མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡ་ཆེན་སྒར་གྱི་གྲྭ་བཙུན་རྣམས་ཕྱིར་ཕུད་གཏོང་མུས་ཡིན་འདུག

བོད་ཀྱི་དུས་བབ།
༢༠༢༢/༠༩/༡༥
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གི་ཉེན་རྟོག་པས་ས་གནས་གཞན་ནས་ཡོང་བའི་ཡ་ཆེན་དགོན་གྱི་གྲྭ་བཙུན་རྣམས་ཕྱིར་ཕུད་གཏོང་མུས་ཡིན་འདུག

དཔལ་ཡུལ་ཡ་ཆེན་སྒར། དྲ་ལམ་གྱི་པར། 

རྒྱ་ནག་ཝུ་ཧན་ནས་ཐོག་མར་མཆེད་པའི་ཏོག་དབྱིབས་རིམས་ནད་དེ་བོད་ནང་དུ་ཁྱབ་གདལ་ཤུགས་ཆེན་ཕྱིན་ནས། བོད་ཀྱི་རྒྱལ་ས་ལྷ་ས་གཙོས་བོད་ཁུལ་མང་པོ་ཞིག་ཏུ་ཐེམ་སྤང་བཀག་རྒྱ་བསྡམས་ནས་ཟླ་བ་གཅིག་ལྷག་འགྲོ་མུས་ཡིན་པས། བོད་མི་རྣམས་ཀྱི་འགྲོ་འདུག་སོགས་ལ་དཀའ་ཁག་ཆེན་མོ་འབྱུང་མུས་ཡིན་པ་ལྟར། ཉེ་ལམ་དཔལ་ཡུལ་ཡ་ཆེན་སྒར་དུའང་ཐེམ་སྤང་བཀག་རྒྱ་བསྡམ་མུས་ཡིན་ཡང་། རྒྱ་ནག་གཞུང་གི་ཉེན་རྟོག་པས་ཏོག་དབྱིབས་རིམས་ནད་ལ་ཁ་གཡར་ནས། གྲྭ་བཙུན་རྣམས་ཀྱི་སྡོད་ཤག་ཞིབ་བཤེར་དང་མིང་ཐོ་སོགས་བསྡུ་རུབ་བྱས་ཏེ། ས་གནས་གཞན་ནས་ཡོང་བའི་གྲྭ་བཙུན་རྣམས་ཕྱིར་ཕུད་དང་འཇིགས་སྐུལ་བྱེད་བཞིན་ཡོད་འདུག

འདི་གའི་གསར་འགོད་པར་ཁུངས་ལྡན་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། བོད་ཁུལ་དུ་ཏོག་དབྱིབས་རིམས་ནད་ཁྱབ་གདལ་ཤུགས་ཆེན་འགྲོ་མུས་ཡིན་པས། དཔལ་ཡུལ་ཡ་ཆེན་སྒར་དུའང་ཐེམ་སྤང་བཀག་རྒྱ་བསྡམས་ཡོད་སྟབས། ཡ་ཆེན་སྒར་གྱི་གྲྭ་བཙུན་རྣམས་ཀྱིས་ཀྱང་གོང་རིམ་གྱི་བཀའ་བཞིན། རིམས་ནད་ཁྱབ་གདལ་མི་འགྲོ་བར་དོགས་ཟོན་ནན་མོ་བྱེད་མུས་ཡིན་ཡང་། ཉེ་ལམ་རྒྱ་ནག་གཞུང་གི་ཉེན་རྟོག་པ་དང་གཞུང་གི་ལས་བྱེད་མང་པོ་ཞིག་གིས་ཉིན་མཚན་གཉིས་སུ་གྲྭ་བཙུན་རྣམས་ཀྱི་སྡོད་ཁང་རེ་རེ་བྱས་ནས་ཞིབ་བཤེར་ནན་མོ་བྱེད་མུས་ཡིན་པ་མ་ཟད། ཞིབ་བཤེར་ཟིན་པའི་གྲྭ་བཙུན་དེ་དག་གི་མིང་ཐོ་སོགས་བསྡུ་རུབ་བྱེད་ཀྱི་ཡོད་སྟབས། ཡ་ཆེན་དགོན་དུ་ཕྱི་ནང་གི་མི་རྣམས་འགྲོ་སྐྱོད་གཏན་ནས་མི་ཆོག་ཀྱང་། ཉེན་རྟོག་པ་དང་ལས་བྱེད་གློ་བུར་དུ་ཡོང་ནས་ཞིབ་བཤེར་བྱེད་དུས། དེར་གནས་སྡོད་བྱེད་མུས་ཡིན་པའི་གྲྭ་བཙུན་རྣམས་ལའང་འཇིགས་སྣང་ཡོང་གི་ཡོད་སྐོར་འགྲེལ་བརྗོད་བྱས་སོང་།

ཡང་ཁོང་གིས། ཡ་ཆེན་སྒར་དུ་སྔོག་བཤེར་དང་མིང་ཐོ་བསྡུ་རུབ་བྱེད་པ་དང་བསྟུན། སྔོན་མ་རྒྱ་ནག་གཞུང་ལ་ཡ་ཆེན་སྒར་དུ་གནས་སྡོད་བྱེད་མཁན་གྱི་གྲྭ་བཙུན་རྣམས་ཀྱི་མིང་ཐོ་ཞིག་སྤྲད་པའི་ནང་དུ་ཚུད་མེད་པའི་ལྷ་ས་དང་། འབྲི་རུ། ནག་ཆུ། མདོ་སྨད་སོགས་ཀྱི་ཕྱོགས་ནས་ཡོང་བའི་གྲྭ་བཙུན་རྣམས་ལ་སྐད་ཆ་བཤད་དབང་དང་། མཐའ་ན་རང་གི་གྱོན་གོས་སོགས་ཀྱང་བསྡུ་གསོག་བརྒྱག་རྒྱུའི་དུས་ཚོད་མི་སྟེར་བར། རང་རང་གི་ཐོབ་ཐང་ལག་ཁྱེར་དུ་ཁོད་པའི་ས་གནས་སུ་བསྐྱལ་དང་སྐྱེལ་མུས་ཡིན་སྐོར་དང་། དེ་སྔ་ཕྱི་ལོ་ ༢༠༡༩ ཙམ་ནས་རྒྱ་ནག་གཞུང་གིས་ཡ་ཆེན་སྒར་གྱི་བདེ་འཇགས་སྲུང་སྐྱོབ་ཆེད་དུ་ཡིན་ལུགས་བཤད་ནས། དགོན་པའི་ནང་དུ་ལྟ་སྲུང་དམག་མི་དང་ལས་བྱེད་མང་པོ་ཞིག་འགྲེམས་འཇོག་བྱས་ཡོད་པ་མ་ཟད།  ད་ལན་གློ་བུར་དུ་ཏོག་དབྱིབས་རིམས་ནད་ལ་ཁ་གཡར་ནས་ཡ་ཆེན་ཆོས་སྒར་དུ་དམག་མི་དང་ལས་བྱེད་སོགས་འགྲེམས་འཇོག་བྱས་ནས་ཞིབ་བཤེར་བྱེད་མུས་ཡིན་སྐོར་སོགས་འགྲེལ་བརྗོད་བྱས་སོང་།

ད་ལྟ་བོད་ཀྱི་རྒྱལ་ས་ལྷ་ས་སོགས་སུ་ཏོག་དབྱིབས་རིམས་ནད་ཁྱབ་གདལ་གྱི་དབང་གིས་ཐེམ་སྤང་བཀག་རྒྱ་བསྡམས་ནས་ཟླ་གཅིག་ལྷག་འགྲོ་མུས་ཡིན་པའི་ཁར། ཁ་སང་བར་དུ་རྒྱ་ནག་གཞུང་གིས་དབྱེ་བགོས་བྱས་པའི་བོད་རང་སྐྱོང་ལྗོངས་ཟེར་བ་གཅིག་པུའི་ནང་ནད་པ་གྲངས་ ༡༦།༡༥༧ ལྷག་བྱུང་ཡོད་ཅིང་། དྲ་ལམ་ཁག་ཏུ་རྒྱ་ནག་གཞུང་གི་རིམས་ནད་འགོག་སྲུང་མི་སྣ་ཟེར་བས་རིམས་ནད་འགོས་པའི་ནད་པ་གཙོས་བོད་མི་མང་པོ་ཞིག་ས་གནས་གཞན་དང་ཚོམས་ཆེན་སོགས་སུ་ཟུར་བཀག་ཏུ་བཞག་པ་ལས། ནད་རྟགས་ཐོན་པའི་རིགས་ལ་སྨན་བཅོས་དང་ཟ་མ་སོགས་མི་སྟེར་བར། བོད་མི་རྣམས་ལ་དཀའ་ངལ་འཕྲད་མུས་ཡིན་པའི་བརྙན་ཐུང་མང་པོ་ཞིག་ཀྱང་མཐོང་རྒྱུ་ཡོད་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

ཆུ་ཚོད་ ༢༣ སྔོན་ལ།
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤
TT
Mobile App

ལོ་འཁོར་སྙན་ཐོ་དང་བོད་ནང་གི་ཆོས་དད་རང་དབང་གི་དམིགས་བསལ་སྙན་ཐོ་ཞིག་འདོན་སྤེལ་གནང་སོང་།

༢༠༢༦/༠༦/༠༤
tttt
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཀ་ན་ཊ་ཀའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ། 

༢༠༢༦/༠༦/༠༤
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བོད་ལ་ཕེབས་རྒྱུའི་ཐུགས་རེ་ཡོད། 

༢༠༢༦/༠༦/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese