མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བྱང་ཆུབ་ཀྱི་སེམས་སྒོམ་པའི་ལེགས་སྐྱེས་ལ་སེམས་སྐྱིད་པ་དང་ལུས་བདེ་བོ་ཡོང་གི་འདུག་ཅེས་གསུངས་སོང་།

བོད་ཀྱི་དུས་བབ།
༢༠༢༢/༡༠/༢༦
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་སྐབས་ངོས་ཀྱིས་དཀའ་ལས་བརྒྱབ་པའི་རིན་པ་དེ་འཛམ་བུ་གླིང་གི་མི་མང་པོས་དགའ་བོ་བྱེད་ཀྱི་འདུག་ལ་དེ་ཡང་བསམ་པ་རྣམ་དག་གིས་གཞན་ལ་ཕན་ཐོགས་པའི་བྱ་བ་བསྒྲུབ་པ་ལ་བརྟེན་ནས་དགའ་བོ་བྱེད་ཀྱི་ཡོད་པ་ལས་དངུལ་སྤྲད་ནས་དགའ་བོ་བྱེད་ཀྱི་ཡོད་པ་མ་རེད་ཅེས་གསུངས།

དྷ་ས་ཐེག་ཆེན་གཙུག་ལག་ཁང་དུ་བརྟན་བཞུགས་བསྟར་འབུལ་ཞུས་པ། ༢༠༢༢།༡༠།༢༦ དགའ་ལྡན་ཕོ་བྲང་གི་སྐུ་པར།

དེ་རིང་སྔ་དྲོའི་ཆུ་ཚོད་ ༨ པའི་སྟེང་དྷ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བོད་ཕྲུག་ཁྱིམ་སྡེའི་ལས་སློབ་ངོ་ཟུར་ཡོངས་དང་བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་བཅས་ཀྱིས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་དང་། སྐབས་དེར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། དེ་རིང་བཙན་བྱོལ་དུ་ཡོད་པའི་བོད་མི་སེར་སྐྱ་རྒན་གཞོན་ཚང་མ་གཅིག་སྒྲིལ་གྱིས་བརྟན་བཞུགས་ཕུལ་བ་རེད། དེ་རིང་བརྟན་བཞུགས་ནང་ལུས་པོ་འཁོད་མེད་པའི་བོད་གངས་ཅན་གྱི་ལྗོངས་སུ་དད་ལྡན་ས་ཡ་ཁ་ཤས་ཡོད་པ་དེ་ཚོ་སྙིང་ཁོངས་རུས་པའི་གཏིང་ནས་དད་པ་དང་དགའ་བ་ཡོད་བསྡད་པ་ཞིག་ཡིན་དུས་སྨོན་ལམ་རྒྱག་གི་ཡིན། འཛམ་གླིང་ས་ཕྱོགས་གང་སར་ཡོད་པའི་ངོས་ལ་དགའ་བོ་བྱེད་མཁན་རྣམས་ཀྱིས་ངོས་རྒྱལ་བ་རིན་པོ་ཆེ་ལ་བརྟན་བཞུགས་འབུལ་གྱི་ཡོད་རེད་ཟེར་ནས་དགའ་སྤྲོ་སྐྱེ་ཡི་ཡོད་པ་རེད། ཚང་མར་ཐུགས་རྗེ་ཆེ་ཟེར་གྱི་ཡིན། བོད་གངས་ཅན་གྱི་ལྗོངས་འདི་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་ཡིན་པ་ཚང་མས་ཤེས་གསལ་དང་ཡོངས་གྲགས་རེད། སྤྱན་རས་གཟིགས་ཀྱི་ཟག་བཅས་ཉེར་ལེན་གྱི་ཕུང་པོའི་ཐོག་ནས་གདུལ་བྱར་དོན་བྱེད་མཁན་དེ་ལོངས་སྐུ་དང་སྤྲུལ་སྐུའི་རྣམ་པ་བྱས་ནས་མཐོང་རྒྱུ་ཡོད་པ་མ་རེད། འཕགས་པ་སྤྱན་རས་གཟིགས་ཀྱི་བྱིན་གྱིས་རླབས་ཡོད་པའི་ལས་དང་སྨོན་ལམ་གྱི་ཐོག་ནས་འབྲེལ་བ་ཡོང་གི་ཡོད་པ་རེད། ངོས་རང་ལ་ཆ་བཞག་ན། བོད་བྱང་ཤར་གྱི་མཚམས་སུ་སྐྱེས་བསྡད་པའི་ཕྲུ་གུ་ཞིག་ཡིན། ལས་དང་སྨོན་ལམ་གྱི་འབྲེལ་བ་ཤུགས་ཆེན་ཡོད་བསྡད་པ་ཞིག་ཏན་ཏན་རེད། ད་ལྟ་བར་དུ་ངོས་ཀྱིས་བོད་བསྟན་སྲིད་ཀྱི་དོན་དུ་མིག་མཐོང་ལག་ཟིན་གྱི་བྱས་རྗེས་ཞིག་བཞག་ཡོད་པ་རེད། བོད་ཀྱི་ཆོས་དང་རིག་གཞུང་ལབ་དུས་ངོས་ཀྱིས་འཛམ་བུ་གླིང་འདིར་ཚང་མས་མཐོང་རྒྱུ་ཡོད་བསྡད་པའི་བྱས་རྗེས་བཞག་ཡོད་པ་རེད། འདི་ནི་འཕགས་པ་སྤྱན་རས་གཟིགས་སྒྲུབ་པའི་མཆོད་པ་ཡིན། འབྱུང་འགྱུར་ལོ་བཅུ་ཕྲག་གཉིས་ལྷག་འཚོ་བཞུགས་ཐུབ་པ་ཞིག་དང་། ངོས་ཀྱི་རྨི་ལམ་ལའང་ལོ་བརྒྱ་དང་བཅུ་ལྷག་ཡོང་གི་འདུག ངོས་ཀྱིས་མུ་མཐུད་དུ་བོད་བསྟན་སྲིད་ཀྱི་ཆེད་དུ་འཕགས་པ་སྤྱན་རས་གཟིགས་ཀྱི་བྱིན་རླབས་འཁྱེར་ནས་བྱས་རྗེས་འཇོག་གི་ཡིན། ངོས་ཀྱིས་དཀའ་ལས་བརྒྱབ་པའི་རིན་པ་དེ་འཛམ་བུ་གླིང་གི་མི་མང་པོས་དགའ་བོ་བྱེད་ཀྱི་འདུག དངུལ་སྤྲད་ནས་དགའ་བོ་བྱས་པ་མ་རེད། ངོས་ཀྱིས་བསམ་པ་རྣམ་དག་གིས་གཞན་ལ་ཕན་ཐོགས་པའི་བྱ་བ་བྱས་པར་དགའ་བོ་བྱེད་ཀྱི་འདུག འཕགས་པ་སྤྱན་རས་གཟིགས་ཀྱི་སྐུ་ཡི་སྐུ་ཚབ་དང་། གསུང་གི་གསུང་ཚབ། ཐུགས་ཀྱི་ཐུགས་ཚབ་བྱས་ནས་མི་དགེ་བཅད་བཞག་པ་དེ་སྒྲུབ་པའི་མཆོད་པ་ཡིན། དེའི་འབྲས་བུ་ལ་ད་ལྟ་བར་དུ་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་སྒོམ་གྱི་ཡོད་པ་རེད། བྱང་ཆུབ་ཀྱི་སེམས་སྒོམ་པའི་ལེགས་སྐྱེས་ལ་སེམས་སྐྱིད་པ་དང་ལུས་པོ་བདེ་བ་ཏན་ཏན་འདུག ཅེས་གསུངས་སོང་།

སྐུའི་གཅུང་མོ་ཨ་མ་རྗེ་བཙུན་པདྨ་མཆོག་ནས་རྟེན་གསུམ་འདེགས་འབུལ་ཞུས་པ། ༢༠༢༢།༡༠།༢༦ དགའ་ལྡན་ཕོ་བྲང་གི་སྐུ་པར།

ཡང་༧མགོན་པོ་མཆོག་ནས་ཉིན་རེར་ཞོགས་པ་ཡར་ལངས་པ་དང་མཉམ་དུ་བྱང་ཆུབ་ཀྱི་སེམས་ལ་བསམ་བློ་གཏོང་གི་ཡོད། དེས་སྙིང་ཁོངས་རུས་པའི་སྟེང་ལ་ཞི་བདེ་དང་སེམས་ལྷོད་ཤིག་གེ་ཡོང་གི་འདུག དེས་སྙིང་སྟོབས་ཀྱང་སླེབ་ཀྱི་འདུག ཞེད་སྣང་དང་དངངས་སྐྲག་སྐྱེས་བ་སོགས་ཁྱོན་ནས་ཡོང་གི་མི་འདུག ངོས་ཀྱིས་སློབ་དཔོན་ཞི་བ་ལྷའི་དགོངས་པ་བཞིན་ཉམས་ལེན་གྱི་མཐིལ་ཕྱིན་པ་བྱེད་ཀྱི་ཡོད། བསམ་པ་གཞན་དོན་བསམ་ནས་གཞན་དོན་རྫོགས་བྱང་གི་བློ་སྒོམ་གྱི་ཡོད་པ་རེད་དེ། ཕན་པ་དེ་ངོས་ཀྱི་ལུས་པོ་དང་སེམས་ཀྱི་ཞི་བདེ་ལ་ཕན་གྱི་འདུག བྱས་ཙང་། ངོས་ཀྱི་གྲོགས་པོ་ཚོས་བྱང་ཆུབ་ཀྱི་སེམས་ལ་དགོངས་པ་ཡག་པོ་ཞིག་བཞེས་དང་། སོ་སོའི་ལུས་བདེ་བ་དང་སེམས་སྐྱིད་པ་རེད། རང་གཞན་དོན་ནི་རབ་སྒྲུབ་ཕྱིར།། བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། རང་དོན་འགྲུབ་པར་བྱང་ཆུབ་སེམས་ཀྱི་ཐོག་ནས་རེད་ལ། གཞན་དོན་སྒྲུབ་པའང་བྱང་ཆུབ་སེམས་ཀྱི་ཐོག་ནས་ཡོང་གི་ཡོད་པ་རེད། ཚོགས་བསགས་པའང་བྱང་ཆུབ་ཀྱི་སེམས་ཀྱི་ཐོག་ནས་ཡོང་གི་ཡོད་པ་རེད། སྒྲིབ་པ་སྦྱངས་པའང་བྱང་ཆུབ་ཀྱི་སེམས་ཀྱི་ཐོག་ནས་ཡོང་གི་ཡོད་པ་རེད། ངོས་ཀྱིས་ཞོགས་པ་ཡར་ལངས་པ་དང་བྱང་ཆུབ་ཀྱི་སེམས་སྒོམ་པར་བསམ་བློ་གཏོང་གི་ཡོད་དུས། ཆོས་གྲོགས་ཚོས་ཀྱང་བྱང་ཆུབ་ཀྱི་སེམས་བསྒོམ་པར་དགོངས་པ་བཞེས་ཤོག དངོས་གནས་དྲང་གནས་ལུས་བདེ་བ་དང་སེམས་སྐྱིད་པ་དེ། ཚེ་འདི་ཙམ་མ་ཟད་ཚེ་རབས་ནས་ཚེ་རབས་ཏུ་བདེ་ཞིང་སྐྱིད་པོ་ཡོང་ཐུབ་རྒྱུ་ཏན་ཏན་རེད། བྱས་ཙང་། ཚང་མས་བྱང་ཆུབ་ཀྱི་སེམས་སྒོམ་རྒྱུའི་ཐོག་ཧུར་ཐག་གནང་ཤོག་ཅེས་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།

བོད་ཕྲུག་ཁྱིམ་སྡེའི་ལས་སློབ་ངོ་ཟུར་ཡོངས་དང་བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་ནས་བརྟན་བཞུགས་ཕུལ། ༢༠༢༢།༡༠།༢༦ དགའ་ལྡན་ཕོ་བྲང་གི་སྐུ་པར།

ནང་སེམས་ཀྱི་ཉམས་ལེན་གལ་ཆེ་ཤོས་ཡིན་སྐོར་ལ་༧གོང་ས་མཆོག་གིས། ཕྱི་དངོས་པོའི་མཆོད་རྫས་གལ་ཆེན་པོ་རེད་དེ། གཙོ་བོ་བྱང་ཆུབ་ཀྱི་སེམས་བསྒོམ་ནས། སེམས་ཀྱི་གཏིང་ནས་སྒྲུབ་པའི་མཆོད་པ་ཡག་པོ་བྱུང་བ་ཡིན་ན། དགེ་བ་རྒྱས་པའི་མཆོད་པ་ངོ་མ་དེ་རེད། གཞན་ཕྱི་ལོགས་ལ་མཆོད་རྫས་འདྲ་མི་འདྲ་མཆོད་པ་རྒྱས་པོ་ཞེ་དྲགས་ཡོད་པ་ཡིན་ནའང་། ནང་སེམས་ནས་བྱང་ཆུབ་སེམས་ཀྱི་བསམ་བློ་ཞེ་དྲགས་མེད་ན། དེ་ཙམ་གྱིས་ནུས་པ་ཡོད་པ་མ་རེད། གོང་དུ་ཞུས་པ་ལྟར། གང་ལྟར་བོད་གངས་ཅན་གྱི་ཞིང་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་བྱ་ཐུན་མོང་མ་ཡིན་པ་དེ་ལ་ངོས་རང་ལས་དང་སྨོན་ལམ་གྱིས་དམིགས་བསལ་གྱི་འབྲེལ་བ་ཤུགས་ཆེན་པོ་ཡོད་བསྡད་པ་ཞིག་དང་། ལྷག་པར་དུ་དཀའ་ངལ་ཅན་གྱི་དུས་སྐབས་སུ་ལས་དང་སྨོན་ལམ་གྱིས་སྐྱེས་པ་ཞིག་རེད། ཅེས་དང་། སེམས་ཤུགས་སྐྱེད་ནས་འཕགས་པ་སྤྱན་རས་གཟིགས་ཀྱི་བྱིན་རླབས་ཀྱི་ནུས་པ་དེ་དག་མུ་མཐུད་དུ་གསལ་ཐུབ་རྒྱུའི་སེམས་ཤུགས་ཡོད་ལ། སྨོན་ལམ་ཡང་འདེབས་ཀྱི་ཡོད། ཁྱེད་ཚོ་ཚང་མ་བློ་བདེ་པོ་བྱས་ནས་བཞུགས་ཨ། ཞེས་གསུངས་སོང་།

གསར་འགོད་པ། བསྟན་འཛིན་ཕུར་བུ། བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Mobile App

མི་རིགས་མཐུན་སྒྲིལ་ཡར་རྒྱས་ཀྱི་ཁྲིམས།

ཆུ་ཚོད་ ༧ སྔོན་ལ།
བོད་རིག་པའི་ཆེད་མཁས་པ་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཟུར་བ་རྒན་བདེ་མཆོག་ལགས། པར་བོད་ནང་གི་དྲ་ལམ་ནས་བླངས། ༢༠༢༦།༧།༡༧
Mobile App

བོད་རིག་པའི་མཁས་དབང་བདེ་མཆོག་ལགས་སྐུ་གྲོངས།

༢༠༢༦/༠༧/༡༧
རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་ཆབ་སྲིད་སློབ་གསོ་སྤྲོད་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

ཉིན་གྲངས་ ༡༧ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

༢༠༢༦/༠༧/༡༧
China completes building a fifth new border defence village few km from Arunachal border
Mobile App

རྒྱ་ནག་གཞུང་གིས་རྒྱལ་སྲུང་མཐའ་མཚམས་ཀྱི་གྲོང་ཚོ་ལྔ་པ་དེ་འཛུགས་སྐྲུན་བྱས་ཚར་ཡོད་ཟེར།

༢༠༢༦/༠༧/༡༧
Chinese officials celebrate the 70th anniversary of the invasion of Tibet at Potala Palace in Lhasa, Tibet. Photograph: Xinhua/Rex/Shutterstock
Mobile App

རང་སྐྱོང་གི་འཁྲུལ་སྣང་། བོད་པ་ཚོས་དངོས་ཡོད་ལ་གདོང་ལེན་བྱ་དགོས་པའི་རྒྱུ་མཚན།

༢༠༢༦/༠༧/༡༦
དཀར་མཛེས་ཁུལ་སྐྱེས་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག དྲ་ལམ་གྱི་པར།
Mobile App

དཀར་མཛེས་ཁུལ་སྐྱེ་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག་ལ་ཞིབ་བཤེར་བྱེད་ཀྱིན་འདུག

༢༠༢༦/༠༧/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese