མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ།

བོད་ཀྱི་དུས་བབ།
༢༠༢༢/༡༡/༢༢
Share on FacebookShare on TwitterShare on EmailShare on Whatsapp

ཨོ་གླིང་གཞུང་ནས་རྒྱ་ནག་གཞུང་ལ་༧གོང་ས་མཆོག་གི་མ་འོངས་ཡང་སྲིད་སྐོར་ལ་ཐེ་གཏོགས་བྱེད་པའི་འགན་དབང་ཅི་ཡང་མེད་པའི་སྲིད་ཇུས་གཏན་འབེབ་གནང་བའི་འབོད་སྐུལ་ཞུས་འདུག

ཟླ་འདིའི་ཕྱི་ཚེས་ ༢༡ ཉིན་ཨོ་གླིང་གི་རྒྱལ་ས་ཁཱན་བྷེ་རཱ་(Canberra)ནང་དུ་བོད་དོན་ལྷན་ཚོགས་(Tibet council) དང་ས་གནས་བོད་མིའི་མཉམ་འབྲེལ་གྱི་གོ་སྒྲིག་འོག་ཏུ། ཨོ་གླིང་ནང་དུ་ཐེངས་ ༡༡ པའི་བོད་དོན་ཞུ་གཏུག་གི་ཉིན་མོར་འདུ་འཛོམས་ཀྱིས་ལས་འགུལ་སྤེལ་ཡོད་ཅིང་། ཐེངས་འདིར་ཨོ་གླིང་གྲོས་ཚོགས་གོང་འོག་གི་འཐུས་མི་ ༣༠ ཙམ་དང་། སྲིད་དོན་ཚོགས་པ་ཁག་ཏུ་༧གོང་ས་མཆོག་གི་མ་འོངས་བའི་ཡང་སྲིད་སྐོར་ལ་རྒྱ་ནག་གཞུང་གིས་ཐེ་གཏོགས་ཅི་ཡང་མི་བྱེད་པའི་སྲིད་ཇུས་གཏན་འབེབ་གནང་བའི་རེ་སྐུལ་ཞུས་ཡོད་ཅིང་། ཐེངས་འདིའི་བོད་དོན་ཞུ་གཏུག་ལས་འགུལ་ནང་དུ་ཨོ་གླིང་སྐུ་ཚབ་དོན་གཅོད་ཀརྨ་སེངྒེ་ལགས་དང་། བོད་མི་མང་སྤྱི་འཐུས་རྡོ་རིང་བསྟན་འཛིན་ཕུན་ཚོགས་ལགས་བཅས་བོད་མི་གྲངས་ ༡༥ མཉམ་ཞུགས་གནང་ཡོད་འདུག

བོད་དོན་ཞུ་གཏུག་གི་ལས་འགུལ་སྐབས་ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་སྐུ་ཇེ་ནེ་ཌ་རི་སི་(Janet Rice) ལགས་ཀྱིས། བོད་མིའི་སྐུ་ཚབ་རྣམས་ཀྱིས་ཆབ་སྲིད་ཚོགས་པ་རིས་མེད་ཀྱི་གྲོས་ཚོགས་འཐུས་མི་དང་མཇལ་འཕྲད་གནང་སྟེ་བོད་ནང་གི་ཞི་བདེ་དང་རང་དབང་། འགྲོ་བ་མིའི་ཐོབ་ཐང་གི་ཆེད་དུ་ཞུ་གཏུག་གནང་ཡོད་པས། བོད་དོན་ཞུ་གཏུག་གི་ཉིན་མོ་འདི་ནི་ཧ་ཅང་གལ་གནད་ཆེ་བའི་ཉིན་མོ་ཆགས་ཡོད་ཅེས་གསུངས་ཡོད་པ་དང་། བོད་མིའི་སྐུ་ཚབ་རྣམས་ཀྱི་ཞུས་དོན་ལྟར་ཁོང་མོས་ཀྱང་བོར་བརླག་སོང་བའི་༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པའི་གནས་སྟངས་ལ་ཐུགས་འཚབ་བསྟན་པ་མ་ཟད། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་༧སྐུའི་ཡང་སྲིད་ཐོག་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་སྲིད་སྐོར་བརྗོད་ཡོད་འདུག

དེ་བཞིན་ལྕམ་ཇེ་ནེ་ཌ་རི་སི་ལགས་ཀྱིས། དེང་སྐབས་༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༣༠ ལྷག་སོན་ཡོད་པ་རེད། བོད་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་དང་། རིག་གཞུང་། ནང་བསྟན་རིག་པ་བཅས་གཉན་འཕྲེང་གི་ནང་དུ་ཡོད། བོད་ནང་དུ་༧གོང་ས་མཆོག་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་པར་བཏགས་པའམ། ཁྱིམ་དུ་ཉར་འཇོག་བྱས་པ་ཙམ་གྱིས་སྡིག་རྩུབ་མནར་གཅོད་དང་བཙོན་འཇུག་གི་ཉེས་ཆད་གཅོད་ཀྱི་ཡོད། ཅེས་དང་། ཁོང་མོའི་སྲིད་དོན་ཚོགས་པ་དང་ཨོ་གླིང་གཞུང་གིས་དྲང་བདེན་གྱིས་གང་ཞིག་ཏུ་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རུལ་གཏོང་བཞིན་ཡོད་ན་དེ་སྲུང་སྐྱོབ་བྱེད་པའི་འགན་ལེན་ཤུགས་ཆེན་བྱེད་ཀྱི་ཡོད། ཨོ་གླིང་གཞུང་ནས་རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་གྱི་ལུགས་སྲོལ་ལ་ཐེ་གཏོགས་ཀྱི་ཤུགས་རྐྱེན་སྤྲོད་བཞིན་པར་དགག་པ་རྒྱག་དགོས་པ་དང་། བོད་བརྒྱུད་ནང་བསྟན་གྱི་ལུགས་སྲོལ་ལྟར་ངོས་འཛིན་ཞུས་པའི་༧གོང་ས་མཆོག་གི་ཡང་སྲིད་གཅིག་པོར་ངོས་འཛིན་གནང་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན། དེ་དང་འབྲེལ་ནས་དེ་རིང་ངས་གྲོས་གཞི་ཞིག་བཏོན་ཡོད་པ་དང་། གྲོས་གཞི་འདི་ངས་མུ་མཐུད་ཨོ་གླིང་གྲོས་ཚོགས་ནང་ཐབས་ལམ་ཡོད་རྒུ་ཐོག་ནས་གླེང་སློང་ཞུ་རྒྱུ་ཡིན། ཞེས་གསུངས་འདུག

ཐེངས་འདིའི་བོད་དོན་ཞུ་གཏུག་ཉིན་མོ་དང་བསྟུན་ནས་བོད་དོན་ལྷན་ཁང་གིས་ཨོ་གླིང་མི་མང་གྲངས་ ༡༠༠༠ ལྷག་གིས་ཁས་ལེན་དམ་འབུལ་གྱི་ཐོག་ནས་མཚན་རྟགས་བསྡུ་རུབ་པར་རིས་དང་། ༧གོང་ས་མཆོག་གི་མ་འོངས་ཡང་སྲིད་ནི་བོད་བརྒྱུད་ནང་བསྟན་གྱི་ལུགས་སྲོལ་ལྟར་ངོས་འཛིན་ཞུ་རྒྱུ་ཁོ་ན་ལས། རྒྱ་གཞུང་གིས་ཐེ་གཏོགས་ཅི་ཡང་མི་བྱེད་པའི་འབོད་སྐུལ་གྱིས་ཏེ་ལས་འགུལ་སྤེལ་ཡོད་འདུག་ལ། འབོད་སྐུལ་ཞུ་ཡིག་ནང་དུ། རྒྱ་ནག་གཞུང་གིས་ཐབས་བརྒྱ་ཇུས་སྟོང་གིས་བོད་བརྒྱུད་ནང་བསྟན་གྱི་ཡང་སྲིད་ལུགས་སྲོལ་སྐོར་ལ་སྟངས་འཛིན་གྱིས་ཁྲིམས་མཐུན་ཡིན་པའི་ཆེད་དུ་འབད་བརྩོན་བྱེད་བཞིན་ཡོད་པ་རེད། དེ་ནི་༧གོང་ས་མཆོག་གི་མ་འོངས་བའི་ཡང་སྲིད་སྟངས་འཛིན་བྱེད་པའི་འཆར་གཞི་ཞིག་ཡིན་པས། ང་ཚོས་ངོས་ལེན་བྱེད་རྒྱུ་མིན། ཨ་རིའི་གཞུང་གིས་༧གོང་ས་མཆོག་གི་ཡང་སྲིད་ནི་བོད་པ་གཅིག་པོས་ངོས་འཛིན་བྱེད་དགོས་པའི་སྲིད་ཇུས་གཏན་འབེབས་བྱས་ཡོད་པ་བཞིན་དུ། ཨོ་གླིང་གཞུང་གིས་ཀྱང་གཅིག་མཚུངས་ངོས་ལེན་ཞུ་དགོས་ཀྱི་འདུག ཅེས་འཁོད་འདུག

བོད་དོན་ཞུ་གཏུག་གི་ཉིན་མོ་ནི་ཨོ་གླིང་གི་རྒྱལ་ས་ཁཱན་བྷེ་ར་རུ་ལོ་ལྟར་བོད་དོན་ལྷན་ཁང་དང་ས་གནས་བོད་རིགས་མི་མང་གིས་གོ་སྒྲིག་བྱེད་བཞིན་པའི་གལ་གནད་ཅན་གྱི་འདུ་འཛོམས་ལས་འགུལ་ཞིག་ཡིན་འདུག་ལ། ལོ་ལྟར་ཉིན་དེར་རྒྱ་ནག་གཞུང་གིས་བོད་ནང་དུ་མནར་གཅོད་གཏོང་མུས་ཡིན་པའི་ཛ་དྲག་གི་གནས་སྟངས་དང་བོད་ཀྱི་གནད་དོན་དེ་ཨོ་གླིང་གྲོས་ཚོགས་དང་སྲིད་དོན་ཚོགས་པ་བཅས་སུ་ཞུ་གཏུག་བྱེད་ཀྱི་ཡོད་འདུག

བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

TTTT
Mobile App

རྒྱ་ནག་གཞུང་གིས་བོད་མིའི་ནང་ཁུལ་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་ཐབས་སྔར་ལྷག་བྱེད་བཞིན་འདུག

སྐར་མ ༤༩ སྔོན་ལ།
TTTT
Mobile App

ལ་སྐོར་ལུང་སྐོར་བྱས་ནས་ཨ་རིའི་རོགས་དངུལ་ཨ་སྒོར་ས་ཡ་བདུན་སླར་གསོ་ཐུབ།

ཆུ་ཚོད་ ༢ སྔོན་ལ།
TTT
Mobile App

གདོང་ཐོག་ཚེ་རིང་ལགས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲུང་གཞོན་ལས་རོགས་སུ་བསྐོ་གཞག་གནང་།

ཆུ་ཚོད་ ༣ སྔོན་ལ།
སྲིད་སྐྱོང་དང་དཔལ་འབྱོར་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༣།༡༥
Mobile App

རྩིས་ལོ་ ༢༠༢༦ ་་་ ༢༠༢༧ ལོར་སྔོན་རྩིས་ཧིན་སྒོར་ས་ཡ་ ༣༤༠༧།༤༢ འཆར་འབུལ་ཞུས་འདུག 

༢༠༢༦/༠༣/༡༦
སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༡ པ་འཚོག་བཞིན་པ། ༢༠༢༦།༣།༡༦ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་བདུན་པའི་སྔོན་རྩིས་གྲོས་ཚོགས་འཚོག་མགོ་བཙུགས།

༢༠༢༦/༠༣/༡༦
བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་ཐེངས་གསུམ་པ་འཚོགས། ༢༠༢༦།༣།༡༣ དུས་བབ་ཀྱི་པར།
Mobile App

སྟོབས་དང་ནུས་པ་གང་ཡོད་པ་ངོས་བཟུང་ནས་ང་ཚོའི་ཞན་ཆ་ཉུང་དུ་གཏོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese