མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ནང་ཏོག་ནད་ཁྱབ་གདལ་གྱི་མིང་འོག་ནས་དཀའ་ངལ་འཕྲད་བཞིན་པར་མཆོད་འབུལ་སྨོན་ལམ་ཚོགས།

བོད་ཀྱི་དུས་བབ།
༢༠༢༢/༠༩/༢༡
Share on FacebookShare on TwitterShare on EmailShare on Whatsapp

སྲིད་སྐྱོང་མཆོག་གིས་ད་ལྟའི་བོད་ནང་གི་དཀའ་ངལ་དེ་རྒྱ་གཞུང་གིས་ཆབ་སྲིད་ལ་སྒྲོ་བཏགས་ནས་ཕན་པ་ལས་གནོད་པར་འགྲོ་བའི་ཉེན་ཁ་ཆེ་སྟབས། གསར་འགོད་བརྒྱུད་བསྒྲགས་ཚད་ལྡན་བྱ་རྒྱུ་གལ་ཆེན་ཡིན་སྐོར་གསུངས་སོང་།

པར་དབང་། བོད་ཀྱི་དུས་བབ་གསར་ཁང་།

དེ་རིང་ཞོགས་པའི་ཆུ་ཚོད་ ༩།༣༠ སྟེང་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་གོ་སྒྲིག་འོག་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་ནང་གི་ཏོག་དབྱིབས་གཉན་རིམས་ཀྱི་ཛ་དྲག་གནས་སྟངས་ལ་གདུང་སེམས་མཉམ་བསྐྱེད་ཆེད་མཆོད་འབུལ་སྨོན་ལམ་ཞིག་ཚོགས་སོང་བ་དང་། སྐབས་དེར་བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་མཆོད་འབུལ་སྨོན་ལམ་བྱེད་དགོས་དོན་ནི། ཉེ་ཆར་བོད་མདོ་སྟོད་སྨད་བར་གསུམ་ཁུལ་དུ་ས་ཡོམ་དང་ཆུ་ལོག ཏོག་དབྱིབས་གཉན་རིམས་འགོས་ཁྱབ་སོགས་ཀྱི་དཀའ་ངལ་འོག མི་མང་པོ་འདས་གྲོངས་སུ་ཕྱིན་ཡོད་པ་དང་། ད་ལྟ་ད་དུང་དཀའ་ངལ་འཕྲད་བཞིན་པའི་བོད་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་མཚོན་སླད་དུ་ཡིན་སྐོར་བརྗོད་སོང་།

བཀྲ་ཤིས་དོན་གྲུབ་ལགས་ཀྱིས། སྤྱིར་བཏང་དེ་རིང་གི་མཆོད་འབུལ་སྨོན་ལམ་ནི་རྣམ་རྒྱལ་གྲྭ་ཚང་གི་འགན་འཁུར་བའི་ཆོས་ཕྱོགས་ཀྱི་བྱེད་སྒོ་ཞིག་ཡིན། གདུང་སེམས་མཉམ་བསྐྱེད་བྱེད་དགོས་དོན་ཡང་ཚང་མའི་མཁྱེན་གསལ་ལྟར་དེང་སང་དྲ་ལམ་ཁག་ཏུ་བརྙན་ཐུང་བརྒྱུད་ནས་བོད་མི་མང་ལ་དཀའ་ངལ་འཕྲད་བཞིན་པ་དེ་ཛ་དྲག་གི་གནས་སྟངས་ཤིག་ཆགས་བསྡད་ཡོད། བོད་ནང་ནས་འབྱོར་བཞིན་པའི་སྙན་ངག་དང་རྩོམ་སོགས་ལ་བལྟས་པ་ཡིན་ནའང་འུ་ཐུག་ཐབས་ཟད་དུ་གྱུར་ཡོད་པ་རེད། རྒྱ་ནག་གཞུང་གིས་ནད་པ་རྣམས་ལ་སྨན་བཅོས་ཡག་པོ་བྱེད་དགོས་པ་ཞིག་ཆགས་ཡོད་ཀྱང་། དེ་ལས་ལྡོག་སྟེ་བོད་ནང་དུ་དྲག་གནོན་གྱི་སྡུག་རྩུབ་ཞིག་སྤེལ་བཞིན་ཡོད། ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་གྱིས་ནད་པ་སྟོང་ཕྲག་མང་པོ་བྱུང་ཡོད་པ་མ་ཟད། ནད་པར་སྨན་བཅོས་བྱེད་པར་སྨན་དང་ཉལ་ཁྲི་མ་རག་པའི་དཀའ་ངལ། མཐུན་རྐྱེན་གང་ཡང་མེད་པའི་གནས་སྟངས་སྐྱོ་བོ་ཞིག་གི་འོག་ལྷུང་ཡོད་འདུག ལྷག་པར་དུ་ཏོག་དབྱིབས་ནད་རིམས་འགོས་ཡོད་མེད་གཉིས་ཀ་ས་གནས་གཅིག་ཏུ་ཉར་བཞིན་ཡོད་སྟབས། ཏོག་དབྱིབས་གཉན་རིམས་ལས་ཐར་ཐུབ་པ་ཞིག་རེད་བསམ་གྱི་མི་འདུག དེའི་རྒྱབ་ལོགས་སུ་རྒྱ་ནག་གི་ཇུས་ངན་ཞིག་ཡོད་པ་མངོན་གསལ་རེད། འདིའི་ཐོག་མང་གཙོ་ཚོགས་པས་ལས་འགུལ་རབ་དང་རིམ་པ་སྤེལ་རྒྱུ་ཡིན་པས་མི་མང་ངོས་ནས་འཛུལ་ཞུགས་བྱེད་པར་འབོད་སྐུལ་ཞུ་རྒྱུ་ཡིན།  ཞེས་གསུངས་སོང་།

ཉེ་ཆར་སྐབས་ ༡༧ བོད་མི་མང་སྤྱི་འཐུས་གྲོས་ཚོགས་སྐབས་བཞི་བའི་སྟེང་སྤྱི་འཐུས་ཨ་འབྲུག་ཚེ་བརྟན་ལགས་ཀྱིས་ཀྱང་། བོད་ནང་དུ་ཏོག་དབྱིབས་གཉན་རིམས་ཀྱི་དཀའ་ངལ་ཤུགས་ཆེན་འཕྲད་བཞིན་པར་བོད་མི་མང་པོས་སེམས་འཚབ་བྱེད་ཀྱི་ཡོད་པ་མ་ཟད། བོད་ཀྱི་རྒྱལ་ས་ལྷ་ས་གཙོས་བོད་མི་མང་པོར་ཏོག་དབྱིབས་གཉན་རིམས་འགོས་པར་བསྙད་བཏགས་ནས་ཡུལ་ལུང་མང་པོའི་མི་མང་བཟང་བཙོན་དུ་བཀག་སྟེ། འགྲོ་འདུག་སོགས་ལ་རང་དབང་མེད་ཁར། ཉིན་མང་པོར་ཟ་མ་ཙམ་ཡང་མ་རེག་པའི་དཀའ་ངལ་རྒྱ་ནག་གི་བརྒྱུད་ལམ་ཁག་ཏུ་བརྙན་ལམ་ནས་འགྲེལ་བརྗོད་བྱས་ཡོད་སྟབས། བྱེས་ཀྱི་གདན་ས་སེ་འབྲས་གཉིས་ཀྱི་གྲྭ་མང་འདུ་འཛོམས་ཀྱི་ཐོག་ནས་སེམས་ཚོར་ཆེན་པོས་ཞབས་རིམ་གསོག་སྒྲུབ་བྱས་ཡོད་པ་དང་།  གྲོས་ཚོགས་ཀྱིས་ཀྱང་བོད་ནང་གི་བོད་མི་གནས་སྟངས་གལ་ཆེན་དུ་བརྩིས་ནས་ཞུ་གཏུགས་སོགས་གནང་དགོས་སྐོར་གསུངས་སོང་།

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གྲོས་ཚོགས་སྐབས་སུ་བོད་ནང་གི་ཏོག་དབྱིབས་གཉན་རིམས་ཀྱི་སྐོར་ལ།  ༧གོང་ས་མཆོག་ལ་དྭགས་སུ་བཞུགས་པའི་སྐབས་སུ་བོད་ནང་གི་ཏོག་དབྱིབས་གཉན་རིམས་སྐོར་བདེ་སྲུང་བཀའ་བློན་བརྒྱུད་ནས་སྙན་སེང་ཞུས་ཏེ། སྒྲོལ་མའི་གཟུངས་སྔགས་གང་མང་བསགས་དགོས་པའི་བཀའ་ཕེབས་པ་བཞིན་ཆོས་རིག་ལས་ཁུངས་ནས་དགོན་སྡེ་ཁག་དང་གཞིས་ཆགས་ཁག་བཀའ་མངགས་ཏེ་ཞབས་རིམ་སྒྲུབ་བཞིན་ཡོད་པ་དང་། ཕྱི་ཚེས་ ༧ ཉིན་བརྟན་བཞུགས་སྐབས་བོད་ནང་གི་ཏོག་དབྱིབས་གཉན་རིམས་ཀྱི་ཆེད་དུ་མང་ཚོགས་ཀྱིས་སྒྲོལ་མའི་གཟུངས་སྔགས་གང་མང་བསགས་དགོས་ཞེས་གསུངས་སོང་བ་དང་། རྒྱ་གཞུང་གིས་བོད་ནང་གི་ཏོག་དབྱིབས་ནད་པའི་གྲངས་ཐོ་ཞིག་ཉིན་ལྟར་འདོན་བཞིན་ཡོད་མོད། དེ་ལ་གཞི་རྩ་ཅི་ཙམ་ཡོད་མིན་ཤེས་ཀྱི་མི་འདུག་སྟབས། ལྷ་སའི་ནང་དུ་ཆ་བཞག་པ་ཡིན་ན་མི་འབོར་འབུམ་ ༨ ལྷག་ཡོད་པ་དང་། དེའི་ནང་གི་བརྒྱ་ཆ་ ༢༠ ནས་ ༣༠ ཟུར་བཀག་བྱས་ཡོད་ཚོད་དང་ཟ་མ་སོགས་བཙོན་ཁང་ལས་ཀྱང་སྐྱོ་བོ་ཡོད་སྐོར་དང་། བོད་ནང་གི་བོད་མི་ཚོར་དངོས་གནས་འཕྲོད་བསྟེན་གྱི་དཀའ་ངལ་འཕྲད་བཞིན་འདུག་པ་དང་། རྒྱ་ནག་ཁྱོན་ཡོངས་སུ་ཏོག་དབྱིབས་གཙང་སེལ་གྱི་སྲིད་ཇུས་སྤེལ་ནས་མི་འབོར་ས་ཡ་ ༣༠༠ ལྷག་ཟུར་བཀག་བྱས་པའི་གནས་ཚུལ་ཐོན་ཡོད་སྟབས། ཕྱི་ཟླ་ ༡༠ ནང་རྒྱ་ནག་གི་གྲོས་ཚོགས་མ་རྫོགས་བར་དུ་འགྱུར་བ་ཐེབས་རྒྱུ་མིན་པའི་བསམ་ཚུལ་སླེབས་ཀྱི་ཡོད་པས། ང་ཚོས་གསར་འགོད་གསལ་བསྒྲགས་ཚད་ལྡན་ཞིག་བྱེད་མ་ཐུབ་པ་ཡིན་ན། ད་ལྟའི་བོད་ནང་གི་དཀའ་ངལ་རྒྱ་གཞུང་གིས་ཆབ་སྲིད་ལ་སྒྲོ་བཏགས་ནས་ཕན་པ་ལས་གནོད་པར་འགྲོ་བའི་ཉེན་ཁ་ཆེ་སྐོར་སོགས་གསུངས་སོང་ལ། ཟླ་འདིའི་ཕྱི་ཚེས་ ༦ ཉིན་བོད་མིའི་སྒྲིག་འཛུགས་ངོས་ནས་བོད་ནང་ནད་ཡམས་ཁྱབ་གདལ་ཇེ་ཆེར་འགྲོ་བཞིན་པ་དང་འབྱུང་བའི་གོད་ཆགས་འོག་རྐྱེན་ལམ་དུ་ཤོར་བའི་གཞིས་བཞུགས་བོད་མི་ཚོའི་ཆེད་དུ་གཞུང་འབྲེལ་སྨོན་ལམ་གསུང་འདོན་གནང་ཡོད།

བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

གངས་སྐྱེས་སྒྲུབ་པ་སྐྱབས་དང་ཚེ་རིང་སྒྲོལ་མ་གཉིས་ཀྱི་འཕྲོད་བསྟེན་གནས་སྟངས་ཇེ་སྡུག་ཏུ་ཕྱིན། བོད་ཀྱི་དུས་བབ་ཀྱི་པར།
Mobile App

གངས་སྐྱེས་སྒྲུབ་པ་སྐྱབས་དང་ཚེ་རིང་སྒྲོལ་མ་གཉིས་ཀྱི་འཕྲོད་བསྟེན་གནས་སྟངས་ཇེ་སྡུག་ཏུ་ཕྱིན།

ཆུ་ཚོད་ ༡ སྔོན་ལ།
Front Slider

སྐབས་ ༡༧ པའི་ལས་ཐོག་སྤྱི་འཐུས་ཁག་ཅིག་དང་གླེང་མོལ།

༢༠༢༦/༠༤/༡༨
Mobile App

ཨ་རི་དང་ཨི་རན་དམག་འཁྲུག་གི་ཆོས་པ་དང་སྲིད་དོན་པའི་རྩོད་རྙོག་མགོ་བཙུགས།

༢༠༢༦/༠༤/༡༧
བོད་རྨ་ཆུ་རྫོང་ཆུ་ཁ་མ་དགོན་པའི་དགེ་འདུན་པ་བསམ་གཏན་རྒྱ་མཚོ་ལགས་དང་འཇམ་དབྱངས་བསམ་གཏན་ལགས་གཉིས་འཛིན་བཟུང་བྱས་ཏེ་ལོ་གཅིག་ལྷག་ཕྱིན།   པར་འབྲེལ་ཡོད་ནས་འདི་ག་དུས་བབ་ལ་མཁོ་སྤྲོད་བྱས།
Mobile App

དགེ་འདུན་པ་གཉིས་འཛིན་བཟུང་བྱས་ཏེ་ལོ་གཅིག་ལྷག་ཕྱིན་འདུག

༢༠༢༦/༠༤/༡༧
བསམ་ཚུལ།

ཀློག་དེབ་ལོ་ཙཱ་བ་དང་གྲོས་འདེབས་ཀྱི་གཏམ་ཟུར་གསུམ་མ།

༢༠༢༦/༠༤/༡༧
མོན་གྷོ་འདོད་རྒུ་གླིང་གི་རུ་ཁག་ལ་ལོ་གསུམ་བསྟུད་མར་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་རྟགས་མ་ཐོབ་སོང་། ཐད་གཏོང་ནས་པར་བླངས། ༢༠༢༦།༤།༡༦
Mobile App

མོན་གྷོ་འདོད་རྒུ་གླིང་རུ་ཁག་ལ་ལོ་གསུམ་བསྟུད་མར་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཐོབ།

༢༠༢༦/༠༤/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese