མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཉིན་གྲངས་གཉིས་རིང་གི་དབུ་མ་འཇུག་པ་རང་འགྲེལ་གྱི་བཀའ་ཆོས་སྩལ་མགོ་བཙུགས་སོང་།

བོད་ཀྱི་དུས་བབ།
༢༠༢༢/༠༩/༡༥
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་སྨན་སོགས་བཟས་ནས་སེམས་ལྷོད་ལྷོད་ཆགས་ཐབས་མེད་པར་སེམས་དཀྲུག་མཁན་གྱི་ཞེ་སྡང་དང་ང་རྒྱལ། ཕྲག་དོག་སོགས་སྤངས་ན་སེམས་ལྷོད་ལ་བབ་ཐུབ་ཀྱི་ཡོད་སྐོར་སོགས་གསུངས་སོང་།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག ༢༠༢༢། ༩། ༡༥ བོད་ཀྱི་དུས་བབ་ཀྱི་པར།

ལྷོ་ཤར་ཨེ་ཤ་ཡའི་དད་ལྡན་ཆོ་ཞུ་བ་རྣམས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་ལྟར། དེ་རིང་ནས་ཕྱི་ཚེས ༡༦ བར་ཉིན་གཉིས་རིང་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ལྷོ་ཤར་ཨེ་ཤ་ཡའི་དད་ལྡན་མང་ཚོགས་རྣམས་ལ་དཔལ་ལྡན་ཟླ་བ་གྲགས་པས་མཛད་པའི་དབུ་མ་འཇུག་པའི་རང་འགྲེལ་གྱི་བཀའ་ཆོས་སྩལ་མགོ་བཙུགས་སོང་།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རྩ་བ་ཤེས་རབ་ལ་རབ་བྱེད་ ༢༧ ཡོད་པ་རེད། དེའི་མཇུག་དེར་སྟོན་པའི་བཀའ་དྲིན་དྲན་པའི་སྒོ་ནས་ཕྱག་འཚལ་བའི་ཚིགས་སུ་བཅད་པ་དེ་ནུས་པ་ཆེན་པོ་རེད་འདུག གང་གི་ཐུགས་བརྩེས་ཉེར་བཟུང་ནས། །ལྟ་བ་ཐམས་ཅད་སྤངས་པའི་ཕྱིར། །དམ་པའི་ཆོས་ནི་སྟོན་མཛད་པའི། །གོོ་ཏམ་དེ་ལ་ཕྱག་འཚལ་ལོ། ཞེས་པ་དེ་ཧ་ཅང་འདུས་ཆེན་པོ་འདུག བརྩེ་བ་སྙིང་རྗེ་ཆེན་པོའམ་ཐུགས་རྗེ་ཆེན་པོས་ཀུན་ནས་བསླངས་ཏེ། སྡུག་བསྔལ་གྱི་རྩ་བ་མི་ཤེས་པའི་རྨོངས་པ་སེལ་ཆེད་ཕྱིན་ཅི་ལོག་པའི་ལྟ་བ་མཐའ་དག་སེལ་བ་དང་། ཐོས་བྱུང་གི་ཤེས་རབ་དང་བསམ་བྱུང་གི་ཤེས་རབ། སྒོམ་བྱུང་གི་ཤེས་རབ་བཅས་རིམ་བཞིན་སྐྱེས་ནས་སྟོང་ཉིད་ཀྱི་ལྟ་བར་བསམ་བློ་གཏོང་དུས་ཐོག་མའི་ཆར་ཐོས་བྱུང་གི་ཤེས་རབ་ཙམ་རེད། ངོས་རང་གི་ཉམས་མྱོང་གི་ཐོག་ནས་ཞུས་ན། ཐོག་མར་བླ་མ་བཀའ་དྲིན་ཅན་ཚོས་སྟོང་ཉིད་ཀྱི་ལྟ་བ་གསུངས་སྐབས་མོས་པ་སྐྱེས་པ་ཞིག་དང་། གཙོ་བོ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རྩ་བ་ཤེས་རབ་དང་། དཔལ་ལྡན་ཟླ་བ་གྲགས་པས་མཛད་པའི་རྩ་བ་ཤེས་རབ་ཀྱི་དོན་འགྲེལ་དབུ་མ་འཇུག་པར་ཡང་ཡང་བལྟས་ནས་ཡོང་སྐབས། ཐོག་མར་ཟབ་མོ་སྟོང་པ་ཉིད་ཀྱི་དོན་ལ་ཐོས་བྱུང་གི་ཤེས་རབ་ཅིག་སྐྱེས། དེ་ནས་ཡང་ཡང་བསམ་བློ་གཏོང་དུས་སེམས་ཀྱི་གཏིང་ནས་ངེས་པ་ཐོབ་པའི་བསམ་བྱུང་གི་ཤེས་རབ་ཅིག་སྐྱེས། སྒོམ་བྱུང་གི་ཤེས་རབ་ཟེར་བ་ནི་སྦྱོར་ལམ་ཐོབ་ན་མ་གཏོགས་ལམ་སེང་ཡོང་གི་མེད།  གང་ལྟར་བསམ་བློ་བཏང་ན་སེམས་ལ་འགྱུར་བ་ཐེབས་ཀྱི་ཡོད་པ་དང་། ཆོས་རྣམས་ཀྱི་ཡིན་ལུགས་ཇི་ལྟར་སྣང་བ་ནང་བཞིན་དོན་ལ་གྲུབ་མེད་པ་ཞིག་རེད། ཚད་རྡུལ་དངོས་ཁམས་རིག་པས་ཀྱང་འདི་ལྟར་བཤད་ཀྱི་ཡོད། ཆོས་གང་དང་གང་ཡིན་རུང་དོན་གྱི་ངོས་ནས་ཡོད་པ་ཞིག་ང་ཚོར་སྣང་ཡོང་དུས། སྣང་བ་ལྟར་དུ་མེད་ཅེས་སྟོང་ཉིད་ཀྱི་གོ་བ་ཞིག་སླེབས་ཀྱི་རེད། ཅེས་གསུངས་སོང་།

ཡང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། སངས་རྒྱས་བཅོམ་ལྡན་འདས་ཀྱིས་གདུལ་བྱར་བླང་དོར་གྱི་གནས་སྟོན་ནས་གཞན་དོན་མཛད་ཡོད་པ་རེད། དེ་ཡང་གཞན་ལ་ཕན་བདེ་བསྒྲུབ་རྒྱུ་ཟེར་བ་དེ་ཟས་གོས་གནས་མལ་སྦྱིན་པ་ཙམ་མིན་པར། ཕ་རོལ་པའི་ཕྱིན་ཅི་ལོག་གི་ལྟ་བ་དེ་དག་སེལ་དགོས་པ་ཞིག་རེད། ངོས་རང་སྒེར་གྱི་ངོས་ནས་ཆ་བཞག་ན་ཐོག་མར་མངོན་རྟོགས་རྒྱན་བློ་ལ་བཟུང་ནས། དབུ་མ་འཇུག་པ་བློ་ལ་བཟུང་། རྒྱན་འཇུག་གཉིས་པོ་འདི་ཡང་ཡང་འདོན་གྱི་ཡོད། མངོན་རྟོགས་རྒྱན་གྱིས་ས་བཅུ་ལམ་ལྔའི་འགྲོ་སྟངས་དང་ཐེག་པ་གསུམ་གྱི་ལམ་གྱི་འགྲོ་སྟངས་དེ་དག་ཆ་ཚང་གསུངས་ཡོང་གི་འདུག དབུ་མ་འཇུག་པས་སྟོང་ཉིད་ཀྱི་ལྟ་བ་གཙོ་བོ་རྩལ་དུ་བཏོན་ནས་གསུང་གི་ཡོད་རེད། དེར་བརྟེན་དེ་རིང་ཁ་སང་ཡིན་རུང་དབུ་མ་འཇུག་པ་དང་འཇུག་པ་རང་འགྲེལ་དེ་དག་ངོས་རང་གི་ཅོག་རྩེའི་སྟེང་དུ་བཞག་སྟེ་ཀློག་བཞིན་ཡོད། གནད་འགག་ཆེན་པོ་རེད་འདུག ཅེས་དང་། ཕྱིན་ཅི་ལོག་གི་ལྟ་བ་སེལ་བར་སྨོན་ལམ་འདེབས་པ་དང་སྔགས་བགྲངས་ནས་མེད་པ་ཆགས་ཀྱི་མེད་པ་དང་། ཕྱིན་ཅི་ལོག་གི་ལྟ་བ་དེ་གང་འདྲ་ཡོད་པ་དང་བློའི་འཛིན་སྟངས་གང་འདྲ་ཡོད་པ་དེ་དག་ཤེས་པར་བྱས་ནས་གཏན་ཚིགས་ཀྱི་རིགས་མང་པོར་བསམ་བློ་གཏོང་ཡོང་དུས། གང་ལྟར་ཕྱི་ནང་གི་ཆོས་གང་དང་གང་ཡིན་རུང་དོན་གྱི་ངོས་ནས་ཡོད་པ་ཞིག་ང་ཚོར་སྣང་གི་ཡོད་རེད་དེ། སྣང་བ་ལྟར་དུ་གྲུབ་མེད་པ་སེམས་ནང་ཁོ་ཐག་ཆོད་པ་ཞིག་ཡོང་ཐུབ་ཀྱི་ཡོད་སྐོར་སོགས་གསུངས་སོང་།

དད་ལྡན་ཆོས་ཞུ་བ། ༢༠༢༢།༩།༡༥ བོད་ཀྱི་དུས་བབ་ཀྱི་པར།

ཡང་མགོན་པོ་གང་ཉིད་མཆོག་གིས།  ད་ལྟའང་རྒྱ་མི་རིགས་ཀྱི་ནང་དུ་གུང་ཁྲན་ཏང་གི་བསམ་བློ་གུ་དོག་པོ་ཡོད་པ་དེ་དག་གིས་བོད་གངས་ཅན་ལྗོངས་ལ་ཡོད་པའི་སངས་རྒྱས་ཀྱི་ཆོས་དེ་དག་མེད་པར་བཟོ་རྒྱུའི་ཐབས་ཤེས་རིམ་པ་བྱས་ཀྱང་། རྩ་བ་ཉིད་ནས་བཟོས་ཐུབ་མེད་པ་དང་། བོད་རྒྱ་ཆེ་མི་མང་གི་ལྷག་བསམ་དང་སྙིང་སྟོབས་དེ་དག་རི་བཙུགས་པ་ནང་བཞིན་རེད་འདུག དེར་བརྟེན་སངས་རྒྱས་བཅོམ་ལྡན་འདས་ཀྱི་བདེན་གཉིས་ཟུང་དུ་འབྲེལ་བའི་ཐོག་ནས་བློ་སྦྱང་རྒྱུའི་བསམ་བློ་གཏོང་སྟངས་དེ། འཛམ་གླིང་འདིའི་སྒང་ལ་དམིགས་བསལ་ཆགས་ཀྱི་ཡོད་རེད། འོན་ཀྱང་། ང་ཚོ་ནང་པ་ཡིན། ཚང་མ་ནང་པ་བྱེད་དགོས་རེད་ཟེར་གྱི་ཡོད་མ་རེད། ཅེས་དང་། ང་ཚོས་སངས་རྒྱས་ཀྱི་བསྟན་པ་ཉག་ཕྲག་བའི་དུས་ཚོད་གཉན་འཕྲང་ཅན་གྱི་སྐབས་སུ། སྟོན་པའི་ཆོས་ལུགས་ཟབ་ཅིང་རྒྱ་ཆེ་བ་དེ་འདྲ་སློབ་སྦྱོང་བྱ་རྒྱུ་དང་བསམ་བློ་གཏང་རྒྱུ་ཡོད་པ། དེ་བཞིན་རིམ་པས་སེམས་ནང་དུ་མྱོང་བ་སྐྱེ་རྒྱུ་ཡོད་པ་དེ་མངོན་སུམ་ཡིན་པ་དང་། ང་ཚོ་བཙན་བྱོལ་བ་ཞིག་ཡིན་རུང་། དུས་ད་ལྟའང་དཔལ་ལྡན་ཟླ་བ་གྲགས་པའི་གཞུང་ལ་སོགས་པ་བལྟ་རྒྱུའི་གོ་སྐབས་ཡོད་པ་དེ་རྩ་ཆེན་པོ་ཡིན་སྐོར། གཞན་ཡང་། སྟོང་ཉིད་ཀྱི་ལྟ་བ་དང་བྱང་ཆུབ་ཀྱི་སེམས་གཉིས་པོས་སེམས་ལ་ཕན་ཐོགས་ཆེན་པོ་ཡོང་གི་ཡོད་པ་དང་། དེའི་ཐོག་ལ་བསམ་བློ་གཏིང་ཟབ་པ་དང་རྒྱ་ཆེན་པོ་བཏང་ནས་སེམས་སུ་འགུལ་སྐྱོད་ཐེབས་དུས། རང་བཞིན་གྱིས་སེམས་ལྷོད་ལྷོད་ཆགས་བསྡད་མཁན་གང་ཟག་གཉིད་སྐྱིད་པ་དང་གཟུགས་པོ་བདེ་བ། ཉིན་རེའི་མི་ཚེ་ཞི་ལྷོད་དང་བག་ཕེབས་པོ་ཡོང་ཐུབ་ཀྱི་ཡོད་པ་རེད། དེ་ཡང་སེམས་ཞི་ལྷོད་ཡོང་བར་སྨན་སོགས་བཟས་ཏེ་སེམས་ལྷོད་ལྷོད་ཆགས་པ་ཞིག་མིན་པར། བསམ་བློ་གཏོང་ཕྱོགས་ཀྱི་ཐོག་ནས་སེམས་དཀྲུག་མཁན་གྱི་ཞེ་སྡང་དང་ང་རྒྱལ། ཕྲག་དོག་ཟེར་བ་དེ་དག་གི་གཞི་རྩ་མེད་པ་ཆགས་པ་དེའི་སྐོར་བསམ་བློ་གཏོང་དུས། རང་བཞིན་གྱིས་སེམས་ལྷོད་ལྷོད་ཆགས་ཀྱི་ཡོད་སྐོར་དང་། སེམས་ཀྱིས་བརྩེ་བའི་ཉམས་ལེན་ཡག་པོ་བྱེད་དེ། སྟོང་ཉིད་ཀྱི་ལྟ་བ་དང་བྱང་ཆུབ་ཀྱི་སེམས་ཟུང་དུ་འབྲེལ་བའི་ཐོག་ནས་ཡང་ནས་ཡང་དུ་བསམ་བློ་བཏང་ན། ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་མིན་ལ་མ་ལྟོས་པར། ཉིན་རེ་བཞིན་དུ་སེམས་ལ་ཞི་བདེ་དང་། སེམས་ལྷོད་ཤིག་ཤིག་ཡོང་རྒྱུ་ཡོད་པ་རེད། དེར་བརྟེན་ཚང་མས་ཐུགས་ལ་བཅངས་དགོས་པ་སོགས་ཀྱི་བཀའ་སློབ་ལམ་སྟོན་གནང་སོང་།

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

༢༠༢༦/༠༢/༠༢
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩
British Prime Minister Keir Starmer with Chinese President Xi Jinping. Image source - X/@EuroPostAgency
གསར་འགྱུར།

བོད་ནང་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་ཡིག་ཕུལ།

༢༠༢༦/༠༡/༢༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese