མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྷོ་བྱང་ཀོ་རི་ཡ་གཉིས་ནས་མེ་ཤུགས་འཕུར་མདའ་འཕེན་རེས་བྱས།

བོད་ཀྱི་དུས་བབ།
༢༠༢༢/༡༡/༠༣
Share on FacebookShare on TwitterShare on EmailShare on Whatsapp

བྱང་ཀོ་རི་ཡས་ཉི་ཧོང་དང་ལྷོ་ཀོ་རི་ཡའི་ས་མཚམས་ཁུལ་དུ་ནུས་ཤུགས་འདྲ་མིན་ལྡན་པའི་མེ་ཤུགས་འཕུར་མདའ་འཕེན་གྱི་ཡོད་པར་བརྟེན། ད་ལྟ་ཀོ་རི་ཡའི་མངའ་ཁུལ་གྱི་གནས་སྟངས་ཞི་འཇགས་མེད་པ་རེད།

It comes just a day after Pyongyang launched its most missiles in a single day. BBC

རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན།  དེ་རིང་བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆ་འཕེན་བྱེད་ཀྱི་མེ་ཤུགས་འཕུར་མདའ་འཕངས་ཏེ། ཨ་རི་དང་ལྷོ་ཀོ་རི་ཡའི་ཟུང་འབྲེལ་དམག་སྦྱོང་ལ་སྐྱོན་བརྗོད་བྱེད་ཁུལ་བྱས་ཡོད་ཀྱང་། ལྷོ་ཀོ་རི་ཡའི་གཞུང་གིས། བྱང་ཀོ་རི་ཡས་འདི་ལོ་གཅིག་པུར་རྒྱལ་ཕྲན་བརྒལ་ནུས་པའི་གོ་མཚོན་ཐེངས་བདུན་རིང་འཕངས་ཡོད་ཅིང་། མི་འགྱང་བར་རྡུལ་ཕྲན་མཚོན་ཆ་ཚོད་ལྟ་བྱ་རྒྱུ་ཡིན་པའི་ཉེན་ཁ་ཡོད་སྐོར་བརྗོད་འདུག་ལ། བྱང་ཀོ་རི་ཡའི་མེ་ཤུགས་འཕུར་མདའ་འཕངས་རྐྱེན་འོག ཉི་ཧོང་གིས་བྱང་ཕྱོགས་སུ་ཡོད་པའི་མི་མང་རྣམས་རང་ཁྱིམ་དུ་ཉེན་གཡོལ་ཕྱིར་སྡོད་དགོས་པའི་ཛ་དྲག་བཀོད་ཁྱབ་བཏང་ཡོད་པ་རེད།

ཁ་སང་བྱང་ཀོ་རི་ཡས་ལྷོ་ཀོ་རི་ཡའི་གྲོང་ཁྱེར་ (Sokcho) ཕྱོགས་སུ་མེ་ཤུགས་འཕུར་མདའ་ཁྱོན་ ༡༧ འཕངས་ཡོད་པ་དང་། ལྷོ་ཀོ་རི་ཡ་གཞུང་གིས། བྱང་ཀོ་རི་ཡའི་བྱ་སྤྱོད་དེ་ནི་ས་ཁོངས་བཙན་འཛུལ་གྱི་འཇིགས་སྐུལ་ཞིག་ཡིན་པས་ངོས་ལེན་བྱེད་ཐབས་མེད་པའི་སྐྱོན་བརྗོད་བྱས་འདུག་པ་མ་ཟད། ཆུ་ཚོད་གསུམ་གྱི་རྗེས་སུ་བྱང་ཀོ་རི་ཡའི་ཕྱོགས་སུ་མཁའ་ལམ་འཕུར་མདའ་ཐེངས་གསུམ་འཕངས་ཏེ་རྒོལ་ལན་བསློགས་ཡོད་པ་རེད།

བྱང་ཀོ་རི་ཡས་མེ་ཤུགས་འཕུར་མདའ་འཕངས་པ་དང་ལྷོ་ཀོ་རི་ཡས་ཛ་དྲག་ཚོགས་འདུ་བསྐངས་ནས། ས་མཚམས་ཁག་གི་ཡུལ་མི་རྣམས་ཉེན་གཡོལ་ལ་འགྲོ་དགོས་པའི་བཀའ་བཏང་ཡོད་ཅིང་། སྲིད་འཛིན་ཡཱོན་སིག་ཡཱོལ་ (Yoon Suk-yeol) ལགས་ཀྱིས། བྱང་ཀོ་རི་ཡའི་འཇིགས་སྐུལ་གྱི་ཉེན་བརྡར་བརྡ་ལན་ཚ་ཐག་བརྒྱག་དགོས་པའི་བཀའ་བཏང་ཡོད་པ་རེད་ལ། ལྷོ་ཀོ་རི་ཡའི་གཞུང་གིསབྱང་ཀོ་རི་ཡས་ཀོ་རི་ཡ་རྒྱལ་ཁབ་གཉིས་ཀྱི་བར་ཆ་བགོ་བྱས་པའི་ཤར་དང་ནུབ་ཕྱོགས་སུ། ནུས་པ་འདྲ་མིན་ལྡན་པའི་མེ་ཤུགས་འཕུར་མདའ་ཁྱོན་ ༡༧ ལྷག་འཕངས་པ་དང་དེ་དག་ལྷོ་ཀོ་རི་ཡའི་མངའ་ཁོངས་ཀྱི་མཚོའི་ནང་འཕངས་པ་ནི་ཕྱི་ལོ་ ༡༩༤༥ རྗེས་ཀྱི་ཐོག་མ་ཆགས་ཡོད། ཅེས་འགྲེལ་བརྗོད་བྱས་འདུག

དེ་རིང་བྱང་ཀོ་རི་ཡས་ལྷོ་ཀོ་རི་ཡའི་ཕྱོགས་སུ་འཕུར་མདའ་འཕེན་དོན་ནི། ཉེ་སྔོན་ཕྱི་ཚེས་ ༣༡ ཉིན་ནས་བཟུང་ཨ་རིའི་དམག་གི་གྲུ་གཟིངས་ཤིག་ལྷོ་ཀོ་རི་ཡར་འབྱོར་ཏེ། ཨ་རི་དང་ལྷོ་ཀོ་རི་ཡ་གཉིས་ནས་མཉམ་འབྲེལ་དམག་སྦྱོང་བྱེད་བཞིན་པར་རྒོལ་ལན་སློག་གི་ཡོད་ཅིང་། བྱང་ཀོ་རི་ཡས། ཨ་རི་དང་ལྷོ་ཀོ་རི་ཡ་གཉིས་ནས་ལོ་རྒྱུས་ནང་ཆེས་འཇིགས་སུ་རུང་བའི་གོང་མཇལ་དགོས་ཡོད། ད་དུང་ཟུང་འབྲེལ་དམག་སྦྱོང་མུ་མཐུད་བྱས་ཚེ། བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆ་ཡིན་ཡང་བཀོལ་སྤྱོད་བྱ་རྒྱུ་ཡིན་པ་སོགས་ཀྱི་འཇིགས་སྐུལ་བྱས་ཡོད་པ་རེད།

སི་ཨན་ཨན་གསར་ཁང་གི་གནས་ཚུལ་ལྟར་ན། ད་ལན་ནི་འདི་ལོ་ཁོ་ནར་བྱང་ཀོ་རི་ཡས་ཀོ་རི་ཡ་རྒྱལ་ཁབ་གཉིས་ཀྱི་ས་མཚམས་ཁུལ་དུ་མེ་ཤུགས་འཕུར་མདའ་འཕེན་ཐེངས་ ༢༩ པ་དེ་ཆགས་ཀྱི་ཡོད་ཅིང་། བྱང་ཀོ་རི་ཡའི་བྱ་སྤྱོད་དེ་དག་གིས་ཨ་རི་དང་ཉི་ཧོང་། ལྷོ་ཀོ་རི་ཡ་བཅས་ཀྱི་་ཟུང་འབྲེལ་དམག་ཤུགས་རྒྱ་སྐྱེད་དང་སྦྱོང་བརྡར་སོགས་ལ་འགོག་རྐྱེན་བཟོ་ཡི་ཡོད་པ་དང་།  ཉི་ཧོང་དང་ཨ་རི། ལྷོ་ཀོ་རི་ཡ་བཅས་ནས་བྱང་ཀོ་རི་ཡར་སྐྱོན་བརྗོད་དང་སྦྲགས། བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆ་ཚོད་ལྟ་བྱེད་བཞིན་ཡོད་མེད་ཐད་ལྟ་སྲུང་ནན་མོ་བྱེད་བཞིན་ཡོད་འདུག

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཐག་གཅོད་གྲོས་ཆོད་ལྟར་ན། བྱང་ཀོ་རི་ཡས་རྡུལ་རྫས་འཁུར་ནུས་པའི་འཕུར་མདའི་རིགས་ཚོད་ལྟ་བྱས་མི་ཆོག་ཀྱང་། བྱང་ཀོ་རི་ཡས་རྒྱལ་ཚོགས་ཀྱི་གྲོས་ཆོད་ཁག་སྣང་མེད་དུ་བཏང་སྟེ། རྡུལ་ཕྲན་མཚོན་ཆ་གཙོས་པའི་གོ་མཚོན་གྱི་རིགས་ཚོད་ལྟ་རིམ་པ་བྱས་པ་བརྒྱུད། ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་ཉེན་ཁ་བསྐྲུན་པ་དང་ཐ་ན་ཨ་རིར་གོ་མཚོན་གྱིས་རྙོབ་ཐུབ་ཐབས་སོགས་ཀྱི་དམག་སྦྱོང་བྱེད་བཞིན་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

26 Trade Passes Issued As India-Tibet Border Trade Resumes Photo (ETV Bharat Archives)
Mobile App

འཕགས་བོད་གཉིས་ཀྱི་ལི་པུ་ལེག་ཚོང་ལམ་སྒོ་ཕྱེ་ནས་རྒྱ་གར་གྱི་ཚོང་པ་ཤར་གཏོང་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༢ སྔོན་ལ།
TTT
Mobile App

སྲི་ཞུའི་ལས་བྱེད་གཉིས་ལ་ཕྱི་ལོ་ ༢༠༢༥ ལོའི་ལས་དོན་གཟེངས་ཐོན་གྱི་གཟེངས་རྟགས་དབུལ་རྒྱུ་ཡིན་འདུག 

ཆུ་ཚོད་ ༢༡ སྔོན་ལ།
Mobile App

རྒྱ་གར་གྱིས་རྒྱ་ནག་ལ་བརྟེན་མི་དགོས་པར་རང་སྐྱ་འཕེར་བའི་ཉི་གློག་བཟོ་སྐྲུན་གྱི་སྲིད་ཇུས་གསར་པ་ཞིག་སྤེལ་རྒྱུ་རེད།

ཆུ་ཚོད་ ༢༡ སྔོན་ལ།
TT
Mobile App

ཚོགས་གཙོ་སྒྲོལ་མ་ཚེ་རིང་མཆོག་གིས་ཨ་རིའི་གཞུང་ཚབ་ཁང་གི་ཆབ་སྲིད་སྡེ་ཚན་གྱི་ལས་བྱེད་དང་མཇལ་འཕྲད་གནང་།

ཆུ་ཚོད་ ༢༡ སྔོན་ལ།
Sakkar Tashi’s profile on X. Screenshot taken on 24 June 2026.
Mobile App

རྒྱ་ནག་གཞུང་གིས་ས་དཀར་བཀྲ་ཤིས་ལགས་ཀྱི་བོད་ནང་གི་ནང་མི་རྣམས་ནག་ཉེས་ཅན་གྱི་ཐོ་གཞུང་དུ་བཅུག་འདུག

ཆུ་ཚོད་ ༢༢ སྔོན་ལ།
སྲིད་སྐྱོང་མཆོག་གི་ཨ་རི་དང་ཡུ་རོབ་ཀྱི་གཞུང་འབྲེལ་ཕྱོགས་ཕེབས་མཇུག་བསྒྲིལ། བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས། ༢༠༢༦།༦།༢༤
Mobile App

སྲིད་སྐྱོང་མཆོག་གི་ཨ་རི་དང་ཡུ་རོབ་ཁུལ་གྱི་ཕྱོགས་ཕེབས་མཇུག་བསྒྲིལ། 

༢༠༢༦/༠༦/༢༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese