མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་མོ་ཞིག་གིས་ལྷ་ས་ནས་བོད་མི་རྩ་མེད་བཟོ་དགོས་ཞེས་བརྗོད་པ་དེར་བོད་མི་ཚོས་ངོ་རྒོལ་ཤུགས་ཆེན་བྱེད་ཀྱི་འདུག

བོད་ཀྱི་དུས་བབ།
༢༠༢༢/༡༠/༡༢
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་མོ་ལུའུ་མིང་ཅན་ཞིག་གིས་ལྷ་ས་ནས་བོད་མི་ཚང་མ་རྩ་མེད་བཟོ་དགོས་ཀྱི་འདུག་ཅེས་བོད་མི་རྣམས་ལ་རང་ས་རང་ཡུལ་ནས་དམའ་འབེབ་མཐོང་ཆུང་དང་དབང་ཡོད་བཙན་གཏམ་བཤད་པ་དེར་དགོངས་སེལ་ཞུས་མེད་སྟབས་བོད་མི་མང་པོས་ངོ་རྒོལ་སྐྱོན་བརྗོད་བྱེད་བཞིན་འདུག

Chinese Soldiers at a flag-raising ceremony in front of the Potala Palace in Lhasa, capital of Tibet. Photo: Xinhua

ཟླ་འདིའི་ཚེས་ ༨ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་ཡོང་བའི་རྒྱ་མོ་ཞིག་གིས། སྲིད་གཞུང་གིས་དོ་འཁུར་བྱ་རྒྱུ་མིན་ནམ། ལྷ་སའི་བོད་མི་ཚང་མ་རྩ་མེད་བཟོས་ནས་ལྷ་ས་རྒྱ་མིར་དབང་དགོས་ཀྱི་འདུག་ཅེས་བརྙན་ཐུང་ཞིག་སྐད་འཕྲིན་སོགས་སྤྱི་ཚོགས་དྲ་ལམ་དུ་བཀྲམས་རྗེས། བཙན་དབང་རིང་ལུགས་ཀྱི་ཐལ་ཆ་ཆེ་བའི་སྐད་ཆ་བཤད་ཆ་དེར་བོད་ཕྱི་ནང་གི་སྤྱི་ཚོགས་དྲ་ལམ་དུ་བོད་མི་མང་པོ་ཞིག་གིས་ངོ་རྒོལ་སྐྱོན་བརྗོད་བྱེད་བཞིན་འདུག

ཟླ་འདིའི་ཕྱི་ཚེས་ ༩ ཉིན་ལྷ་ས་གྲོང་ཁྱེར་ཉེན་རྟོག་ཁང་གིས་དེ་འབྲེལ་གསལ་བསྒྲགས་སྤེལ་བའི་ནང་། ཕྱི་ལོགས་ནས་ཡོང་བའི་ལུའུ་ག་གེ་མོས་མི་རིགས་མཐུན་སྒྲིལ་གཏོར་བཤིག་གཏོང་བའི་སྐད་ཆ་བཤད་དེ་སྤྱི་ཚོགས་དྲ་ལམ་དུ་བཀྲམ་པའི་གནད་དོན་དེར་ཞིབ་འཇུག་བྱེད་བཞིན་པའི་སྒང་ཡིན་ལ། བཅའ་ཁྲིམས་གཞིར་བཟུང་ཐག་གཅོད་བྱ་རྒྱུ་ཡིན་སྐོར་བསྒྲགས་འདུག

ཕྱིས་སུ་རྒྱ་མོ་ལུའུ་མིང་ཅན་དེས་ས་གནས་སྲིད་གཞུང་དང་མི་མང་སྤྱི་ལ་དགོངས་སེལ་ཞུས་ཡོད་ཀྱང་། མོས་བོད་མི་ཚང་མ་རྩ་མེད་བཟོ་དགོས་ཀྱི་འདུག་ཅེས་བོད་མིར་སྡང་ཟུག་གིས་རང་ས་རང་ཡུལ་ནས་དམའ་འབེབ་མཐོང་ཆུང་དང་དབང་ཡོད་བཙན་གཏམ་བཤད་པ་དེར་དགོངས་སེལ་ཞུས་མེད་སྟབས། བོད་མི་མང་པོས་སྤྱི་ཚོགས་དྲ་ལམ་སོགས་ནས་ལྷ་ས་ནི་བོད་མི་རིགས་ཀྱི་ཆབ་དཔལ་རིག་གསུམ་གྱི་ལྟེ་གནས་ཡིན་ལ། ཕྱི་ནས་ཡོང་བའི་འཁྱམ་པོ་ཞིག་ལ་སྐད་ཆ་དེ་འདྲ་བཤད་པའི་ཐོབ་ཐང་རྩ་བ་ནས་མེད་པའི་རྒོལ་གཏམ་སློག་གི་འདུག དེ་ཡང་ལྷ་ས་ནས་ཡིན་པའི་བོད་མི་ཞིག་གིས། རྒྱ་མོ་ཁ་ལ་ཐལ་བ་བླུག་རྒྱུ་ཞིག་གི་སྐད་ཆ་དེ་བོད་མིའི་སྙིང་ལ་གྲི་བཙུགས་པ་ལྟ་བུ་ཆགས་ཡོད་པ་དང་། སྐད་ཆ་དེ་ནི་མི་ཆོས་དང་འགལ་བའི་སྐད་ཆ་ཞིག་རེད། སྔོན་མ་རྒྱ་ནག་ཝུའུ་ཧན་སོགས་སུ་ཏོག་དབྱིབས་ནད་ཡམས་བྱུང་དུས། ང་ཚོ་བོད་མི་རྣམས་ནས་དམག་དང་མུ་གེ་མ་ཡོང་བ་ཤོག ནད་ཡམས་དེ་ལས་ཐར་བར་ཤོག་ཅེས་སྨོན་ལམ་བརྒྱབ་ཡོད་ཀྱང་། རྒྱ་མོ་དེས་བོད་མི་ཚང་མ་རྩ་མེད་གཏོང་དགོས་ཀྱི་འདུག ལྷ་ས་འདི་རྒྱ་མིས་བདག་བཟུང་བྱ་དགོས་ཀྱི་འདུག་ཅེས། གོང་རིམ་ནས་གནད་དོན་དེར་ཐག་གཅོད་ནན་པོ་བྱ་དགོས་པའི་རེ་སྐུལ་བྱས་འདུག

ཡང་བོད་མི་ཞིག་གིས། ཉེན་རྟོག་ཁང་གིས་རྒྱ་མོ་དེ་འཛིན་བཟུང་བྱས་རྗེས་མོ་རང་ནོར་འདུག་ཅེས་བཤད་པ་ཙམ་གྱིས་ང་ཚོ་ཡིད་ཚིམས་ནས་སྡོད་མི་རུང་བར་མུ་མཐུད་ཐག་གཅོད་ག་འདྲ་ཞིག་བྱེད་མིན་ལ་རྩད་གཅོད་གཏོང་དགོས་པ་དང་། མི་རིགས་དེ་རིགས་ལ་མ་འོངས་པར་བོད་མི་རིགས་ལ་དམའ་འབེབ་མཐོང་ཆུང་བྱེད་རྒྱུ་མི་འདུག་ཨ་བསམ་པའི་ཉམས་མྱོང་ཞིག་འཐོབ་ཐུབ་པ་བྱེད་དགོས་སྐོར་དང་། སྔོན་ཆད་ཀྱང་རྒྱ་མི་འདི་འདྲ་བྱེད་མཁན་བྱུང་ཡོད་ལ། མ་འོངས་པའང་ཡོང་རྒྱུ་ཡིན་པ་བཤད་མ་དགོས་པས་ཐག་གཅོད་ནན་མོ་བྱེད་དགོས། བོད་མི་རིགས་ཀྱི་ལོ་རྒྱུས་དང་རིག་གནས་ཀྱི་རྫོང་མཐུག་སའི་གནས་གལ་ཆེན་པོ་ཞིག་ལ་རྒྱ་མི་འཁྱམ་ཉུལ་བ་ཞིག་གིས་འདི་འདྲའི་མཐོང་ཆུང་བྱེད་དུས། བོད་མི་ཚོས་ཀྱང་ཁུ་སིམ་མེར་མི་སྡོད་པར་བོད་མི་ཡོངས་ཀྱི་མཐུན་སྒྲིལ་གྱི་རྣམ་པ་ཕྱིར་མངོན་དགོས་ཀྱི་ཡོད་ལ། འདི་ནི་སོ་སོའི་རིག་གཞུང་དང་བཅས་པར་སྲུང་སྐྱོབ་བྱེད་སྟངས་ཤིག་ཡིན་སྐོར་བརྗོད་འདུག

བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

ཆུ་ཚོད་ ༢༢ སྔོན་ལ།
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese