མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རྒྱའི་སྲིད་འཛིན་གཉིས་དངོས་སུ་ཐུག་འཆར་ཡོད་པ་རེད།

བོད་ཀྱི་དུས་བབ།
༢༠༢༢/༡༡/༡༡
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་སྲིད་འཛིན་རྗོ་བྷའེ་ཌིན་མཆོག་དང་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གཉིས་དངོས་སུ་ཐུག་འཕྲད་བྱུང་མེད་ཀྱང་འཚོག་ལ་ཉེ་བའི་སྟོབས་ཆེན་རྒྱལ་ཁབ་ ༢༠ ཡི་ལྷན་ཚོགས་ཐེངས་ ༡༧ པའི་ཐོག་ཁོང་གཉིས་ཐུག་འཆར་ཡོད་འདུག

Mr Biden had met Mr Xi in person previously, when he was the US vice-president

ཟླ་འདིའི་ཕྱི་ཚེས་ ༡༥ ནས་ ༡༦ བར་ཉིན་གཉིས་རིང་ཨིན་ཌོ་ནེ་ཤི་ཡཱ་ (Indonesia) ཡི་ཞིང་ཆེན་བྷ་ལི་ (Bali) རུ་ཨ་རི་དང་རྒྱ་ནག་ཚུད་པའི་སྟོབས་ཆེན་རྒྱལ་ཁབ་ ༢༠ ཡི་ལྷན་ཚོགས་ཐེངས་ ༡༧ པ་ (G20) འཚོག་འཆར་ཡོད་པ་དང་། ཏོག་དབྱིབས་གཉན་རིམས་རྐྱེན་གྱིས་འཛམ་གླིང་གི་ས་ཕྱོགས་གང་སར་འཕྲོད་བསྟེན་དང་དཔལ་འབྱོར་ཉམས་དམས་སུ་ཕྱིན་པ། དེ་བཞིན་ཤེས་ཡོན་དང་ཚོང་འབྲེལ་ཐོག་ལ་དཀའ་ངལ་ཤུགས་ཆེན་འཕྲད་བཞིན་ཡོད་པས། འཛམ་གླིང་གི་དཀའ་རྙོག་དེ་དག་སེལ་ཏེ་དཔལ་འབྱོར་དང་ཤེས་ཡོན་སོགས་ཡར་རྒྱས་གོང་འཕེལ་གཏོང་རྒྱུའི་བརྗོད་གཞིའི་ཐོག་གླེང་སློང་བྱ་རྒྱུ་ཡིན་འདུག སྐབས་དེར་ཨ་རི་དང་རྒྱ་ནག རྒྱ་གར། ཁེ་ན་ཌ་སོགས་ཚུད་པའི་སྟོབས་ཆེན་རྒྱལ་ཁབ་ ༢༠ ཡི་ཚོགས་མི་ཚོས་མཉམ་ཞུགས་བྱ་རྒྱུ་ཡིན་ཡང་། ཉེ་ལམ་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གི་ནང་ཨིན་ཌོ་ནེ་ཤི་ཡཱ་ལ་ཡོད་པའི་ཨུ་རུ་སུའི་གཞུང་ཚབ་ཁང་གིས། ཨུ་རུ་སུའི་སྲིད་འཛིན་པུ་ཊེན་ (Vladimir Putin) ཚོགས་འདུའི་སྟེང་དངོས་སུ་མཉམ་ཞུགས་མི་ཐུབ་ཀྱང་། དྲ་ལམ་བརྒྱུད་མཉམ་ཞུགས་བྱ་རྒྱུ་ཡིན་ཚུལ་བརྗོད་ཡོད་པ་རེད།

གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཨ་རྒྱ་གཉིས་བར་ཚོང་འབྲེལ་དང་ཆབ་སྲིད་སོགས་ཀྱི་ཐོག་ནས་དཀའ་རྙོག་ཆེན་པོ་འབྱུང་གི་ཡོད་པའི་སྐབས་འདིར། རྗོ་བྷའེ་ཌིན་མཆོག་དང་ཞི་ཅིན་ཕིང་དངོས་སུ་ཐུག་འཕྲད་གནང་འཆར་ཡོད་པའི་སྐོར་གྱི་གནས་ཚུལ་ཐོན་ཡོད་པ་དང་། ཟླ་འདིའི་ཕྱི་ཚེས་ ༩ ཉིན་ཨ་རིའི་སྲིད་འཛིན་བྷའེ་ཌིན་མཆོག་གིས། རྒྱ་ནག་གི་མགོ་ཁྲིད་དང་ཐུག་འཕྲད་མ་གནང་གོང་ཉི་ཧོང་གི་སྲིད་བློན་དང་ལྷོ་ཀོ་རི་ཡའི་སྲིད་འཛིན་སོགས་དང་ཐུག་འཕྲད་ཀྱིས་རྒྱལ་ཁབ་ཀྱི་བདེ་འཇགས་ཐད་གླེང་སློང་གནང་རྒྱུ་ཡིན་སྐོར་དང་། དེའི་རྗེས་རྒྱ་ནག་གི་མགོ་ཁྲིད་དང་ཐུག་འཕྲད་ཀྱིས་རྒྱལ་ཁབ་ཀྱི་བདེ་འཇགས་དང་དཀའ་རྙོག་ཐད་གླེང་སློང་གནང་འཆར་ཡོད་ལ། སྐབས་དེར་རྒྱལ་ཁབ་ཕན་ཚུན་བར་རྩོད་རྙོག་ག་རེ་ཡོད་མེད་ཁ་གསལ་ཤེས་པའི་ཐོག་ནས་དཀའ་རྙོག་ཡོད་པ་རྣམས་སེལ་ཐབས་གནང་རྒྱུ་ཡིན་སྐོར་དང་། ཐུག་འཕྲད་བྱུང་རྗེས་ཡོངས་ཁྱབ་ཐོག་ཟུང་སྦྲེལ་བསྒྲགས་གཏམ་སྤེལ་འཆར་མེད་སྐོར་སོགས་གསུངས་འདུག

སྟོབས་ཆེན་རྒྱལ་ཁབ་ ༢༠ ཡི་ཚོགས་འདུ་མ་འཚོག་གོང་སྟེ། ཕྱི་ཚེས་ ༡༤ ཉིན་ཨིན་ཌོ་ནེ་ཤི་ཡཱའི་གྲོང་ཁྱེར་ (Yogyakarta) རུ་སྟོབས་ཆེན་རྒྱལ་ཁབ་ ༢༠ (G20 Sherpa meeting) ཡི་ཤར་པའི་ཚོགས་འདུ་འཚོག་འཆར་ཡོད་འདུག་ལ། དེའི་ཐད་ཕྱི་ཟླ་ ༩ ཚེས་ ༢༧ ཉིན་ཨིན་ཌོ་ནེ་ཤི་ཡཱའི་བློན་ཆེན་གཞོན་པ་དང་ (Co-Sherpa G20) སྟོབས་ཆེན་རྒྱལ་ཁབ་ ༢༠ ཡི་ཤར་པའི་ཚོགས་འདུའི་ལས་བྱེད་ (Edi Prio Pambudi) ལགས་ཀྱིས། ད་ལན་གྱི་སྟོབས་ཆེན་རྒྱལ་ཁབ་ ༢༠ ཡི་ཚོགས་འདུ་དེ་གལ་ཆེན་པོ་ཡིན་པ་དང་། ཚོགས་འདུའི་སྟེང་བགྲོ་གླེང་ལྷུག་པོ་བྱས་ཏེ་རྒྱལ་ཁབ་ཡོངས་ཀྱི་རྒྱབ་སྐྱོར་དང་མོས་མཐུན་ཡོད་པའི་ཐོག་ནས་མགོ་ཁྲིད་ཀྱི་ལས་འཆར་གསལ་བསྒྲགས་ (Leaders’ Declaration draft) བྱ་དགོས་ལ། ཚོགས་འདུ་བརྒྱུད་ནས་ཐུན་མོང་གི་དམིགས་ཡུལ་སྒྲུབ་དགོས་པ་ལས། སྒེར་གྱི་དམིགས་ཡུལ་དང་རྒྱལ་ཁབ་བྱེ་བྲག་གི་དམིགས་ཡུལ་བསྒྲུབ་རྒྱུ་མིན་སྐོར་དང་། དཔལ་འབྱོར་གྱི་གནས་སྟངས་ཉམས་རྒུད་ཤུགས་ཆེན་འགྲོ་བཞིན་ཡོད་པས། དེ་སྔ་ལག་ལེན་བསྟར་བྱེད་བཞིན་པའི་ལམ་ལུགས་ལ་སྐྱོན་ཆ་ཡོད་པ་རྣམས་བཅོས་ཐབས་བྱ་དགོས་སྐོར་སོགས་བརྗོད་ཡོད་འདུག

ཕྱི་ལོ་ ༢༠༢༠ རྗེས་སུ་ཨ་རིའི་སྲིད་འཛིན་བྷའེ་ཌིན་དང་ཞི་ཅིན་ཕིན་དབར་ལ་དངོས་སུ་ཐུག་འཕྲད་བྱུང་མེད་ཅིང་། སྲིད་འཛིན་གཉིས་དབར་ཁ་པར་བརྒྱུད་ནས་འབྲེལ་བ་ཐོག་མ་དེ་འདི་ལོའི་རྒྱ་ནག་གི་ལོ་གསར་གྱི་སྔ་ནུབ་དེར་བྱུང་ཡོད་ནའང་། ད་ལྟའི་ཆར་ཨ་རྒྱའི་འབྲེལ་ལམ་དེ་སྔར་གྱི་སྲིད་འཛིན་ཊོམ་ཕུའི་དུས་སྐབས་ལྟར་ཛ་དྲག་མིན་ནའང་། གནས་ཚུལ་ཡར་རྒྱས་ཕྱིན་མེད་པར་མུ་མཐུད་ཚོང་འབྲེལ་དང་། འཕྲུལ་རིག་བརྐུ་འཁྱེར། འགྲོ་བ་མིའི་ཐོབ་ཐང་། དྲ་ལམ་འཇབ་རྒོལ། ལྷོ་རྒྱ་ནག་རྒྱ་མཚོ་དང་རྒྱ་གར་ཞི་བདེ་རྒྱ་མཚོའི་ཁུལ་གྱི་བདེ་འཇགས་སོགས་ཀྱི་གནད་དོན་ཐད་ལ་འགལ་ཟླ་དང་གདོང་ཐུག་འབྱུང་མུས་ཡིན་ཞིང་། ཉེ་ཆར་བྷའེ་ཌིན་སྲིད་གཞུང་གིས་སྲིད་འཛིན་གཞོན་པ་ལྕམ་སྐུ་ཀ་མ་ལ་ཧ་རི་སི་ (Kamala Harris) ཡིས་མཚོན་པའི་ཆེས་མཐོའི་མགོ་ཁྲིད་རྣམས་ཨེ་ཤ་ཡའི་ཁུལ་དུ་མངག་གཏོང་གནང་བ་མ་ཟད། རྒྱ་ནག་གི་གནོན་ཤུགས་ལ་མ་ལྟོས་པར་ཐའེ་ཝན་ལ་གོ་མཚོན་བཙོང་བ་དང་། ལྕམ་ནན་སི་པེ་ལི་སི་མཆོག་གིས་དབུ་འཁྲིད་པའི་གནད་ཡོད་མི་སྣ་ཐའེ་ཝན་ནང་ཕེབས་པ་སོགས་ཀྱི་གནད་དོན་ཐོག་རྣོ་ངར་ཅན་གྱི་འགལ་ཟླ་བྱུང་དང་འབྱུང་བཞིན་ཡོད་པ་རེད།

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

༢༠༢༦/༠༩/༡༩
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་གསལ་ཐབས་གནང་རྒྱུ་ཡིན་འདུག 

༢༠༢༦/༠༩/༡༩
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༩།༡༨
Mobile App

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གཉིས་ཟགས་པ་དང་གཅིག་སྤྱི་མོས་གཏན་འབེབས་བྱུང་། 

༢༠༢༦/༠༩/༡༨
ཕྱི་སྲིད་ལྷན་ཁང་གི་པར།
གསར་འགྱུར།

ཊོམ་དང་ཞི་གཉིས་ཀྱི་མཇལ་འཕྲད་སྐབས་གླེང་སློང་བྱེད་སྲིད་པའི་གནད་དོན་བཅུ།

༢༠༢༦/༠༩/༡༨
Anthropic-threat-intelligence-report-september-2026
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲ་རྒྱའི་དྲག་གནོན་ལག་བསྟར་བྱེད་བཞིན་འདུག

༢༠༢༦/༠༩/༡༨
ནང་སྲིད་ལས་ཁུངས་ཀྱི་ལས་སྡོམ་སྙན་སྒྲོན་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

རྩིས་ལོ་ ༢༠༢༥-༢༠༢༦ ནང་རུབ་སྡོད་གཞིས་ཁང་གསར་རྒྱག་ཁྲོད་དེབ་བཀོད་ཟིན་པའི་ཁྱིམ་ཚང་གྲངས་ ༢༠༢༥ བྱུང་འདུག 

༢༠༢༦/༠༩/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese