མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་དབྱིན་ཡུལ་གྱི་རྒྱལ་པོ་ཆའར་ལེ་སི་མཆོག་གི་ཁྲི་འདོན་ལ་འཚམས་འདྲི་གནང་།

བོད་ཀྱི་དུས་བབ།
༢༠༢༢/༠༩/༡༣
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཕྱི་ཚེས་ ༡༢ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དབྱིན་ཇིའི་རྒྱལ་པོ་གསར་པ་ཆའར་ལེ་སི་གསུམ་པ་མཆོག་གི་ཁྲི་འདོན་ལ་རྟེན་འབྲེལ་ཞུས་ནས་མ་འོངས་པའི་བྱ་གཞག་ལམ་ལྷོང་ཡོང་བའི་སྨོན་འདུན་ཞུས་ཡོད་འདུག

Sikyong Penpa Tsering congratulates King Charles III after the formal accession to the throne.

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དབྱིན་ཇིའི་རྒྱལ་པོ་ཆའར་ལེ་སི་གསུམ་པ་ (Prince Charles III) མཆོག་ལ་ཕུལ་བའི་འཚམས་འཕྲིན་ནང་། ངས་བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་སྐུ་ཉིད་མཆོག་དབྱིན་ཡུལ་གྱི་རྒྱལ་པོར་ཁྲི་འདོན་བྱུང་བར་འཚམས་འདྲི་ཞུ་རྒྱུ་ཡིན། སྐུ་ཉིད་མཆོག་ནི་༧གོང་ས་མཆོག་ལ་ཐུགས་ཉེ་ཞིང་བཀུར་འོས་པའི་ཆོས་གྲོགས་ཤིག་ཡིན་པར་བརྟེན། སྐུ་ཉིད་ལ་བོད་མི་རྣམས་ནས་དམིགས་བསལ་གྱིས་བརྩི་བཀུར་ཞུ་ཡི་ཡོད། དེར་བརྟེན། ང་ཚོས་ཁྱེད་རང་དབྱིན་ཡུལ་གྱི་རྒྱལ་པོར་ཁྲི་འདོན་བྱུང་བར་དགའ་བསུའི་འཚམས་འདྲི་ཞུ་རྒྱུ་ཡིན། ཞེས་གསུངས་ཡོད་འདུག

ཡང་སྲིད་སྐྱོང་མཆོག་གིས། སྐུ་ཉིད་ཀྱིས་རྒྱལ་ཡུམ་གྱི་མཛད་རྗེས་རྒྱུན་སྐྱོང་གནང་བའི་བརྒྱུད་རིམ་ནང་། དབྱིན་ཡུལ་མི་མང་གི་རེ་བ་དང་མངོན་འདོད་སྒྲུབ་པར་བྱ་བ་ལམ་ལྷོང་དང་། སྐུ་ཉིད་གཙོས་དབྱིན་ཡུལ་གྱི་མི་མང་ལ་ཡར་རྒྱས་གོང་འཕེལ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཞེས་གསུངས་ཡོད་འདུག

 ད་ལྟ་དགུང་ལོ་ ༧༣ ཡིན་པའི་ཆའར་ལེ་སི་གསུམ་པ་ (Charles III) མཆོག་ནི་ཕྱི་ལོ་ ༡༩༤༨ ལོར་རྒྱལ་མོ་ཨེ་ལི་ཛེ་བྷེ་ཐི་ (Elizabeth) མཆོག་དང་རྒྱལ་པོ་ཧྥི་ལིབ་ (Philip) གཉིས་ཀྱི་སྲས་སུ་སྐྱེས།   ཁོང་གིས་རྒྱ་ནག་གི་གནོན་ཤུགས་ལ་མ་ལྟོས་པར། ཕྱི་ལོ་ ༢༠༠༨ ལོར་༧གོང་ས་མཆོག་དབྱིན་ཡུལ་དུ་ཆིབས་བསྒྱུར་ཕེབས་སྐབས། ཁོང་གིས་་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཁོང་གི་བཞུགས་གནས་སུ་གདན་འདྲེན་ཞུས་ཏེ། ཆོས་ལུགས་མཐུན་འབྲེལ་གྱི་ཚོགས་འདུར་མཉམ་ཞུགས་གནང་། ཡང་ཕྱི་ལོ་ ༢༠༡༢ ལོར་ཁོང་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་ཁ་ཞུས་ཡོད་པ་རེད། ཟླ་འདིའི་ཕྱི་ཚེས་ ༨ ཉིན་དབྱིན་ཡུལ་གྱི་རྒྱལ་མོ་ཨེ་ལི་ཛེ་བྷེ་ཐི་གཉིས་པ་མཆོག་དགུང་གྲངས་ ༩༦ ཐོག་སྐུ་གྲོངས་པར་བརྟེན། རྒྱལ་སྲས་ཆའར་ལེ་སི་གསུམ་པ་མཆོག་དབྱིན་ཡུལ་གྱི་རྒྱལ་པོར་ཁྲི་འདོན་གནང་སྟེ། རྒྱལ་སྲིད་སྐྱོང་མགོ་འཛུགས། དབྱིན་ཡུལ་གྱི་རྒྱལ་པོའི་ཐུགས་འགན་དངོས་སུ་བཞེས་སྐབས། དབྱིན་ཇིའི་རྒྱལ་རྒྱུད་ཀྱི་ཁྱབ་ཁོངས་ས་གནས་ཁག་ཏུ་ཡོད་པའི་རྒྱལ་རྒྱུད་ཀྱི་ལས་དོན་ཁག་འཐུས་ཤོར་མེད་པ་གནང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་སྐོར་གསུངས་ཡོད་འདུག  

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གི་ཞབས་པུས་དྲག་སྐྱེད་བྱུང་མུས་ཡིན་པར་གསུངས། 

ཆུ་ཚོད་ ༡༠ སྔོན་ལ།
A magnitude 5.29 earthquake struck the Sichuan province in southwestern China on Sunday, June 28, 2026
Mobile App

ཟི་ཁྲོན་ཞིང་ཆེན་ཁུལ་དུ་ཚད་རིམ་ལྔ་ཅན་གྱི་ས་ཡོམ་བསྟུད་མར་བྱུང་། 

ཆུ་ཚོད་ ༡༣ སྔོན་ལ།
Advertisement for App

ཕྱི་ལོ་ ༢༠༢༦ སྐྱིད་ཚལ་གླིང་གི་སློབ་ཡོན་གསལ་བསྒྲགས།

ཆུ་ཚོད་ ༡༤ སྔོན་ལ།
Mobile App

ཨ་རིས་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་བྱ་རྒྱུ་བསྐྱར་ནན་བྱས།

ཆུ་ཚོད་ ༡༤ སྔོན་ལ།
Torrents of muddy water swiftly engulfed homes in Nanning city in southern China
Mobile App

རྒྱ་ནག་ནང་ཆུ་ལོག་དང་ས་རུད་བྱུང་སྟེ་མི་གྲངས་ ༦༥ འདས་གྲོངས་སུ་ཕྱིན་འདུག

༢༠༢༦/༠༧/༠༨
strategic missile launched by a submarine of the Chinese People’s Liberation Army Navy bursts out of the water during a test on Monday. Photograph: Xinhua/Shutterstock
Mobile App

རྒྱ་ནག་གིས་ཞི་བདེ་རྒྱ་མཚོའི་ཁུལ་དུ་དམག་སྦྱོང་བྱས། 

༢༠༢༦/༠༧/༠༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese