མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

 “ངའི་བུ། སེམས་ཤུགས་མ་ཆག བོད་མ་བརྗེད།” ཅེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་སོང་།

བོད་ཀྱི་དུས་བབ།
༢༠༢༢/༡༡/༡༡
Share on FacebookShare on TwitterShare on EmailShare on Whatsapp

བོད་ནང་ཤེས་ཡོན་སོགས་ཀྱི་ཐོག་ཕྱག་ལས་རླབས་ཆེན་གནང་མཁན་འཇམ་དབྱངས་གླིང་བསོད་ནམས་བསྟན་འཛིན་ལགས་ཀྱི་མི་ཚེ་ལོ་རྒྱུས་ཀྱི་དཔེ་དེབ་ཅིག་དབུ་འབྱེད་གནང་།

པར། བོད་ཀྱི་དུས་བབ

དེ་རིང་ཞོགས་པའི་ཆུ་ཚོད་ ༩ པ་ཐོག་ངྷ་ས་ས་གནས་མགོ་འཛིན་གྱི་ཕུན་ཚོགས་ཁང་གསར་ཚོགས་ཁང་དུ། དབུས་གཙང་གི་དབུས་རྒྱུན་ལས་ཁང་དང་རྡ་ས་ས་གནས་དབུས་གཙང་རྒྱུན་ལས་གཉིས་ཀྱི་གོ་སྒྲིག་འོག སྐུ་ཞབས་འཇམ་དབྱངས་གླིང་བསོད་ནམས་བསྟན་འཛིན་ལགས་ཀྱི་མི་ཚེའི་ལོ་རྒྱུས་ “ངའི་བུ། སེམས་ཤུགས་མ་ཆག བོད་མ་བརྗེད།” ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་ཡོད་པ་དང་། མཛད་སྒོའི་ཐོག་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་དང་། བཀའ་ཟུར་ཐུབ་བསྟན་ལུང་རིགས་ལགས། རྡ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར་ལགས། དགེ་བཤེས་བློ་བཟང་གྲགས་པ་ལགས། སྤྱི་འཐུས་དང་སྤྱི་ཟུར་ཁག་ཅིག དེ་བཞིན་ཚོགས་པ་ཁག་གི་སྐུ་ཚབ་སོགས་འཛོམས་ཡོད་འདུག མཛད་སྒོའི་ཐོག་འཇམ་དབྱངས་གླིང་བསོད་ནམས་བསྟན་འཛིན་ལགས་ཀྱི་མི་ཚེ་ཧྲིལ་བོར་༧གོང་ས་མཆོག་གི་བཀའ་དགོངས་ལམ་སྟོན་བཞིན་བོད་མི་རིགས་ཀྱི་བསྟན་སྲིད་ཆེད་དུ་ཕྱག་ལས་རླབས་ཆེན་གནང་བར་བཀའ་དྲིན་རྗེས་དྲན་ཆེད་མི་ཚེ་དོན་ལྡན་གྱི་གཟེངས་རྟགས་ཕུལ་སོང་།

དཔེ་དེབ་དབུ་འབྱེད་སྐབས་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ཀྱིས་སྐུ་ཞབས་འཇམ་དབྱངས་གླིང་བསོད་ནམས་བསྟན་འཛིན་ལགས་ངོ་སྤྲོད་གནང་སྐབས། བསོད་ནམས་བསྟན་འཛིན་ལགས་མ་སུ་རི་སློབ་གྲྭ་ནས་བསླབ་པ་མཐར་སོན་རྗེས་དགེ་རྒན་གྱི་ཕྱག་ལས་གནང་ཞིང་། ཕྱི་ལོ་༡༩༩༤ ལོར་ནས་ ༧ གོང་ས་མཆོག་གི་དགོངས་པ་དང་། ཕ་མའི་ཞལ་ཆེམས་གཞིར་བཟུང་བོད་ནང་དུ་ཕེབས་ཏེ་ཤེས་ཡོན་གནས་སྟངས་ཐད་ཞིབ་འཇུག་བྱས་ཡོད་པ་མ་ཟད། ལོ་མང་པོར་བོད་མདོ་དབུས་ཁམས་གསུམ་དུ་ཁྱོན་ཡོངས་སུ་སློབ་གྲྭ་ཁག་ ༡༠༨ དང་དཔེ་མཛོད་ཁང་ ༡༠༨ འཛུགས་སྐྲུན་བྱས་ཡོད་པ་དང་། དེ་བཞིན་ཁོར་ཡུག་ལས་གཞི་དང་། འཐུང་ཆུའི་ལས་གཞི། ཨེ་ཙི་ནད་གཞིའི་སྐོར་ལ་གོ་རྟོགས་སྤེལ་བ་སོགས་ཀྱིས་མཚོན་པའི་བོད་ནང་དུ་ལས་གཞི་མང་པོ་སྤེལ་གནང་ཡོད་པ་དང་། རྒྱ་བལ་འབྲུག་གསུམ་ནང་གི་དགོན་སྡེ་སོགས་ལའང་རོགས་སྐྱོར་མང་པོ་གནང་ཡོད་སྐོར་བརྗོད་འདུག

མཛད་སྒོའི་ཐོག་འཇམ་དབྱངས་གླིང་བསོད་ནམས་བསྟན་འཛིན་ལགས་ཀྱིས། ང་ཚོ་བོད་མི་རིགས་ཀྱིས་རྡོག་རྩ་གཅིག་སྒྲིལ་བྱ་རྒྱུ་གལ་ཆེན་པོ་རེད། རང་ཉིད་ཀྱི་ཅི་ཡང་བྱེད་ཐུབ་རྒྱུ་མ་རེད་སྙམ་ནས་འདུག་རྒྱུ་ཡོད་པ་མ་རེད། ང་ལ་མཚོན་ན་བོད་ནང་དུ་ལས་ཀ་གང་ཡང་བྱེད་ཐུབ་མ་རེད་སྙམ་ནས་རྒྱ་ནག་ལ་ཞེད་སྣང་སྐྱེས་ནས་བསྡད་པ་རེད། ཡིན་ནའང་། རིག་པ་སྒྲིམ་སྟེ་ཕྱི་རྒྱལ་དུ་སློབ་སྦྱོང་བྱས། ༧གོང་ས་མཆོག་གི་བཀའ་དགོངས་བཞིན་འབད་པ་བྱས་ནས་ལག་ལེན་བསྟར་ན་འགྲུབ་རྒྱུ་འདུག བོད་ནང་དུ་ཕྲུ་གུ་ཁྲི་ ༢ ལྷག་ལ་རོགས་པ་བྱེད་ཐུབ་པ་བྱུང་། ལག་པ་གཉིས་ཐལ་མོ་སྦྱར་ནས་སྒུག་བསྡད་ན་འགྲུབ་ཀྱི་མ་རེད། ལས་ཀ་ག་རེ་ཡིན་ཡང་འཆར་གཞི་བཟོ་དགོས་ཀྱི་འདུག ཞེས་བརྗོད་སོང་།

སྐུ་མགྲོན་གཙོ་བོ་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས། ངའི་བུ། སེམས་ཤུགས་མ་ཆག། བོད་མ་བརྗེད། ཞེས་པའི་ཕྱག་དཔེ་བརྒྱུད་ནས་རང་ཉིད་ཀྱི་ཕ་མའི་དྲིན་ཆེན་གྱི་ཁ་ཆེམས་བརྒྱུད་ནས་མི་ཚེའི་ནང་གི་ལས་ཀ་གང་ཡིན་ཡང་གདོང་ལེན་བྱེད་པའི་སྙིང་སྟོབས་སྐྱེས་བ་རེད། དེས་ཕ་མ་ཚོས་སོ་སོའི་ཕྲུ་གུར་ཁ་ཏ་བསླབ་བྱ་ཡག་པོ་གནང་དགོས་པ་གལ་ཆེན་པོ་ཡིན་པ་གསལ་བོ་སྟོན་གྱི་ཡོད། ཕ་མའི་གང་ཤེས་པ་དེ་ཕྲུ་གུའི་མ་འོངས་མི་ཚེའི་ནང་གི་བསམ་དོན་འགྲུབ་པའི་རྒྱུ་རུ་འགྱུར་རྒྱུ་ཡིན་པས། ཕ་མ་ཚོས་རང་མི་རིགས་ཀྱི་སྤྲོ་བ་དང། སྡུག་བསྔལ། ཁྱད་ཆོས་སོགས་ཕྲུ་གུའི་སེམས་ཁམས་སུ་འཇོག་དགོས། ཕ་མ་ནི་ཕྲུ་གུའི་དགེ་རྒན་དང་པོ་ཡིན་པའི་ཆ་ནས་གལ་ཆེན་ཆགས་ཡོད། ཅེས་གསུངས་སོང་།

ཡང་ཚོགས་གཞོན་མཆོག་གིས། འཇམ་དབྱངས་གླིང་བསོད་ནམས་བསྟན་འཛིན་ལགས་མི་གཅིག་གིས་གཞིས་བཞུགས་བོད་མི་ཁྲི་ཁ་ཤས་ལ་ཤེས་ཡོན་གྱི་གོ་སྐབས་སྤྲད་ཡོད་ན།རང་དབང་ལུང་པར་སྐྱེས་པའི་ཕ་མ་ཚོས་དངུལ་བསགས་ཏེ། རང་ཉིད་ཀྱི་ཕྲུ་གུའི་མ་འོངས་བའི་སློབ་སྦྱོང་ཐད་འགྲོ་གྲོན་ག་ཚོད་གཏོང་དགོས་ནའང་གསོག་འཇོག་ཐུབ་དགོས་པ་ཞིག་རེད། དེང་སང་སློབ་ཡོན་མཐོ་རུ་སོང་ཡོད་པ་དང་། དམིགས་བསལ་རིགས་གཅིག་རྐང་འཛིན་གྱི་སློབ་སྦྱོང་གི་འགྲོ་སོང་ཆེན་པོ་ཆགས་ཡོད། བཙན་བྱོལ་དུ་དཔལ་འབྱོར་ཆེན་པོ་ཡོད་མཁན་མང་པོ་ཡོད་ཀྱང་། ཁོང་ནང་བཞིན་བོད་ནང་གི་རྗེས་ལུས་ཀྱི་རྣམ་པ་མཐོང་ནས་ལ་རྒྱ་དང་བརྩེ་སེམས་བཅངས་ནས་ལག་ལེན་བྱེད་མཁན་ཉུང་ཉུང་རེད། ཁོང་གི་མི་ཚེའི་ལོ་རྒྱུས་ལ་བལྟས་ནས་མཐུན་རྐྱེན་བསྐྲུན་མཁན་ཚོས་ཁོང་ལ་མིག་དཔེ་བལྟས་པ་ཡིན་ན། དེ་རིང་ཁོང་ལ་གཟེེངས་བསྟོད་བྱས་པ་ཙམ་མིན་པར་ཁོང་གི་རྗེས་ཤུལ་གྱི་བསམ་དོན་འགྲུབ་པ་རེད། ཅེས་གསུངས་སོང་།

བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

༢༠༢༦/༠༩/༡༩
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་གསལ་ཐབས་གནང་རྒྱུ་ཡིན་འདུག 

༢༠༢༦/༠༩/༡༩
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༩།༡༨
Mobile App

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གཉིས་ཟགས་པ་དང་གཅིག་སྤྱི་མོས་གཏན་འབེབས་བྱུང་། 

༢༠༢༦/༠༩/༡༨
ཕྱི་སྲིད་ལྷན་ཁང་གི་པར།
གསར་འགྱུར།

ཊོམ་དང་ཞི་གཉིས་ཀྱི་མཇལ་འཕྲད་སྐབས་གླེང་སློང་བྱེད་སྲིད་པའི་གནད་དོན་བཅུ།

༢༠༢༦/༠༩/༡༨
Anthropic-threat-intelligence-report-september-2026
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲ་རྒྱའི་དྲག་གནོན་ལག་བསྟར་བྱེད་བཞིན་འདུག

༢༠༢༦/༠༩/༡༨
ནང་སྲིད་ལས་ཁུངས་ཀྱི་ལས་སྡོམ་སྙན་སྒྲོན་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

རྩིས་ལོ་ ༢༠༢༥-༢༠༢༦ ནང་རུབ་སྡོད་གཞིས་ཁང་གསར་རྒྱག་ཁྲོད་དེབ་བཀོད་ཟིན་པའི་ཁྱིམ་ཚང་གྲངས་ ༢༠༢༥ བྱུང་འདུག 

༢༠༢༦/༠༩/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese