མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་ལ་མདོ་ལུགས་ཀྱི་སྒོ་ནས་བརྟན་བཞུགས་འབུལ་རྒྱུ་ཡིན་འདུག

བོད་ཀྱི་དུས་བབ།
༢༠༢༢/༡༡/༠༤
Share on FacebookShare on TwitterShare on EmailShare on Whatsapp

ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་ནས་ང་ཚོས་སྔོན་གྱི་མཁས་པ་ཚོའི་སློབ་སྦྱོང་གི་སྙིང་པོ་མདོར་བསྡུས་ནས་ནང་དོན་ལག་ལེན་དུ་བསྟར་ཆོག་པ་བརྒྱུད་ནས་ཐོས་བསམ་བྱེད་རྒྱུ་གལ་ཆེན་ཡིན་ལ་དེ་ལྟར་བྱས་ན་དུས་ཚོད་ཐུང་ཐུང་དང་། དཀའ་ཚགས་ཉུང་ཉུང་ཞིག་གི་ནང་དུ་གསུང་རབ་རབ་འབྱམས་མིག་གིས་ལྟ་ཐུབ་པ་ཞིག་ཆགས་ཀྱི་རེད་ཅེས་གསུངས།

ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་དང་བསྟུན་གསུང་ཆོས་སྩལ། ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་པར།

དེ་རིང་ཕྱི་ཚེས་ ༤ ཉིན་གྱི་ཞོགས་པའི་ཆུ་ཚོད་དགུ་བའི་སྟེང་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་དཔལ་ཨ་ཏི་ཤ་ཚོགས་ཁང་དུ། ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་དང་བསྟུན་གཙུག་ལག་སློབ་གཉེར་ཁང་དང་ཝཱ་ཎའི་སློབ་ཟུར་ཚོགས་པ་ཟུང་འབྲེལ་གྱི་གོ་སྒྲིག་འོག སློབ་དཔོན་ཟམ་གདོང་རིན་པོ་མཆོག་ནས་བྱང་ཆུབ་ལམ་གྱི་སྒྲོན་མེ་ལས་བསྟན་པའི་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ཉམས་སུ་ལེན་ཚུལ་གྱི་གསུང་ཆོས་སྩལ་གནང་ཡོད་པ་རེད། གསུང་ཆོས་སྐབས་༧སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་གིས། དེ་རིང་འདིར་སཱ་ར་ནཱ་ཐ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་སློབ་ཟུར་ཚོགས་པས་སྔོན་མ་བཞིན་རེ་བསྐུལ་གནང་སྟེ། བྱང་ཆུབ་ལམ་གྱི་སྒྲོན་མེ་ལས་བསྟན་པའི་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ཉམས་སུ་ལེན་ཚུལ་གྱི་ཐོག་ཤོད་གསུངས་པ་རེད། དེ་དུས་ནས་ངས་བཤད་ཡིན་བསམ་སོང་། འདི་གསུང་ཆོས་ཚུལ་གྱི་མིན་པར་འཛིན་གྲྭའི་ནང་གི་སློབ་ཁྲིད་ཀྱི་རྣམ་པ་བྱས་ན་འགྲིག་གི་མ་རེད་དམ་ཞེས་ཞུས་ཀྱང་། ཁོང་ཚོས་གྲ་སྒྲིག་བྱས་ཚར་ཡིན། ཡིན་གཅིག་མིན་གཅིག་གསུང་ཆོས་ཀྱི་རྣམ་པ་བྱས་ནས་བྱེད་དགོས་ཀྱི་འདུག་གསུངས་པ་རེད། སྔོན་མ་ངས་ཞུས་ཚར་ཡིན་བསམ་སོང་། སློབ་གྲྭ་དང་སྒྲིག་འཛུགས་ཀྱི་ངོས་ནས་གསུང་ཆོས་གོ་སྒྲིག་ཞུ་དུས། དེའི་ནང་དུ་ཡོད་པའི་མི་རྣམས་ཀྱིས་ཆོས་ཞུ་འདོད་ཡོད་མེད་ལ་མ་ལྟོས་པར་མ་མཁྱེན་པ་ཡིན་ན་སྟབས་མི་བདེ་བ་ཡོད་ཙང་། དེ་ཡང་བླ་སློབ་ཀྱི་འབྲེལ་བ་ཟེར་བའང་གནད་འགག་ཅིག་ཆགས་ཡོད་པ་རེད། བྱས་ཙང་། ང་རང་ཁྲིའི་སྟེང་དུ་བསྡད་ནས་ཆོས་བཤད་ཀྱི་ཡོད་པ་རེད་དེ། སྔོན་མ་ནས་ཆོས་འབྲེལ་ཡོད་པ་དང་། ཆོས་ལ་གསན་མཁན་གྱི་ངོ་བོ་བྱས་ན་དེ་ག་རང་འགྲིག་བསྡད་ཡོད་རེད། དེ་མིན་པར་སྒྲིག་འཛུགས་ཀྱི་ངོས་ནས་ཡོང་བསྡད་པ་ཡིན་ན་གཏམ་བཤད་ལ་ཉན་བཞིན་ཡོད་དྲན་པ་མ་གཏོགས། བླ་སློབ་བར་གྱི་འབྲེལ་བ་བཞག་ནས་ཆོས་ཞུ་བཞིན་ཡོད་མ་དྲན་ན་འགྲིག་གི་ཡོད་པ་རེད། དེས་ཁྱད་པར་ཅི་ཡང་བཟོ་ཡི་མ་རེད། དེ་ཡང་སྔོན་ལ་གསལ་བཤད་བྱས་ན་བསམ་སོང་། ཞེས་གསུངས་སོང་།

ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་དང་བསྟུན་གསུང་ཆོས་སྩལ། ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་པར།

ཡང་༧ སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ནས། ང་ཚོས་ཧོབ་ཏེ་བལྟས་པ་ཡིན་ན། སངས་རྒྱས་ཀྱི་བཀའ་སྡེ་སྣོད་གསུམ་བོད་ཡིག་ཏུ་ཡོངས་སུ་རྫོགས་པ་བསྒྱུར་ཡོད་དམ་ཞེ་ན་བསྒྱུར་ཡོད་པ་མ་རེད། བོད་འགྱུར་དུ་མདོ་སྔགས་བསྡོམས་ན་བརྒྱ་ལྷག་ཙམ་ཡོད་པ་རེད། ཆོས་ལུགས་གཞན་གྱི་རྩ་བའི་གཞུང་ལ་བལྟས་པ་ཡིན་ན་ནང་པའི་གཞུང་ལུགས་ནང་བཞིན་རྒྱ་ཆེན་པོ་ཞེ་དྲགས་དཀོན་པོ་རེད། རྒྱ་ཆེ་ལ་གཏིང་ཟབ་པའི་གཞུང་ལུགས་ང་ཚོའི་མི་ཚེ་གཅིག་ལ་སྦྱང་ཐུབ་རྒྱུ་ཁག་པོ་རེད། ཇོ་བོ་རྗེས་རྒྱ་གར་གྱི་ལུང་རྙིང་པ་ཞིག་དྲངས་ཡོད།  ཚེ་ནི་ཡུན་ཐུང་ཤེས་བྱའི་རྣམ་པ་མང་།། ཚེ་ཡི་ཚེ་ཚད་ཇི་ཙམ་མི་ཤེས་པས།། ངང་པས་ཆུ་ལས་འོ་མ་ལེན་པ་ལྟར།། རང་གི་འདོད་པ་དང་པོ་བླངས་པར་བྱ།། ཞེས་མི་ཚེ་ཐུང་ཐུང་ལ་ཤེས་བྱ་རྣམ་པ་མང་པོ་ཡོད་པས། སངས་རྒྱས་ཀྱི་གསུང་རབ་ལ་སློབ་སྦྱོང་བྱེད་པའི་འདུན་པ་ཡོད་པ་ཞིག་ཡིན་ཡང་། ང་ཚོས་བཀའ་འགྱུར་སློབ་སྦྱོང་བྱེད་པའི་སྐད་ཆ་འདྲི་དུས། མི་ཚེ་གང་བོར་སློབ་སྦྱོང་བྱེད་པའི་སྐད་ཆ་བཤད་པ་མ་གཏོགས། ཞག་དང་ཉིན་མ་ལོ་ག་ཚོད་འགོར་བའི་སྐད་ཆ་མ་རེེད། བཀའ་འགྱུར་ཀློག་དགོས་བྱུང་ནའང་། ཀློག་བདེ་བོ་ཡོད་ན་ཟླ་བ་ཁ་ཤས་འགོར་གྱི་རེད། ཀློག་བདེ་བོ་མེད་ན་ལོ་འགོར་བའི་གནས་སྟངས་དེ་འདྲ་རེད། གང་ལྟར་ང་ཚོའི་སློབ་སྦྱོང་བྱེད་སྟངས་དེ་སྔོན་གྱི་མཁས་པ་ཚོའི་ཆོས་ཀྱི་ཕུང་བོ་བརྒྱད་ཁྲི་བཞི་སྟོང་སྙིང་པོ་མདོར་བསྡུས་ནས་དོན་དག་ལག་ལེན་བྱེད་ཆོག་པ་བྱས་པ་བརྒྱུད་ནས་སློབ་སྦྱོང་བྱེད་རྒྱུ་གལ་ཆེན་པོ་རེད། འབྲོང་སྟོན་པས། ངོ་མཚར་བཀའ་ནི་སྡེ་སྣོད་གསུམ་ཡིན་ཏེ། ། གདམས་པ་སྐྱེས་བུ་གསུམ་གྱིས་མཛེས་པ་ཡི། །བཀའ་གདམས་རིན་ཆེན་གསེར་གྱི་ཕྲེང་བ་ལ། ། འགྲོ་བ་གང་གིས་བགྲངས་ཀྱང་དོན་ཡོད་འགྱུར། ། རྒྱལ་བའི་གསུང་རབ་བརྗོད་བྱའི་ཆ་ནས་མདོར་བསྡུས་པ་ཡིན་ན་སྡེ་སྣོད་གསུམ་གྱི་ནང་དུ་འདུ་ཡི་ཡོད་པ་རེད། སྡེ་སྣོད་གསུམ་གྱི་བརྗོད་བྱ་བསྡུས་པ་ཡིན་ན་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པའི་ནང་དུ་འདུ་ཡི་ཡོད་པ་རེད།  སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་དེ་བསྡུས་པ་ཡིན་ན། ཉམ་མེད་ཇོ་བོ་རྗེའི་ལམ་སྒྲོན་ནང་དུ་ཤོ་ལོ་ཀ་ཁ་ཤས་ཀྱི་ནང་དུ་གསུངས་ཡོད་པ་རེད། དེ་ལྟ་བུའི་ཆོས་ཐོས་བསམ་བྱས་པ་ཡིན་ན། དུས་ཚོད་ཐུང་ཐུང་ཞིག་དང་། དཀའ་ཚགས་ཉུང་ཉུང་ཞིག་གི་ཐོག་ནས་རང་གི་འདོད་པ་དང་པོ་བླངས་ཐུབ་པ་ཞིག་དང་། གསུང་རབ་རབ་འབྱམས་ལ་མིག་གིས་ལྟ་ཐུབ་པ་ཆགས་ཀྱི་ཡོད་པ་རེད། ཞེས་སོགས་གསུངས་སོང་།

དེ་བཞིན་དུ་ཝཱ་ཎ་སློབ་ཟུར་ཚོགས་ཆུང་གི་གོ་སྒྲིག་འོག་ཏུ་སང་ཉིན་ཞོགས་པ་ཆུ་ཚོད་དགུ་པར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གི་སྐུའི་འཁྲུངས་སྐར་གཙི་སྲུང་ཞུ་སླད་མདོ་ལུགས་ཀྱི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་པ་དང་། ཕྱོགས་མཐའ་ཁག་ནས་རིན་པོ་ཆེ་མཆོག་གི་གྲོགས་པོ་རྙིང་པ་དང་སློབ་ཚོགས་སོགས་འཛོམས་ཀྱི་ཡོད་འདུག ཕྱི་ཚེས་ ༦ ཉིན་ཝཱ་ཎ་སློབ་ཟུར་ཚོགས་པའི་གོ་སྒྲིག་འོག བོད་དང་ཧི་མཱ་ཡ་ལའི་ཆོས་དང་། ལེགས་བྱང་། སྐད་ཡིག ལོ་རྒྱུས་ཞིབ་འཇུག་ཐོག་ཝཱ་ཎ་སློབ་ཟུར་རྣམས་ཀྱི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་ཐེངས་གཉིས་པ་འཚོག་རྒྱུ་ཡིན་འདུག་ལ།  བགྲོ་གླེང་ཚོགས་འདུའི་ཐོག་ནང་དོན་རིག་པ་དང་། བསྒྱུར་དང་བྱུང་རབས། རིག་གནས་སྤྱིའི་རྣམ་བཞག་གི་སྡེ་ཚན་གསུམ་གྱི་ནང་དུ་བརྗོད་གཞི་མ་འདྲ་བའི་ཐོག་གཏམ་བཤད་པ་སུམ་ཅུ་ཙམ་གྱིས་གཏམ་བཤད་དང་བགྲོ་གླེང་གནང་རྒྱུ་ཡིན་འདུག

བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

ཆུ་ཚོད་ ༡༠ སྔོན་ལ།
མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣

མཆན། 1

  1. འབྲོང་བུ་སོག་ཚ། says:
    ལོ་ 4 སྔོན།

    མི་ངན་སེམས་ཅན་གྱི་རིགས་མགྱོགས་པོ་མི་ཤི་བ་དེ་འཇིག་རྟེན་ཆོས་ཉིད་ཡིན་པས་སེམས་ཆུང་མ་བྱེད། ད་དུང་ལོ་ཤས་བོད་ཀྱི་ཆབ་སྲིད་དཀྲུག་ནས་བསྡད་ཀྱི་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese