མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དབྱངས་སྒྲོན་ལགས་འཛིན་བཟུང་བྱས་ཏེ་གར་ཡོད་ཆ་མེད་དུ་གྱུར།

བོད་ཀྱི་དུས་བབ།
༢༠༢༢/༡༡/༢༡
Share on FacebookShare on TwitterShare on EmailShare on Whatsapp

སྤྱི་ཚོགས་དྲ་ལམ་དུ་སྲིད་གཞུང་གི་མགོ་འཁྲིད་དང་ལས་བྱེད་ཚོར་སྐྱོན་བརྗོད་བྱས་པའི་ཉེས་མིང་འོག་བོད་འདམ་གཞུང་རྫོང་ཁོངས་ནས་དབྱངས་སྒྲོན་ཞེས་པའི་བོད་རིགས་བུད་མེད་ཅིག་གློ་བུར་དུ་འཛིན་བཟུང་བྱས་ཏེ་གང་དུ་ཡོད་མེད་ཙམ་ཡང་ཤེས་རྟོགས་མ་ཐུབ་པར་ལྷག་འདུག

འདམ་གཞུང་རྫོང་གི་བུད་མེད་དབྱངས་སྒྲོན་ལགས་དང་ཁོང་མོའི་བཟའ་ཟླ་རིན་ཆེན་བཀྲ་ཤིས། པར་འབྲེལ་ཡོད་ནས་འདི་གར་མཁོ་སྤྲོད་བྱས།

ཟླ་འདིའི་ཕྱི་ཚེས་ ༡༥ ཙམ་ལ་དབྱངས་སྒྲོན་ལགས་འདམ་གཞུང་རྫོང་ཐོག་ཏུ་ཅ་དངོས་ཉོ་བར་ཕྱིན་སྐབས།  རྫོང་ཐོག་ནས་གློ་བུར་དུ་འཛིན་བཟུང་ཉེན་རྟོག་པ་འགས་བཀག་སྟེ་འཛིན་བཟུང་བྱས་ཡོད་པ་དང་། འབྲེལ་ཡོད་ནས་བརྗོད་པ་ལྟར་ན། དབྱངས་སྒྲོན་ལགས་ནས་སྤྱི་ཚོགས་དྲ་ལམ་དུ་དེང་སྐབས་རྒྱ་ནག་གཞུང་གི་མགོ་འཁྲིད་དང་ལས་བྱེད་ཚོས་དབང་ཆ་བེད་སྤྱོད་བྱས་ནས་བོད་མི་ཚོ་ལ་དཀའ་ངལ་འཕར་མ་བཟོ་བཞིན་ཡོད་པའི་སྐོར་གྱི་གནས་ཚུལ་སྤེལ་ཡོད་པའི་ཉེས་མིང་གཡོགས་ཡོད་འདུག

ཁོང་མོ་འཛིན་བཟུང་བྱས་ནས་བདུན་ཕྲག་གཅིག་ཙམ་འགྲོ་བཞིན་ཡོད་ཀྱང་གང་དུ་ཡོད་མེད་ཙམ་ཡང་ཤེས་རྟོགས་ཐུབ་ཀྱི་མེད་སྟབས། ཁོང་མོའི་བཟའ་ཟླ་དང་ནང་མི་རྣམས་རྫོང་ཉེན་རྟོག་ཁང་དུ་ཐེངས་མང་ཕྱིན་ཏེ་སྐད་ཆ་འདྲི་སྐབས་བརྡ་ལན་གང་ཡང་སྤྲད་མེད་པ་མ་ཟད། ཡང་ནས་ཡང་དུ་ཉེན་རྟོག་ཁང་ལ་ཡོང་ནས་སུན་པོ་བཟོ་མི་ཆོག་པའི་ཉེན་བརྡ་བཏང་ཡོད་འདུག

ཡང་འདི་གའི་གནས་ཚུལ་མཁོ་སྤྲོད་པས། སྤྱི་ཚོགས་དྲ་ལམ་དུ་མི་མང་གིས་བསམ་ཚུལ་བཤད་པ་ལ་བརྟེན་ནས་མང་པོ་ཞིག་འཛིན་བཟུང་དང་བཀག་ཉར། ཉེས་ཆད་བཅད་ཡོད་པ་རེད། ང་རང་གིས་ཤེས་པ་དེ་ཚོ་རེ་རེ་བཞིན་བཤད་ན་སྟབས་བདེ་མི་འདུག་ཀྱང་། དཔེར་ན། དགེ་རྒན་དང་སྨན་ཞབས་པ་སོགས་མང་པོ་བཟུང་ཚར་རེད། དེ་ཚོའི་རིགས་ཀྱིས་སྲིད་གཞུང་གི་འགན་འཁུར་སྟངས་དང་ལས་ཀ་བྱེད་སྟངས་རྣམས་དངོས་སུ་མཐོང་གི་ཡོད་པ་རེད་ལ། དངོས་སུ་མཐོང་དུས་སེམས་ཀྱིས་མ་བཟོད་པར་ཕྱི་ལ་བཤད་ཡོང་གི་ཡོད་པ་རེད།ཅེས་བརྗོད་བྱུང་།

དབྱངས་སྒྲོན་ལགས་ཀྱིས་སྲིད་གཞུང་གི་མགོ་འཁྲིད་དང་ལས་བྱེད་ཚོས་ས་གནས་བོད་མི་ཚོར་དཀའ་ངལ་འཕར་མ་བཟོ་བཞིན་ཡོད་སྐོར་གྱི་གནས་ཚུལ་དེ་སྤྱི་ཚོགས་དྲ་ལམ་དུ་སྤེལ་རྗེས། མི་མང་མང་པོས་ཁོང་མོས་བཤད་པ་དེ་དངོས་ཡོད་གནས་ཚུལ་ཡིན་ལུགས་བརྗོད་དེ་རྒྱབ་སྐྱོར་བྱས་ཡོད་འདུག་ལ། དེ་སྔོན་ཁྱིམ་སྡོད་བཀའ་རྒྱའི་སྐབས་སུ་དབྱངས་སྒྲོན་ལགས་དང་ཁོང་གི་བཟའ་ཟླ་རིན་ཆེན་བཀྲ་ཤིས་གཉིས་ཀྱིས་རང་ཉིད་ཀྱི་བདེ་འཇགས་ལ་མ་འཛམས་པར་ས་གནས་མི་མང་ལ་བཟའ་འབྲུ་སོགས་ཀྱིས་རོགས་རམ་མང་པོ་བྱས་ཡོད་འདུག

དབྱངས་སྒྲོན་ལགས་ཀྱིས་འདམ་གཞུང་རྫོང་དམའ་འབྲིང་དུ་སློབ་སྦྱོང་བྱས་ཡོད་པ་དང་། དེ་ནས་བོད་ལྗོངས་མི་རིགས་དགེ་ཐོན་སློབ་གྲྭ་ཆེན་མོ་ནས་སློབ་མཐར་ཕྱིན་ཡོད་འདུག ད་ལྟ་བོད་རང་སྐྱོང་ལྗོངས་ཟེར་བའི་འདམ་གཞུང་རྫོང་དུ་ཉི་འོད་ཟ་ཁང་ཞེས་པ་ཞིག་སྒོ་ཕྱེ་ནས་ལོ་གཅིག་ལྷག་འགྲོ་བཞིན་ཡོད་པ་དང་། ཁོང་གི་བཟའ་ཟླ་རིན་ཆེན་བཀྲ་ཤིས་ལགས་ནི་འདམ་གཞུང་རྫོང་ཁོངས་ཀྱི་སློབ་གྲྭ་ཞིག་གི་དགེ་རྒན་ཡིན་ཞིང་།  ཁོང་གཉིས་ལ་ཕྲུ་གུ་གཉིས་ཡོད་འདུག

གཞན་ཡང་། ཉེ་སྔོན་དཀར་མཛེས་དཔལ་ཡུལ་རྫོང་ནས་ཡིན་པའི་བོད་མི་གཉིས་ཀྱིས། དཔལ་ཡུལ་རྫོང་གི་ལས་བྱེད་ཚོས་ལས་དོན་ཡག་པོ་སྒྲུབ་ཀྱི་མེད་པའི་སྐྱོན་བརྗོད་བྱས་པའི་རྐྱེན་གྱིས། བོད་མི་དེ་གཉིས་ལ་རྒྱ་སྒོར་ ༡༠༠༠ རེས་ཉེས་ཆད་བཅད་ཡོད་འདུག གནས་ཚུལ་མཁོ་སྤྲོད་པས་བརྗོད་ན། དཔལ་ཡུལ་རྫོང་གིས་ལས་བྱེད་མི་སྣ་ཆེད་གཏོང་བྱས་ཏེ་ས་གནས་ཀྱི་ཁྱིམ་ཚང་རེ་རེ་བཞིན་སྒོ་རྡུང་ནས་ཏོག་དབྱིབས་ནད་ཡམས་དང་འབྲེལ་བའི་ལས་དོན་བྱེད་ཕྱོགས་འགྲིག་གི་ཡོད་མེད་སྐོར་འདྲི་རྩད་བྱེད་བཞིན་ཡོད་པ་དང་། སྐབས་དེར་ངེས་པར་དུ་ལས་དོན་ཡག་པོ་བྱེད་ཀྱི་འདུག་ཅེས་བརྗོད་དགོས་ཀྱི་ཡོད་སྐོར་དང་། གོང་བརྗོད་བོད་མི་དེ་གཉིས་ནས་ལས་བྱེད་པས་ལས་ཀ་ཡག་པོ་བྱེད་ཀྱི་མེད་པའི་སྐྱོན་བརྗོད་བྱས་རྐྱེན་ཉེས་ཆད་བཅད་ཡོད་སྐོར་བརྗོད་བྱུང་། 

འབྲེལ་ཡོད་གསར་འགྱུར།

Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

ཆུ་ཚོད་ ༢༡ སྔོན་ལ།
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese