་ཉེན་རྟོག་པས་བོད་དཀར་མཛེས་རྫོང་མཚོ་གསར་གྲོང་བརྡལ་ནས་ཡིན་པའི་བོད་མི་རིན་ཆེན་བསམ་འགྲུབ་ལགས་ཀྱིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་བཟོས་པའི་ཉེས་མིང་གཡོགས་ནས་འཛིན་བཟུང་བཙན་འཁྲིད་བྱས་ནས་ཟླ་ ༣ ལྷག་འགྲོ་མུས་ཡིན་ཡང་། ཁོང་གི་གནས་ཚུལ་གང་ཡང་གོ་ཐོས་མེད་པའི་ཁར།  ཁོང་གི་ཨ་མ་དབང་མོ་ལགས་ཀྱང་ནད་པ་ཆགས་ནས་ཁྲིན་འདུ་གྲོང་ཁྱེར་དུ་ཛ་དྲག་གི་སྨན་བཅོས་བྱེད་མུས་ཡིན་འདུག

འདི་ག་བོད་ཀྱི་དུས་བབ་གསར་ཁང་ལ་འབྲེལ་ཡོད་བོད་མི་ཞིག་གིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན།  ད་ལོའི་ཕྱི་ཟླ་ ༥ པའི་ནང་རིན་ཆེན་བསམ་འགྲུབ་ལགས་ཁོང་གི་གྲོགས་པོ་ཁ་ཤས་མཉམ་དུ་དཀར་མཛེས་རྫོང་གི་མགྲོན་ཁང་ཞིག་ཏུ་སྡོད་ཡོད་པའི་སྐབས། རྒྱ་ནག་གཞུང་གི་ཉེན་རྟོག་པས་གློ་བུར་དུ་འཛིན་བཟུང་བྱས་ནས་ས་གནས་བདེ་འཇགས་ལས་ཁུངས་སུ་ཁྲིད་ཡོད་སྐོར་འགྲེལ་བརྗོད་བྱས་སོང་།

ཡང་ཁོང་གིས། ཁོང་གི་གྲོགས་པོ་ཞིག་བརྒྱུད་ནས་ཁོང་གི་ནང་མིར་ཁོང་ཉིད་ས་གནས་བདེ་འཇགས་ལས་ཁུངས་ཟེར་བ་ཞིག་ཏུ་བཙན་ཁྲིད་བྱས་པའི་གནས་ཚུལ་འབྱོར་སྐབས། ནང་མི་རྣམས་ས་གནས་བདེ་འཇགས་ལས་ཁུངས་སུ་ཕྱིན་ནས། ཁོང་གིས་ནག་ཉེས་ག་རེ་བྱས་ཡོད་མེད་སོགས་ཀྱི་སྐོར་ལ་དྲིས་ཏེ།  གང་མགྱོགས་ཀློད་གྲོལ་གཏང་དགོས་པའི་རེ་སྐུལ་བྱས་ཀྱང་། རྗེས་སུ་བདེ་འཇགས་ལས་ཁུངས་ཟེར་བས་ཁ་པར་བརྒྱུད། ཁོང་གིས་ས་གནས་ཀྱི་བདེ་འཇགས་དང་། རྒྱལ་ཁབ་ཀྱི་བདེ་འཇགས་ལ་གཏོར་བརླག་བཏང་ཡོད་སྐོར་བཤད་ཡོད་པ་དང་། ནང་མི་ཚོས་ཁོང་གིས་ག་རེ་བྱས་ཡོད་མེད་ཤེས་ཀྱི་རེད་ཟེར་ནས་ཁ་པར་བཞག་ཡོད་པས། ཁོང་གི་ནང་མི་ཚོས་ཁོང་ལ་སེམས་འཚབ་བྱེད་མུས་ཡིན་པ་མ་ཟད། ཁོང་གི་ཨ་མ་དབང་མོ་ལགས་ཀྱང་ནད་པ་ཆགས་ནས་ཛ་དྲག་གི་སྨན་བཅོས་བྱེད་མུས་ཡིན་སྐོར་སོགས་འགྲེལ་བརྗོད་བྱས་སོང་།

རིན་ཆེན་བསམ་འགྲུབ་ལགས་ནི་བོད་དཀར་མཛེས་རྫོང་མཚོ་གསར་གྲོང་བརྡལ་ནས་ཡིན་པ་དང་།  ཕྱི་ལོ་ ༢༠༡༥ ནས་ས་གནས་སུ་རྟ་ཚོང་བརྒྱབ་ནས་འཚོ་བ་རོལ་མུས་ཡིན་ཞིང་། ཁོང་ལ་ས་གནས་བོད་མི་དང་ཉམ་ཐག་རྒན་གཞོན་མང་པོ་ཞིག་གིས་བརྩི་མཐོང་དང་གདེང་འཇོག་ཆེན་པོ་བྱེད་ཀྱི་ཡོད་པ་དང་། ཁོང་ལ་ནང་མི་བཞི་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

Mobile App

བོད་ནང་དུ་ཁུང་ཙིའི་སློབ་གསོ་ལག་བསྟར་རྒྱ་ཆེར་བྱེད་བཞིན་འདུག

ཆུ་ཚོད་ ༡༨ སྔོན་ལ།
TTT
Mobile App

བོད་མི་རྣམས་ལ་མཐུན་རྐྱེན་སྦྱོར་སྤྲོད་གང་ཐུབ་གནང་རྒྱུ་ཡིན་པ་བསྐྱར་ནན་གསུངས།

ཆུ་ཚོད་ ༢༡ སྔོན་ལ།
རྩོམ་པ་པོ་འཛུམ་ཤུལ་འཇམ་དབྱངས་ཐབས་མཁས་ལགས་ཀྱིས་བརྩམས་པའི་དཔེ་དེབ་དབུ་འབྱེད། པར་བོད་ཀྱི་དུས་བབ་གསར་ཁང་གི་བསྒྲིགས། ༢༠༢༦།༦།༡༢
Mobile App

ང་ཚོས་རྒྱ་ནག་གི་དྲག་གནོན་ལ་འཚེ་མེད་ཞི་བའི་ཐོག་ནས་ཁ་གཏད་བཅག་པ་ནི་རྗེས་དྲན་བྱ་འོས་པ་ཞིག་ཡིན།

༢༠༢༦/༠༦/༡༢
ཆེས་མཐོའི་ཁྲིམས་ཞིབ་ཁང་གི་གཏུག་བཤེར་ཁང་དུ་སྔོན་འགྲོའི་ཉན་ཞིབ་ཚོགས་པ་དང་འབྲེལ་བའི་ཐག་གཅོད་གནང་སྐབས། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་པར།
Mobile App

བདེ་སྙན་དེབ་འགོད་ཨང་ ༡ ངོས་བཞེས་རྩིས་མེད་དུ་སོང་བའི་ཐག་གཅོད་གནང་།

༢༠༢༦/༠༦/༡༢
བཀའ་ཟུར་ཇོ་དཔལ་དཔལ་འབྱོར་ཚེ་རིང་མཆོག་ལ་མཆོད་འབུལ་སྨོན་ལམ། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༦།༡༢
Mobile App

བཀའ་ཟུར་ཇོ་དཔལ་དཔལ་འབྱོར་ཚེ་རིང་མཆོག་འདས་གྲོངས་སུ་གྱུར།

༢༠༢༦/༠༦/༡༢
Front Slider

བདེ་སྙན་དེབ་འགོད་ཨང་ ༡ ངོས་བཞེས་རྩིས་མེད་དུ་སོང་བའི་ཐག་གཅོད་གནང་།

༢༠༢༦/༠༦/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese