མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཉིན་གྲངས་གཉིས་རིང་གི་དབུ་མ་འཇུག་པ་རང་འགྲེལ་གྱི་བཀའ་ཆོས་མཇུག་སྒྲིལ་སོང་།

བོད་ཀྱི་དུས་བབ།
༢༠༢༢/༠༩/༡༦
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ལྷོ་ཤར་ཨེ་ཤ་ཡའི་དད་ལྡན་ཆོས་ཞུ་བ་་རྣམས་ལ་དབུ་མ་འཇུག་པའི་རང་འགྲེལ་གྱི་བཀའ་ཆོས་མཇུག་སྒྲིལ་ཏེ་རང་རྒྱུད་མ་འདུལ་བ་དེའི་ཐོག་ནས་ལས་ངན་པ་བསགས་ཏེ་སྡུག་བསྔལ་བྱུང་གི་ཡོད་སྐོར་སོགས་གསུངས་སོང་།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག ༢༠༢༢།༩།༡༦

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། དེ་རིང་ཆོས་འབྲེལ་བྱ་རྒྱུའི་ཉིན་གཉིས་པ་རེད། གང་ལྟར་ང་ཚོ་ཚང་མ་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་ཤ་སྟག་ཆགས་བསྡད་ཡོད་རེད། དུད་འགྲོ་ཚུན་ཆད་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་གཅིག་མཚུངས་རེད། དེར་བརྟེན་འཛམ་གླིང་འདིའི་སྒང་ལ་སྟོན་པ་མང་པོ་བྱུང་ཡོད་རེད། ད་ལྟའང་འཛམ་གླིང་འདིའི་སྒང་ལ་མུ་སྟེགས་པའི་སྟོན་པ་དང་ཁ་ཆེའི་སྟོན་པ་ཡོད་རེད། དེ་བཞིནའཇིའུ་ཡི་སྟོན་པ་ཡོད་རེད། སྟོན་པ་དེ་དག་སྡུག་བསྔལ་སེལ་རྒྱུའི་སླད་དུ་འགྲོ་དོན་མཛད་མཁན་ཤ་སྟག་ཆགས་བསྡད་ཡོད་རེད། སངས་རྒྱས་བཅོམ་ལྡན་འདས་ཀྱིས་སྡུག་བསྔལ་ཟེར་བ་དེ་རྒྱུ་མེད་པ་ལས་བྱུང་བ་མ་རེད། སྡུག་བསྔལ་དེ་རང་རང་གི་རྒྱུ་ལ་བརྟེན་ནས་བྱུང་བ་རེད། རྒྱུ་དེའང་ང་རང་ཚོའི་སྡུག་བསྔལ་ཉམས་སུ་མྱོང་མཁན་སོ་སོས་བསམ་བློ་དང་བྱ་སྤྱོད་ཀྱི་ཐོག་ནས་སྡུག་བསྔལ་གྱི་རྒྱུ་བསྒྲུབ་ཡོང་གི་ཡོད་རེད། ཅེས་སངས་རྒྱས་བཅོམ་ལྡན་འདས་ཀྱི་བསླབ་བྱ་མདོར་བསྡུས་ནས་སྡུག་བསྔལ་ཤེས་པར་བྱ། ཀུན་འབྱུང་སྤང་བར་བྱ། འགོག་པ་མངོན་དུ་བྱ། ལམ་བསྒོམ་པར་བྱ་ཟེར་ནས་བདེན་བཞིའི་ངོ་བོ་ལ་བཟླས་པ། བདེན་བཞིའི་བྱ་བ་ལ་བཟླས་པ། བདེན་བཞིའི་བྱ་བ་འབྲས་བུ་དང་བཅས་པ་ལ་བཟླས་པ་ཞེས་གསུངས་པ་དེས། སྡུག་བསྔལ་ཟེར་བ་དེ་ཤེས་དགོས་པ་རེད། དེ་ཡང་སྡུག་བསྔལ་ངོ་འཕྲོད་པ་ཞིག་དགོས་རེད། དེ་མིན་སྐབས་རེ་སྡུག་བསྔལ་དེ་ཕྱི་རྟག་ཏུ་བདེ་སྐྱིད་ཀྱི་རང་བཞིན་འདྲ་པོ་ཞིག་གིས་ནང་རྟག་ཏུ་སྡུག་བསྔལ་ཡོང་རྒྱུ་ཞིག་ཆགས་ཡོང་དུས། སྡུག་བསྔལ་ཤེས་དགོས་ཀྱི་ཡོད་རེད། སྡུག་བསྔལ་གྱི་རྒྱུ་དེ་རྒྱུ་མེད་པ་ལས་རང་གར་བྱུང་བ་མ་རེད། དེར་བརྟེན་སྡུག་བསྔལ་ཀུན་ཏུ་འབྱུང་རྒྱུའི་རྒྱུ་དེ་ང་ཚོས་རྩད་གཅོད་བྱས་ནས་སྡོམ་དགོས་ཀྱི་ཡོད་རེད། གང་ལྟར་འབྲས་བུ་སྡུག་བསྔལ་མི་འདོད་པ་ཡིན་པས། འབྲས་བུ་སྡུག་བསྔལ་གྱི་རྒྱུ་དེ་ཤེས་པར་བྱས་ནས་སྡོམ་དགོས་ཀྱི་རེད། དེ་རིགས་པ་དང་ལྡན་པ་རེད་འདུག སྨོན་ལམ་བརྒྱབ་ནས་སྡུག་བསྔལ་སེལ་གྱི་རེད་ཟེར་ནས་གསུངས་ཡོད་མ་རེད། སྡུག་བསྔལ་གྱི་རྒྱུ་ཀུན་འབྱུང་ཟེར་བ་དེ་ཕྱི་ལོགས་ལ་མཛུབ་མོ་བཙུགས་པ་ཕལ་ཆེར་མ་རེད། ལས་དང་ཉོན་མོངས་པའི་ཀུན་འབྱུང་རང་གི་རྒྱུད་མ་འདུལ་བ་དེའི་ཐོག་ནས་ལས་ངན་པ་བསགས་པ་དེས་སྡུག་བསྔལ་སྐྱེས་ཀྱི་ཡོད་རེད། དེས་ན། ཀུན་འབྱུང་སྡུག་བསྔལ་གྱི་རྒྱུ་འདི་རང་གི་སེམས་མ་འདུལ་བའི་ཐོག་ནས་སྡུག་བསྔལ་ཞིག་ཡོང་རྒྱུའི་རྒྱུ་འདི་འགྲུབ་ཀྱི་ཡོད་པར་བརྟེན། དེ་ཡག་པོ་ཤེས་པར་བྱས་ཏེ་མེད་པར་བཟོ་ཐུབ་རྒྱུ་འབྱུང་ན། འགོག་པའི་བདེན་པ་ཟེར་བ་དེ་ཐོབ་ཡོང་གི་རེད། འགོག་པ་མངོན་དུ་བྱ། སྡུག་བསྔལ་གཏན་དུ་ཟད་པའི་བྲལ་བ་དེ་འདྲའི་མངོན་དུ་བྱེད་ཐུབ་ཀྱི་རེད། དེ་ཡང་དེ་འདྲའི་དམིགས་ཡུལ་ཆགས་ཡོང་དུས་འགོག་བདེན་འཐོབ་རྒྱུའི་དོན་དུ་ལམ་བསླབ་པ་གསུམ་གྱི་ལམ་བསྒོམ་དགོས་ཀྱི་རེད་ཟེར་ནས་གཙོ་བོ་ལམ་གྱི་བདེན་པ་རེད། དེ་ལའང་སྔོན་ལ་ལུས་ཀྱི་སྡོམ་པ་སྲུང་བ་དང་ངག་གི་སྡོམ་པ་བསྲུང་རྒྱུ་སོགས་བྱེད་དེ། གཙོ་བོ་རང་སེམས་ཉོན་མོངས་པའི་གཞན་དབང་དུ་མ་གཏང་བ་བྱ་རྒྱུ་དེ་ཡིན་པ་རེད། ཅེས་གསུངས་སོང་།

 ཡང་རྒྱལ་བ་རིན་པོ་ཆེ་མཆོག་གིས། བདེན་པ་བཞི་ལ་རྟེན་མཁན་གྱིས་སྡུག་བསྔལ་གྱི་རྒྱུ་ངོས་འཛིན་ཏེ། རྒྱུ་དེ་མཐར་གཏུགས་ན་ཕྱིན་ཅི་ལོག་གི་བློ་གཅིག་གི་སྡུག་བསྔལ་ཡོང་གི་ཡོད་པར་བརྟེན། ཕྱིན་ཅི་ལོག་གི་བློ་དེ་སེལ་ཐུབ་རྒྱུ་ཡོད་མེད་སོགས་ལ་བསམ་བློ་བཏང་སྟེ། གཙོ་བོ་བདེན་བཞིའི་རྣམ་གཞག་ཤེས་པའི་ཐོག་ནས་སེམས་རྒྱུད་མ་ཞི་བ་དེ་ཞི་བར་བྱེད་དེ། མ་ཞི་བའི་རྐྱེན་གྱིས་བྱུང་བའི་སྡུག་བསྔལ་དེ་དག་རིམ་པས་མེད་པར་བཟོ་ཐུབ་པ་བྱ་དགོས་པའི་སྐོར་དང་། ཐོག་མར་སྡུག་བསྔལ་འདི་སྡུག་བསྔལ་གྱི་སྡུག་བསྔལ་དང་འགྱུར་བའི་སྡུག་བསྔལ། འདུ་བྱེད་ཀྱི་སྡུག་བསྔལ་ཟེར་བ་དེ་དག་ངོ་འཕྲོད་པ་བྱས་རྗེས། ལས་ཀྱི་ཀུན་འབྱུང་དང་ཉོན་མོངས་པའི་ཀུན་འབྱུང་དེ་དག་ཤེས་པར་བྱ་དགོས། དེ་ནས་དེ་ལ་གཉེན་པོ་ག་རེ་ཡོང་གི་ཡོད་པའི་ཐོག་ལ་བསམ་བློ་གཏིང་ཟབ་བཏང་སྟེ། མི་རྟག་པ་ལ་རྟག་པར་འཛིན་པའི་བློ་དེ་ལ་མི་རྟག་པའི་རྟོག་པའི་བློ་ཡི་རྟག་འཛིན་གྱི་བློ་དེ་རིམ་གྱིས་ཤུགས་ཆུང་དུ་འགྲོ་རྒྱུ་དང་། སྡུག་བསྔལ་བདེ་བར་ཞེན་མཁན་གྱི་བློ་དེས་སྡུག་བསྔལ་ཕྲ་རགས་ཀྱི་ཐོག་ལ་བསམ་བློ་ལེགས་པོ་བཏང་ན། སྡུག་བསྔལ་བདེ་བར་ཞེན་མཁན་གྱི་བློ་དེ་རིམ་པས་ཤུགས་ཆུང་དུ་འགྲོ་ཐུབ་ཀྱི་ཡོད་པ་དང་། མཐར་སྡུག་བསྔལ་གྱི་རྒྱུ་ཀུན་འབྱུང་ལ་གཉེན་པོ་བསྟེན་ནས་མེད་པ་ཆགས་དུས། དེ་དང་བྲལ་བའི་ཡོན་ཏན་ཞིག་མངོན་དུ་བྱེད་ཐུབ་པ་དེས་འགོག་བདེན་མངོན་དུ་བྱ་རྒྱུ་དགོས་སྐོར་གྱི་བཀའ་སློབ་ལམ་སྟོན་གནང་སོང་།

ལྷོ་ཤར་ཨེ་ཤ་ཡའི་དད་ལྡན་ཆོས་ཞུ་བ། ༢༠༢༢།༩།༡༦

 དད་ལྡན་ཆོས་ཞུ་བ་ཞིག་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ད་ལོ་ཕྱག་དེབ་གསར་པ་གདོན་རྒྱུའི་འཆར་གཞི་ཡོད་སྐོར་བཀའ་འདྲི་ཞུས་པར། ༧མགོན་པོ་མཆོག་གིས།  ངོས་རང་གིས་དེབ་གསར་པ་འདོན་རྩིས་མེད།  ངོས་རང་གིས་རྩོལ་བ་བྱས་ཏེ་དེབ་བཏོན་གྱི་ཡོད་མ་རེད། ངོས་རང་གི་གྲོགས་པོ་དང་ཡིག་ཚང་གི་ལས་བྱེད། དེ་བཞིན་ངོས་རང་ལ་དགའ་པོ་བྱེད་མཁན་དེ་དག་གིས་ངོས་རང་གིས་དེ་སྔ་ལབ་པའི་སྐད་ཆ་དེ་དག་བང་བསྒྲིགས་ནས་དེབ་བཟོས་པ་དེ་འདྲ་ཡོང་གི་འདུག འོན་ཀྱང་ངོས་རང་ནས་དམིགས་བསལ་གྱིས་དོ་སྣང་བྱས་ནས་དེ་འདྲའི་ཡི་གེ་བྲིས་པ་གང་ཡང་བྱེད་ཀྱི་མེད། ཅེས་བཀའ་ལན་གནང་སོང་།

 ཡང་ཆོས་ཞུ་བ་ཞིག་གིས་དེང་སང་མི་ཚང་མ་བྲེལ་བ་ཚ་པོ་རེད། ཕ་མ་ཡིན་ནའང་ཕྲུ་གུ་ལ་ཡག་པོ་ལྟ་རྒྱུའི་དུས་ཚོད་ཡོང་གི་མི་འདུག དེ་འདྲ་སོང་ཙང་ཕ་མས་ཕྲུ་གུ་ལ་བྱམས་སྐྱོང་མང་ཙམ་བྱ་ཐུབ་རྒྱུ་དང་སློབ་སྦྱོང་ཡག་པོ་སྤྲོད་པར་ག་རེ་བྱ་དགོས་ཀྱི་ཡོད་སྐོར་བཀའ་འདྲི་ཞུས་པར།  མགོན་པོ་མཆོག་གིས། དེའི་སྐོར་ལ་ངོས་རང་གིས་ཞེ་དྲགས་བཤད་རྒྱུ་ཡོད་མ་རེད། ངོས་རང་ལ་ཕྲུ་གུ་ཡོད་མ་རེད་པཱ། འདི་ཁྱེད་རང་ཚོ་བཟའ་ཚང་བུ་ཕྲུག་ཡོད་པ་རྣམས་ཀྱིས་དངོས་ཡོད་གནས་ཚུལ་ལ་བལྟས་ཏེ། ཉམས་མྱོང་གསོག་གིན་བསམ་བློ་གཏང་རྒྱུ་དེ་རེད། བཅོམ་ལྡན་འདས་ཀྱིས་ཀྱང་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་། དེ་བཞིན་བཅོམ་ལྡན་འདས་ཀྱི་རྗེས་འབྲངས་བ་ཚོས་ཁྱིམ་སྤངས་ཏེ་དོན་ཉུང་བྱ་ཉུང་བྱས་ནས་སོ་སོའི་སྒོ་སྲུང་པའི་ནུས་པ་གང་ཡོད་པ་དེ་ཆོས་ཕྱོགས་ཀྱི་ཐོག་ནས་འགྲོ་བསྡད་ཡོད་པ་རེད། དེ་ནང་པ་གཅིག་པུ་ལ་མིན་པར་ཧིན་དྷུ་འི་ཆོས་པ་དང་ཁ་ཆེའི་ཆོས་པ་མང་པོའི་ནང་དེ་འདྲ་ཡོད་པ་རེད། ཅེས་བཀའ་ལན་གནང་སོང་།

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

ཆུ་ཚོད་ ༥ སྔོན་ལ།
མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese