མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཐུབ་བསམ་ཞུ་བའི་བོད་མི་ཞིག་ལ་ལོ་གཉིས་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༢/༡༡/༢༤
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གིས་ཕྱི་ཕྱོགས་སུ་གནས་ཚུལ་མཁོ་སྤྲོད་བྱས་པའི་ཉེས་མིང་འོག་དཀར་མཛེས་ནས་བོད་མི་ཐུབ་བསམ་ཞུ་བ་ཞིག་ལ་ལོ་གཉིས་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

བོད་མི་ཐུབ་བསམ། པར་འདི་གར་བོད་ནས་མཁོ་སྤྲོད་བྱས།

རྒྱ་ནག་གཞུང་གིས་དབྱེ་བའི་ཟི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་སེར་ཤུལ་རྫོང་འབུམ་སྙིང་སྡེ་བ་ནས་ཡིན་པའི་ལོ་ན་ ༢༨ ཙམ་ལ་སོན་པའི་བོད་མི་གཞོན་སྐྱེས་ཐུབ་བསམ་ཞུ་བ་ཞིག་གིས་ཕྱི་ཕྱོགས་རྒྱལ་ཁབ་ལ་གནས་ཚུལ་མཁོ་སྤྲོད་བྱས་པའི་ཉེས་མིང་འོག་ནས། ཕྱི་ཟླ་ ༡༡ ཚེས་ ༢༡ ཉིན་དཀར་མཛེས་རྫོང་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས། ཐུབ་བསམ་ལགས་ལ་དུས་ཡུན་ལོ་ངོ་གཉིས་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པའི་གནས་ཚུལ་འབྲེལ་ཡོད་བོད་མི་ཞིག་གིས་མཁོ་སྤྲོད་གནང་བྱུང་།

དེ་ཡང་གནས་ཚུལ་མཁོ་སྤྲོད་པས། འདི་ལོའི་ཕྱི་ཟླ་ ༥  ཚེས་ ༣ ཉིན་ཐུབ་བསམ་ལགས་དཀར་མཛེས་ཀྱི་ཟ་ཁང་ཞིག་ནས་ཉེན་རྟོག་པས་འཛིན་བཟུང་བྱས་འདུག ཁོང་འཛིན་བཟུང་བྱེད་དགོས་དོན་ནི་ཁོང་གིས་འདི་ལོའི་ཕྱི་ཟླ་ ༥ པ་ནས་བཟུང་ཕྱི་ཕྱོགས་ཡོ་རོབ་དང་རྒྱ་གར་སོགས་ལ་འབྲེལ་བ་བྱས་ཏེ་སྐད་འཕྲིན་བརྒྱུད་ས་གནས་ཀྱི་གནས་ཚུལ་མང་པོ་ཞིག་ཕྱི་ཕྱོགས་ལ་མཁོ་སྤྲོད་བྱས་པའི་ཉེས་འཛུགས་བྱས་འདུག་ཅེས་འགྲེལ་བརྗོད་གནང་བྱུང་།

ཁོ་འཛིན་བཟུང་བྱས་ནས་ཟླ་བ་ལྔ་ལྷག་བཀག་སྐྱིལ་ཁང་ཞིག་ལ་བཅུག་ནས་འདྲི་ཞིབ་དང་རྡུང་རྡེག་མང་པོ་བཏང་ཡོད་པ་དང་། ཕྱི་ཟླ་ ༡༡ ཚེས་ ༢༡ ཉིན་དཀར་མཛེས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས་ཁོང་གི་སྤུན་མཆེད་དང་བཟའ་ཟླ་ཁྲིམས་ཁང་དུ་སྐད་བཏང་ནས་ཐུབ་བསམ་གྱིས་རྒྱལ་ཁབ་ཁ་བྲལ་དང་གསང་བ་ཕྱིར་བསྒྲགས་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་བཏང་བའི་ཉེས་མིང་འོག་དུས་ཡུན་ལོ་གཉིས་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག་ཅེས་འགྲེལ་བརྗོད་གནང་ཡོད་འདུག

ཐུབ་བསམ་ལགས་ནི་ལོ་ན་ ༢༨ ཙམ་ཡིན་པ་དང་ཟི་ཁྲོན་ཞིང་ཆེན་དཀའ་མཛེས་ཁུལ་སེར་ཤུལ་རྫོང་འབུམ་རྙིང་སྡེ་བ་ནས་ཡིན་ཞིང་། ནམ་རྒྱུན་བཟོ་རིགས་ལ་མཁས་པ་ཞིག་ཡིན་སྟབས། ཁོང་གིས་ལག་ཤེས་ལ་རྟེན་ནས་ནང་མིའི་འཚོ་བ་རོལ་གྱི་ཡོད་ཅིང་། ཁོང་གི་ཁྱིམ་དུ་ཕ་མ་གཉིས་དང་སྤུན་མཆེད་ ༡། བཟའ་ཟླ་དང་ལོ་ན་ལྔ་ཅན་ཀྱི་བུ་མོ་ཞིག་བཅས་ཡོད་པ་རེད་འདུག

འབྲེལ་ཡོད་གསར་འགྱུར།

བསམ་ཚུལ།

སྤེན་པ་ཚེ་རིང་ལ་འོས་ཐོབ་བརྒྱ་ཆ་ ༦༠ ཡན་ལོན་ཡོད་དམ་མེད།

ཆུ་ཚོད་ ༡༡ སྔོན་ལ།
Front Slider

ཇོ་ནང་གཞིས་བྱེས་གཉིས་ཀྱི་ངོས་ནས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་དང་ཇོ་ནང་ཏཱ་ར་ནཱ་ཐ་གཟེངས་རྟཊ་ཕུལ།

ཆུ་ཚོད་ ༡༡ སྔོན་ལ།
ཇོ་ནང་གཞིས་བྱེས་གཉིས་ཀྱི་ངོས་ནས་༸གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་དུ་ཇོ་ནང་ཏཱ་ར་ནཱ་ཐ་གཟེངས་རྟགས་འབུལ་ལམ་ཞུས། ༢༠༢༦།༥།༡ དགའ་ལྡན་ཕོ་བྲང་གི་སྐུ་པར།
༸གོང་ས་མཆོག གསར་འགྱུར།

ཇོ་ནང་གཞིས་བྱེས་གཉིས་ཀྱིས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

ཆུ་ཚོད་ ༡༢ སྔོན་ལ།
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་ནས་གནས་བརྟན་སྡེ་བའི་ལུགས་ཀྱི་ས་ག་ཟླ་བར་འཚམས་འཕྲིན་མཛད།

ཆུ་ཚོད་ ༡༣ སྔོན་ལ།
Myanmar state TV
State TV broadcast a picture of the Nobel laureate in confinement
Mobile App

ལྕམ་ཨང་སན་སུའུ་སྐྱིད་ལགས་བཟང་བཙོན་དུ་བཞག་ཡོད་ལུགས་བསྒྲགས།  

ཆུ་ཚོད་ ༡༤ སྔོན་ལ།
Front Slider

གློ་སྒྲིག་གི་ལོ་རྒྱུས་ཀྱི་བྱུང་བ་བརྗོད་པ།

༢༠༢༦/༠༤/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese