མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་བར་མའི་འོས་བསྡུ་སྲིད་དོན་ཚོགས་པ་གཉིས་བར་འདྲ་མཉམ་བྱུང་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༢/༡༡/༡༡
Share on FacebookShare on TwitterShare on EmailShare on Whatsapp

ད་ལོའི་ཨ་རིའི་བར་མའི་འོས་བསྡུའི་སྐབས་འདས་པའི་ལོ་ངོ་ལྔ་བཅུའི་རིང་ཆ་ཤས་ལེན་མཁན་མི་གྲངས་མང་ཤོས་གཉིས་པ་ཆགས་ཏེ། བར་མའི་འོས་བསྡུ་ལོ་རྒྱུས་ཁྲོད་ཡུན་རིང་བྱུང་མ་མྱོང་བའི་འོས་བསྡུ་ཞིག་ཆགས་ཡོད་འདུག

BBC News

ཟླ་འདིའི་ཕྱི་ཚེས་ ༩ ཉིན་ཨ་རི་རྒྱལ་ཡོངས་སུ་བར་མའི་འོས་བསྡུ་བྱས་ཏེ། དེ་རིང་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་བར་མའི་འོས་བསྡུའི་གྲུབ་འབྲས་ཐོན་པ་ལྟར་ན། ཨ་རིའི་གྲོས་ཚོགས་གོང་མའི་ནང་དམངས་གཙོ་ཚོགས་པར་སྲིད་སྟེགས་ ༤༨ དང་སྤྱི་མཐུན་ཚོགས་པར་སྲིད་སྟེགས་ ༤༩ ཐོབ་ཡོད་ཅིང་། གྲོས་ཚོགས་འོག་མའི་ནང་སྤྱི་མཐུན་ཚོགས་པར་སྲིད་སྟེགས་ ༢༡༡ དང་དམངས་གཙོ་ཚོགས་པར་སྲིད་སྟེགས་་༡༩༧ བཅས་ཆགས་ཡོད་འདུག་ལ། དབྱེ་ཞིབ་པ་མང་པོ་ཞིག་གིས་ཐེངས་འདིའི་ཨ་རིའི་བར་མའི་འོས་བསྡུ་ཡི་གྲུབ་འབྲས་དམངས་གཙོ་དང་སྤྱི་མཐུན་ཚོགས་པ་གཉིས་བར་འདྲ་མཚུངས་ལྟ་བུ་བྱུང་ཡོད་སྐོར་བརྗོད་འདུག་ཀྱང་། ད་ལྟ་ད་དུང་ཨ་རིའི་མངའ་སྡེ་ཁག་ཅིག་གི་འོས་བསྡུའི་མཇུག་འབྲས་རྩིས་བརྒྱབ་ཚར་མེད་སྟབས། ཨ་རིའི་གྲོས་ཚོགས་འོག་མའི་དབང་ཆ་དེ་ཆབ་སྲིད་ཚོགས་པ་སུ་ལ་འཐོབ་མིན་བཤད་ཚོད་ཐིག་མི་ཐུབ་པ་ཡིན་འདུག་ལ། གྲོས་ཚོད་འོག་མའི་དབང་ཆ་འཐོབ་པར་མང་མོས་སྲིད་སྟེགས་ ༢༡༨ འཐོབ་དགོས་པ་ཡིན་པ་རེད།

ད་སྔ་བར་གྱི་འོས་བསྡུའི་མཇུག་འབྲས་དང་འབྲེལ་ཨ་རིའི་ལས་ཐོག་སྲིད་འཛིན་ཇཱོ་བྷའེ་ཌན་ལགས་ཀྱིས། ང་ཚོ་ཡང་དག་པའི་ལམ་དུ་ཡོད། དམངས་གཙོ་ཚོགས་པས་འོས་བསྡུའི་ཁྲོད་རེ་འདོད་བྱས་པ་ལྷག་གིས་རྒྱལ་ཁ་བླངས་བར་དགའ་ཚོར་ཆེན་པོ་བྱུང་ཡོད། ང་ཚོས་ཨ་རིའི་ཟས་རིགས་སོགས་འཚོ་བའི་འགྲོ་གྲོན་ཇེ་དམའ་རུ་གཏོང་ཐབས་བྱ་རྒྱུ་ཡིན། ཞེས་དམངས་གཙོ་ཚོགས་པས་འོས་བསྡུའི་ཁྲོད་རྒྱལ་ཁ་བླངས་ཡོད་པའི་གདེང་འཇོག་བྱས་ཡོད་འདུག

དེ་འབྲེལ་བྷི་བྷི་སི་གསར་ཁང་གི་གནས་ཚུལ་ནང་། ཐེངས་འདིའི་ཨ་རིའི་བར་མའི་འོས་བསྡུའི་ཁྲོད། ཨ་རིའི་མི་མང་གིས་གཙོ་བཟུང་བྱས་པའི་མངོན་འདོད་ཆེན་པོ་ལྔ་སྟེ། ཉིན་རེའི་འཚོ་བའི་འགྲོ་གྲོན་ཇེ་མཐོར་འགྲོ་བཞིན་པའི་ཐད་སེམས་ཚབས་དང་། མངལ་སྦྲུམ་མེད་པར་བཟོ་བའི་སྲིད་ཇུས། མེ་མདའ་དང་། རྐུ་ཇག་འཕྲོག་གསུམ་གྱི་ནག་ཉེས་དོན་རྐྱེན། གནས་སྤོ་སྲིད་ཇུས་བཅས་ཡིན་ཞིང་། དེའི་ནང་ནས་ཀྱང་འོས་འཕེན་མཁན་ཚོའི་སེམས་ནང་གཙོ་འཛིན་བྱས་ཡོད་པ་ནི་ཁྲོམ་རའི་མ་གནས་ཇེ་མཐོར་དང་མངའ་སྦྲུམ་མེད་པར་བཟོ་བའི་སྲིད་གཉིས་ཡིན་སྐོར་བརྗོད་འདུག

གོང་བརྗོད་དོན་ཚན་ལྔ་ལས་སྤྱི་མཐུན་ཚོགས་པར་ཁྲོམ་རའི་ས་གནས་དང་དཔལ་འབྱོར་དང་འབྲེལ་བའི་ཐོག་ནས་རྒྱབ་སྐྱོར་བྱེད་མཁན་མི་མང་བརྒྱ་ཆ་ ༤༥ ཡོད་པ་དང་དམངས་གཙོ་ཚོགས་པར་བརྒྱ་ཆ་ ༡༨ ལས་མེད་པ་ཡིན་འདུག་ལ། མངའ་སྦྲུམ་མེད་པར་བཟོ་བའི་སྲིད་ཇུས་ཐད་དམངས་གཙོ་ཚོགས་པར་མི་མང་བརྒྱ་ཆ་ ༤༣ གྱིས་རྒྱབ་སྐྱོར་དང་སྤྱི་མཐུན་ཚོགས་པར་བརྒྱ་ཆ་ ༡༢ ལས་མེད་འདུག དེ་བཞིན། མེ་མདའི་སྲིད་ཇུས་དམངས་གཙོ་ཚོགས་པར་བརྒྱ་ཆ་ ༡༤ དང་སྤྱི་མཐུན་ཚོགས་པར་བརྒྱ་ཆ་ ༨ ། གནས་སྦོ་སྲིད་ཇུས་ཐད་སྤྱི་མཐུན་ཚོགས་པར་བརྒྱ་ཆ་ ༡༥ དང་དམངས་གཙོ་ཚོགས་པར་བརྒྱ་ཆ་ ༥་དང་། རྐུན་ཇག་འཕྲོག་གསུམ་གྱི་ནག་ཉེས་རིགས་ཀྱི་ཐད་སྤྱི་མཐུན་ཚོགས་པར་བརྒྱ་ཆ་ ༡༣ དང་དམངས་གཙོ་ཚོགས་པར་བརྒྱ་ཆ་ ༡༠ བཅས་ཡིན་པ་ཨ་རིའི་རྒྱལ་ཡོངས་བསམ་འཆར་བསྡུ་རུབ་ལས་ཁུངས་ཀྱིས་བསྟན་ཡོད་འདུག

ད་དུང་ད་རེས་ཀྱི་བསམ་འཆར་བསྡུ་རུབ་དེའི་ནང་ཨ་རིའི་དམངས་གཙོའི་གནས་སྟངས་ག་འདྲ་ཡོད་མེད་ཐད་བསམ་འཆར་བསྡུས་པའི་ཁྲོད། མི་མང་བརྒྱ་ཆ་ ༣༦ གིས་ཨ་རིའི་དམངས་གཙོ་ཧ་ཅང་ཉེན་ཁའི་གནས་སུ་ལྷུང་ཡོད་པ་དང་། མི་མང་བརྒྱ་ཆ་་༣༢ ཀྱིས་ཉེན་ཁའི་གནས་སྟངས་འོག་ཡོད་པ། དེ་བཞིན་མི་མང་བརྒྱ་ཆ་ ༢༡ ཉེན་ཁ་མེད་པ་དང་བརྒྱ་ཆ་ ༩ ཡིས་ཨ་རིའི་དམངས་གཙོ་ཧ་ཅང་བརྟན་རླིང་ཡིན་པའི་བསམ་ཚུལ་བསྟན་ཡོད་སྐོར་སོགས་བརྗོད་འདུག

BBC News

ཨ་རིའི་བར་མའི་འོས་བསྡུ་ཁག་གི་བརྒྱུད་རིམ་ལ་ཕྱིར་མིག་བལྟས་ན། ད་སྔ་བར་ཨ་རིའི་བར་མའི་འོས་བསྡུ་ཕལ་ཆེ་བའི་སྐབས་སུ་འོས་འཕེན་མཁན་གྱི་མི་གྲངས་ཅུང་ཉུང་ཉུང་ཡིན་ཡང་། ད་ལན་གྱི་བར་མའི་འོས་བསྡུར་ཆ་ཤས་ལེན་མཁན་མི་གྲངས་ས་ཡ་ ༡༡༦ ལྷག་བྱུང་ཡོད་ཅིང་། དེ་ནི་ཕྱི་ལོ་ ༢༠༡༨ ལོ་ཕུད་པའི་ཨ་རིའི་འདས་པའི་ལོ་ངོ་ ༥༠ ནང་གི་འོས་འཕེན་པའི་མི་གྲངས་མཐོ་ཤོས་ཡིན་པ་རེད་ལ། ཡང་ཕྱི་ལོ་ ༡༩༣༤ ནས་ ༢༠༡༨ བར་གྱི་བར་མའི་འོས་བསྡུ་རིམ་པའི་ཁྲོད། ལས་ཐོག་སྲིད་འཛིན་གྱི་ཚོགས་པས་ད་བར་ཚོགས་འོག་མའི་སྲིད་སྟེགས་ ༢༨ དང་གོང་མའི་སྲིད་སྟེགས་ ༤ བཅས་ཆ་སྙོམས་ཐོག་ཤོར་ཡོད་པ་ཨ་རིའི་ཁ་ལི་ཧྥོ་ནེ་ཡ་གཙུག་ལག་སློབ་གྲྭ་ཆེན་མོའི་ཞིབ་འཇུག་སྙན་ཐོ་ལས་བསྟན་ཡོད་པ་རེད།

ཡང་བྷི་བྷི་སིའི་གནས་ཚུལ་ནང་། ད་ལོའི་ཨ་རིའི་བར་མའི་འོས་བསྡུ་འདི་ནི་སྲིད་འཛིན་ཟུར་པ་ཊི་རུམ་ཕུའི་བྱས་རྗེས་དང་སྤྱི་མཐུན་ཚོགས་པ་སྣེ་འཁྲིད་པའི་ཤུགས་རྐྱེན་སོགས་ལ་ཉམས་ཚོད་ལེན་བྱེད་ཀྱི་འོས་བསྡུ་ཞིག་ཡིན་པ་དང་། ཨ་རིའི་ཊག་སཱ་སི་གཙུག་ལག་སློབ་ཆེན་གྱི་སློབ་དཔོན་ཇོན་ཊའེ་ལཱོར་ (Jon Taylor) ལགས་ཀྱིས། ཐེངས་འདིར་འོས་འཕེན་མཁན་མང་པོ་ཞིག་གིས་དམངས་གཙོ་ཚོགས་པར་འོས་བླུགས་ཏེ་ཆེད་དུ་ཊི་རུམ་ཕུའི་སྤྱི་མཐུན་ཚོགས་པའི་ནང་གི་ཤུགས་རྐྱེན་ལ་ཁྱད་གསོད་བྱེད་པར་དམིགས་ཡོད། ཅེས་བརྗོད་ཡོད་པ་དང་། ད་ལོའི་ཨ་རིའི་བར་མའི་འོས་བསྡུར་ཆ་ཤས་ལེན་མཁན་ལོ་རྒྱུས་རང་བཞིན་གྱི་ཚད་མཐོ་བོ་ཆགས་ཡོད་ཅིང་། དམིགས་བསལ་དམངས་གཙོའི་སྒུལ་ཤུགས་གསར་བའི་གཞོན་སྐྱེས་གང་མང་མཉམ་ཞུགས་བྱས་ཏེ། འོས་བསྡུའི་མཇུག་འབྲས་ལ་ཁྱད་པར་ཆེན་པོ་བཟོས་ཡོད་འདུག

གཞན་ཡང་། ད་ལོའི་ཨ་རིའི་བར་མའི་འོས་བསྡུའི་ནང་བུད་མེད་འོས་ལངས་བྱེད་མཁན་མང་ཤོས་བྱུང་ཡོད་ཅིང་། གྲོས་ཚོགས་གོང་མའི་ནང་བུད་མེད་ཁྱོན་ ༢༠ དང་འོག་མའི་ནང་བུད་མེད་༢༥༩། དེ་བཞིན་མངའ་སྡེའི་སྤྱི་ཁྱབ་ཀྱི་འོས་མིར་བུད་མེད་ ༢༥ བཅས་ཨ་རི་ཁྱོན་ཡོངས་སུ་བུད་མེད་ཁྲིམས་བཟོ་བ་དང་མངའ་སྡེ་སྤྱི་ཁྱབ་སོགས་མི་གྲངས་ ༣༦༡༤ ཡོད་པ་ཡིན་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

འདི་ལོ་བོད་པའི་སློབ་གྲྭ་ཁག་གི་ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆ་ ༩༨།༥༨ རེད་འདུག

༢༠༢༦/༠༥/༡༥
ttt
Mobile App

རྩོད་རྙོག་ཟེར་བ་དེ་བཟང་ཕྱོགས་སུ་བསྒྱུར་རྒྱུའི་ཐབས་ལམ་ཡོད།

༢༠༢༦/༠༥/༡༥
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་གིས་ཌ་སི་མོན་ཊུ་ཊུ་དམ་པ་དེ་ཉིད་སྙིང་ནས་བརྩེ་བའི་གྲོགས་པོ་ཞིག་ཡིན་གསུངས།

༢༠༢༦/༠༥/༡༥
Donald Trump and Xi Jinping at a bilateral meeting. Photograph: Alex Wong/Getty Images
Mobile App

ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་དང་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གཉིས་ཐུག་འཕྲད་གནང་།

༢༠༢༦/༠༥/༡༤
ཕྱག་འཁྱེར་གནང་བ།
Mobile App

ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་སློབ་ཐོན་པ་ ༢༢ ལ་ཕྱག་འཁྱེར་གནང་།

༢༠༢༦/༠༥/༡༤
Because of high altitudes in the Himalayas, difficult terrain and often poor weather, the Kailash Manasarovar pilgrimage if one of the most challenging in the world [File: Purnima Shrestha/Reuters]
Mobile App

བལ་ཡུལ་གྱིས་ས་མཚམས་རྩོད་རྙོག་དང་འབྲེལ་ནས་རྒྱ་གར་གཞུང་ལ་ངོ་རྒོལ་བྱས།

༢༠༢༦/༠༥/༡༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese