མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དབྱིན་ཡུལ་གཞུང་གིས་བོད་དོན་ཐོག་རྒྱབ་སྐྱོར་སྔར་ལྷག་གནང་བའི་འབོད་སྐུལ་ཞུས་འདུག

བོད་ཀྱི་དུས་བབ།
༢༠༢༢/༡༠/༢༧
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་རྣམ་གཉིས་ནས་དབྱིན་ཡུལ་གྱི་སྐབས་ ༥༧ པའི་སྲིད་བློན་རི་ཤེ་སོ་ནཱག་མཆོག་ལ་འཚམས་འདྲི་ཞུས་པ་དང་སྦྲགས་དབྱིན་གཞུང་ནས་བོད་དོན་རྒྱབ་སྐྱོར་སྔར་ལྷག་གནང་བའི་འབོད་སྐུལ་ཞུས་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་ནས་དབྱིན་ཡུལ་གྱི་སྲིད་བློན་གསར་པར་འཚམས་འདྲི་གནང་།

ཟླ་འདིའི་ཕྱི་ཚེས་ ༢༥ ཉིན་རྒྱ་གར་མི་རྒྱུད་ཡིན་པའི་སྐུ་ཞབས་རཱི་ཤེ་སོ་ནཱག་(Rishi Sunak )མཆོག་གིས་ཁ་གཏད་མེད་པའི་ཐོག་ནས་དབྱིན་ཡུལ་གྱི་སྐབས་ ༥༧ པའི་སྲིད་བློན་དུ་བསྐོ་གཞག་བྱུང་ཡོད་པ་ལྟར། ཁ་སང་ཕྱི་ཚེས་ ༢༦ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་རྣམ་གཉིས་ནས་སྲིད་བློན་མཆོག་ལ་འཚམས་འདྲི་གནང་འདུག སྲིད་བློན་ཁོང་ནི་ལོ་འདིའི་ནང་གི་དབྱིན་ཡུལ་གྱི་སྲིད་བློན་གསུམ་པ་དེ་ཆགས་ཡོད་པ་རེད།

དེ་ཡང་སྲིད་སྐྱོང་མཆོག་གི་འཚམས་འདྲིའི་ནང་དུ། ངས་བོད་མིའི་སྒྲིག་འཛུགས་དང་བོད་མི་མང་གི་ཚབ་བྱས་ཏེ་སྐུ་ཉིད་དབྱིན་ཡུལ་གྱི་སྲིད་བློན་གསར་པར་འདེམས་ཐོན་བྱུང་བར་རྟེན་འབྲེལ་ཞུ། དབྱིན་བོད་གཉིས་ཀྱི་བར་དུ་ལོ་རྒྱུས་ཀྱི་དུས་ཡུན་རིང་པོའི་མཛའ་འབྲེལ་ཆགས་ཡོད། ཕྱི་ལོ་ ༡༩༦༠ ལོ་ནས་བཟུང་བོད་མི་མང་པོ་དབྱིན་ཡུལ་ནང་དུ་གནས་སྤོ་བྱས་ཏེ་བོད་མིའི་གྲངས་འབོར་ཇེ་མང་དུ་འགྲོ་བཞིན་ཡོད། དབྱིན་ཇིའི་སྲིད་གཞུང་དང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་བ། དབྱིན་ཡུལ་གྱི་ཞི་བདེར་དགའ་བའི་མི་མང་ནས་ཡིད་ཆེས་བརྟན་པོས་བོད་པར་རྒྱབ་སྐྱོར་བྱས་དང་བྱེད་བཞིན་ཡོད། ཅེས་གསུངས་འདུག

ཡང་སྲིད་སྐྱོང་མཆོག་ནས་དབྱིན་ཇིའི་སྲིད་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་གོང་སྤེལ་ཆེད་ཕྱི་ལོ་ ༢༠༢༠ ལོར་འཛམ་གླིང་འགྲོ་བ་མིའི་ཐོང་ཐང་སྲུང་སྐྱོབ་ཀྱི་བཅའ་ཁྲིམས་(UK Global Human Rights Sanctions Regime 2020 )གཏན་འབེབ་ལག་བསྟར་གནང་བཞིན་པར་བསྔགས་བརྗོད་དང་། དབྱིན་ཡུལ་གྱིས་བོད་མིར་རྒྱབ་སྐྱོར་མུ་མཐུད་དུ་གོང་འཕེལ་གཏོང་བཞིན་པར་ཐུགས་རྗེ་ཆེ་ཞུ། དེ་བཞིན་སྲིད་བློན་མཆོག་གིས་འབྱུང་འགྱུར་དབྱིན་ཡུལ་གཞུང་དང་མི་མང་གི་དཀའ་ངལ་རྣམས་ལ་གདོང་ལེན་ཕན་ནུས་ལྡན་པ་གནང་ཐུབ་པ་དང་། བོད་ནང་དུ་རྒྱ་ནག་གཞུང་གིས་མི་ལོ་བཅུ་ཕྲག་ཁ་ཤས་རིང་དྲག་གནོན་བྱེད་བཞིན་ཡོད་པར་དྲང་བདེན་གྱི་རྒྱབ་སྐྱོར་མུ་མཐུད་གནང་བའི་འབོད་སྐུལ་ཞུས་འདུག

གཞན་ཡང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས། དབྱིན་ཡུལ་གཞུང་དང་མི་མང་གིས་བོད་མིའི་འཚེ་མེད་ཞི་བདེའི་འཐབ་རྩོད་ལ་ཡིད་ཆེས་བརྟན་པོའི་ཐོག་ནས་དུས་རྒྱུན་དུ་རྒྱབ་སྐྱོར་གནང་བཞིན་པར་ཐུགས་རྗེ་ཆེ་ཞུ། ཁྱེད་ཀྱི་བླ་ན་མེད་པའི་རྣམ་དཔྱོད་ཀྱིས་དབྱིན་ཡུལ་མི་མང་གི་རེ་འདོད་ལེགས་འགྲུབ་ཡོང་བ་དང་། ང་ཚོས་ཁྱེད་ཀྱི་ལས་ཡུན་རིང་གཡུར་དུ་ཟ་བའི་གྲུབ་འབྲས་འཐོབ་རྒྱུར་རེ་སྒུག་བྱེད་བཞིན་ཡོད། ཅེས་གསུངས་འདུག

སྐུ་ཞབས་རཱི་ཤེ་སའོ་ནཱག་མཆོག་ནི་ཕྱི་ལོ་ ༡༩༨༠ ལོར་དབྱིན་ཡུལ་གྱི་སའོ་ཐི་ཨམ་ཊོན་ (Southampton) གྲོང་ཁྱེར་ནང་སྐྱེས་ཤིང་། ཁོང་གིས་དབྱིན་ཡུལ་གྱི་ (Hampshire) རྫོང་ཁོངས་གཞི་རིམ་དང་མཐོ་རིམ་སློབ་གཉེར་གནང་རྗེས། ཕྱི་ལོ་ ༢༠༠༡ ལོར་དབྱིན་ཡུལ་གྱི་ཨོ་ཁི་སི་ཧྥོར་ཌི་གཙུག་ལག་སློབ་གྲྭ་ཆེན་མོ་ནས་རིག་པའི་གཞུང་ལུགས་དང་ཆབ་སྲིད། དཔལ་འབྱོར་རིག་པའི་ཐོག་སློབ་མཐར་ཕྱིན། ཕྱི་ལོ་ ༢༠༠༦ ལོར་སི་ཊན་ཧྥོར་ཊི་གཙུག་ལག་སློབ་གཉེར་ཁང་ (Stanford University) ནས་ཚོང་ལས་རིག་པའི་ཐོག་ལ་གཙུག་ལག་འབྱམས་པ་ཐོན། ཕྱི་ལོ་ ༢༠༠༡ ནས་ ༢༠༠༤ བར་ལོ་བཞིའི་རིང་ལ་ (Goldman Sachs) ཟེར་བའི་མ་འཛུགས་དངུལ་ཁང་དུ་ཕྱག་ལས་གནང་། ཕྱི་ལོ་ ༢༠༡༥ ནས་ད་བར་དབྱིན་ཡུལ་གྲོས་ཚོགས་ཀྱི་རྙིང་ཞེན་ཚོགས་པའི་འཐུས་མི་གནང་ཡོད་པ་དང་། ཕྱི་ལོ་ ༢༠༡༩ ནས་ ༢༠༢༠ བར་དུ་དབྱིན་ཡུལ་དཔལ་འབྱོར་ལྷན་ཁང་གི་སྤྱི་ཁྱབ་དྲུང་ཆེ་སོགས་ཀྱི་ཕྱག་ལས་གནང་ཡོད་འདུག

བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

འཕྲུལ་རིག་སྐད་བརྡའི་འཇུག་སྒོ། ཕེ་ཊོན་ (Python) ཞེས་པའི་དཔེ་དེབ། ༢༠༢༥།༦།༣༠
Mobile App

འཕྲུལ་རིག་སྐད་བརྡའི་འཇུག་སྒོ་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

ཆུ་ཚོད་ ༡༥ སྔོན་ལ།
ལོ་རྗེས་མར་སྦེལ་ཀོབ་བདེ་སྐྱིད་སླར་གསོ་གཞིས་ཆགས་སུ་ཨ་ཕའི་རྐང་སྤོལ་རྩེད་འགྲན་འཚོག་རྒྱུ་ཡིན་འདུག ༢༠༢༥།༦། ༣༠ ཨ་ཕ་རྐང་སྤོལ་ཚོགས་པའི་པར།
Mobile App

རྡོ་རྗེ་གླིང་གཡག་རུ་ཁག་ལ་འདི་ལོའི་ཨ་ཕ་གསེར་གྱི་བུམ་པའི་རྟགས་མ་ཐོབ་སོང་།

ཆུ་ཚོད་ ༡༦ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་ལྗོངས་མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༥/༠༦/༣༠
 འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༧
Mobile App

འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། 

༢༠༢༥/༠༦/༢༧
Mobile App

དབུས་གཙང་གཞོན་སྐྱེས་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག

༢༠༢༥/༠༦/༢༧
In this handout image released by the Chinese Embassy on June 26, 2025, the first batch of Indian pilgrims at the Manasarovar Lake, in Tibet.
Mobile App

རྒྱ་གར་གྱི་གནས་མཇལ་བ་ཚོ་དངོས་སུ་བོད་ནང་གནས་མཇལ་དུ་ཕྱིན།

༢༠༢༥/༠༦/༢༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese