མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་སྤྱིའི་རྐང་སྤོལ་འགྲན་བསྡུར་ཁྲོད་འབྱུང་བཞིན་པའི་གནད་དོན་འགའ།

བོད་ཀྱི་དུས་བབ།
༢༠༢༢/༡༡/༢༤
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་ནས་ཕྱི་ཟླ་ ༡༢ ཚེས་ ༡༨ བར་ཉིན་གྲངས་ ༢༨ རིང་དཀྱིལ་ཤར་ཨེ་ཤ་ཡའི་མཚོ་གླིང་ཁཱ་ཌར་རྒྱལ་ཁབ་ཏུ་འཛམ་གླིང་གསེར་གྱི་བུམ་པ་རྟགས་མའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་དངོས་སུ་མགོ་ཚུགས་ཡོད་པ་དང་། ཐེངས་འདིའི་འགྲན་བསྡུར་ནང་དུ་འཛམ་གླིང་གི་རྒྱལ་ཁབ་ ༣༢ ཡི་རྐང་སྤོལ་རུ་ཁག་མཉམ་ཞུགས་གནང་བྱས་ཏེ། འགྲན་བསྡུར་བྱེད་བཞིན་པ་དང་བསྟུན། ད་ལོའི་འཛམ་གླིང་གསེར་གྱི་བུམ་པ་རྟགས་མའི་རྐང་རྩེད་སྤོ་ལའི་འགྲན་བསྡུར་ཁྲོད་བསམ་ཡུལ་ལས་འདས་པའི་གནད་དོན་ཁག་ཅིག་བྱུང་ཡོད།

ཐེངས་འདིའི་རྩེད་འགྲན་གྱི་ཉིན་གཉིས་པའི་རྐང་སྤོལ་རྩེད་འགྲན་ཨི་གྷི་ལན་ཌི་དང་ཨི་རན་བར་དབུ་འཛུགས་བྱེད་པའི་སྐབས་སུ་ཨི་རན་རྒྱལ་ཁབ་ཀྱི་རྩེད་འགྲན་པ་རྣམས་ཀྱིས་རང་ཉིད་ཀྱི་རྒྱལ་ཁབ་ཀྱི་རྒྱལ་གླུ་སྐྱོར་མེད་པ་དང་། སེམས་ཚོར་གྱི་རྣམ་འགྱུར་ཅི་ཡང་མེད་པའི་ཐོག་ནས་ངོ་རྒོལ་བྱས་ཡོད་པ་མ་ཟད། ཨི་རན་གྱི་ལྟད་མོ་བ་ཚོའི་ལག་ཏུ་ཨི་རན་གྱི་རང་དབང་གི་ཆེད་དུ་དང་། བུད་མེད། ཚེ་སྲོག རང་དབང་། ཨི་རན་གྱི་སྲིད་གཞུང་འགྱུར་བ་གཏོང་དགོས་ཞེས་པ་སོགས་ཀྱི་བསྒྲགས་ཡིག་འཕྱར་ནས་ཨི་རན་གཞུང་ལ་ངོ་རྒོལ་བྱས་འདུག

ཁ་སང་རྩེད་འགྲན་གྱི་ཉིན་གསུམ་པའི་དགོང་མོར། འཇར་མན་དང་ཉི་ཧོང་བར་རྩེད་འགྲན་བྱས་ཡོད་ཅིང་།  རྩེད་འགྲན་མགོ་འཛུགས་མ་བྱེད་གོང་དུ་རྩེད་འགྲན་པ་ཡོངས་མཉམ་པར་བརྒྱབ་པའི་སྐབས་སུ། འཇར་མན་གྱི་རྩེད་འགྲན་པ་བཅུ་གཅིག་པོས་ལག་པ་གཡས་པའི་ཁ་བཀག་ནས་པར་བརྒྱབ་ཡོད་སྟབས། དེ་ནི་འདི་ལོའི་རྐང་སྤོལ་རྩེད་འགྲན་ཁྲོད་ཀྱི་གླེང་གཞི་ཆེན་པོ་ཞིག་འགྱུར་བཞིན་འདུག་ལ། འདི་ལོའི་ཀོ་ཊར་གྱི་རྩེད་འགྲན་ཁྲོད་འཇར་མན་དང་། དབྱིན་ཡུལ། ནེ་ཏར་ལན་ཌི། ཝེལ་སི། (Wales) སྦེལ་འཇམ། ཌེན་མག སུད་སི་སོགས་ཀྱི་རུ་ཁག་རྣམས་ལ་བརྩེ་བ་གཅིག (  onelove) ཞེས་པའི་དཔུང་བཏགས་གྱོན་རྩིས་ཡོད་པ་རྐང་སྤོལ་རྩེད་འགྲན་གོ་སྒྲིག་ཚོགས་པས་བཀག་སྡོམ་བྱས་ཡོད་ཅིང་། བརྩེ་བ་གཅིག (  onelove) ཞེས་པ་ནི་རང་དབང་དང་འདྲ་མཉམ་གྱི་གནས་སྟངས་ཆེས་ཞན་པའི་རྒྱལ་ཁབ་ཁག་ཏུ་གནས་སྡོད་བྱེད་མུས་ཡིན་པའི་མི་མང་དང་། ཁྲིམས་མཐུན་གྱི་མཚན་མཐུན་དགའ་རོགས། མཚན་མཐུན་མ་ནིང་མོ་ལོག་(LGBT)  སོགས་མི་སྒེར་གྱི་གཞི་རྩའི་རང་དབང་ལ་བརྩི་འཇོག་བྱ་དགོས་པའི་ཞུ་འབོད་ཀྱི་ལས་འགུལ་ཞིག་ཡིན་པ་རེད་ལ། འཇར་མན་གྱི་རྐང་སྤོལ་རུ་ཁག་གིས་ཁ་འགེབས་དོན་ནི་རྐང་སྤོལ་རྩེད་འགྲན་གོ་སྒྲིག་ཚོགས་པར་ངོ་རྒོལ་བྱེད་བཞིན་ཡོད་པ་མཚོན་གྱི་ཡོད་འདུག

ཕྱི་ལོ་ ༢༠༢༢ ལོའི་འཛམ་གླིང་གསེར་གྱི་བུམ་པ་རྟགས་མའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ནང་དུ་རྒྱ་ཆེ་བའི་ལྟད་མོ་བ་རྣམས་ཡ་མཚར་བའི་སེམས་ཚོར་ཞིག་སྤྲད་ཡོད་པ་ནི། འཛམ་གླིང་རྐང་སྤོལ་འགྲན་བསྡུར་ཁྲོད་སྐད་གྲགས་ཆེས་ཆེར་ཡོད་པའི་ཨ་ཇན་ཌེ་ན་དང་འཇར་མན་གྱི་རྩེད་འགྲན་རྣམས་རྩེད་ཐེངས་དང་པོར་ཕམ་ཁ་བྱུང་བ་རེད། ཕམ་ཁ་བྱུང་བར་སེམས་ཚོར་ཆེན་པོ་བྱུང་དོན་ཡང་ནམ་རྒྱུན་རྩེད་འགྲན་ཁྲོད་རེ་བ་བྱེད་ཀྱི་མེད་པའི་ཨེ་ཤ་ཡའི་ཉི་ཧོང་རྩེད་འགྲན་པ་དང་སོ་དྷའེ་ཨ་རབ་བྷིན་གྱི་རྩེད་འགྲན་པ་གཉིས་ལ་རྒྱལ་ཁ་ཐོབ་ཡོད་པས་རེད་འདུག ཉི་ཧོང་གི་ལྟད་མོ་བ་ཚོས་རྩེད་འགྲན་མཇུག་བསྒྲིལ་བ་དང་རྩེད་འགྲན་ར་བའི་ནང་གཙང་སྦྲ་བྱས་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གླེང་སློང་དང་མིག་དཔེ་ལྟ་ཡུལ་ཞིག་ཏུ་གྱུར་ཡོད་པ་མ་ཟད། རྒྱལ་སྤྱིའི་རྐང་སྤོལ་རྩེད་འགྲན་ཁྲོད་ཉི་ཧོང་གི་རྩེད་འགྲན་པ་རྣམས་ལ་རྐང་སྤོལ་རྩེད་འགྲན་གྱི་སྒྲིག་གཞི་ཆེས་ལེགས་པར་སྲུང་མཁན་གྱི་མཚན་སྙན་ཞིག་ཀྱང་བཏགས་ཡོད་པ་རེད།

འཛམ་གླིང་གསེར་གྱི་བུམ་པ་རྟགས་མའི་རྐང་རྩེད་སྤོ་ལའི་འགྲན་ཚོགས་དེ་ནི་ཕྱི་ལོ ༡༩༣༠ ལོར་ལྷོ་ཨ་མེ་རི་ཁའི་རྒྱལ་ཁབ་ཡུ་རུ་གྷེ་ ( Uruguay ) རུ་ཐོག་མའི་ས་བོན་འབུས། དེ་ནས་བཟུང་ལོ་བཞི་རེའི་མཚམས་སུ་ལོ་ལྟར་རྩེད་འགྲན་དེ་བསྡུ་འཆར་ཡོད་ཀྱང་། འཛམ་གླིང་དམག་ཆེན་གཉིས་པའི་རྐྱེན་གྱིས་ཕྱི་ལོ ༡༩༤༢ དང་ ༡༩༤༦ གཉིས་སུ་རྩེད་འགྲན་བསྡུ་ཐུབ་མེད་པ་རེད། ཕྱི་ལོ ༡༩༥༠ ལོར་ལྷོ་མེ་རི་ཁའི་བྷི་རཱ་ཛིལ ( Brazil ) གྱིས་རྩེད་འགྲན་གོ་སྒྲིག་བྱས་རྗེས། ད་བར་ལོ་བཞི་རེའི་མཚམས་སུ་གཅིག་ཀྱང་མ་ཆད་པར་བསྟུད་མར་བསྡུས་ཡོད། ཡུ་རོབ་ཀྱི་རྒྱལ་ཁབ་ཧྥ་རན་སི  ( france ) དང་འཇར་མན་(Germany ) ཨི་ཊ་ལི (Italy ) བཅས་ཀྱིས་ཐེངས་གཉིས་རེར་རྩེད་འགྲན་གོ་སྒྲིག་བྱས་འདུག  དེ་བཞིན་སི་པེན( Spain ) དང་དབྱིན་ཡུལ། ཨར་འཇན་ཊི་ན་( Argentina )  སོགས་ཀྱིས་ཐེངས་གཅིག་རེར་གོ་སྒྲིག་བྱས་འདུག ལྷག་པར་དུ་ཕྱི་ལོ་ ༢༠༠༢ ལོའི་རྩེད་འགྲན་དེ་ཉི་ཧོང་དང་ལྷོ་ཀོ་རི་ཡར་འཚོགས་ཡོད་ཅིང་། དེ་ནི་ཨེ་ཤ་ཡའི་ནང་དུ་རྒྱལ་སྤྱིའི་སྐྱེས་པའི་རྐང་སྤོལ་འགྲན་ཚོགས་བསྡུ་ཐེངས་དང་པོར་གྱུར་ཡོད་འདུག་ལ། ད་ལོར་ཡང་བསྐྱར་རྩེད་འགྲན་ཐེངས་ ༢༢ པ་དེ་ཨེ་ཤ་ཡའི་ཁཱ་ཊར་རྒྱལ་ཁབ་ཏུ་འཚོག་བཞིན་ཡོད་ཅིང་། འདི་ནི་ཨེ་ཤ་ཡའི་ནང་བསྡུ་ཐེངས་གཉིས་པ་ཡིན་པ་རེད།

བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

བོད་རང་དབང་འཐབ་རྩོད་པའི་ལྷན་ཚོགས་ཕྱི་ལོ་ ༢༠༢༦ ཟླ་ ༤ ཚེས་ ༢༥ དང་ ༢༦ ཉིན་དབུས་སྣེ་ལེན་ཁང་དུ་འཚོགས། དུས་བབ་ཀྱི་པར།
Mobile App

བོད་རང་དབང་འཐབ་རྩོད་པ་རྣམས་ལ་རིམ་གྱིས་གཟེངས་རྟགས་དབུལ་རྒྱུ་ཡིན་འདུག 

ཆུ་ཚོད་ ༢༡ སྔོན་ལ།
བྲག་མགོ་རྫོང་གི་སྟོན་པའི་སྐུ་བརྙན་དེ་དགོན་པའི་འདུ་ཁང་དུ་བཞག་སྟེ་སྔོན་གྱི་བཞུགས་ཡུལ་དུ་རྟ་རྒྱུག་ཐང་བཟོས་འདུག པར་དུས་བབ་ལ་མཁོ་སྤྲོད་གནང་།
Mobile App

བོད་བྲག་མགོ་རྫོང་གི་སྟོན་པའི་སྐུ་བརྙན་བཞུགས་ས་དེ་རྟ་རྒྱུག་ཐང་བཟོས་འདུག

ཆུ་ཚོད་ ༢༣ སྔོན་ལ།
ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུའི་ལས་རིམ་དངོས་སུ་མགོ་བཙུགས། ༢༠༢༦།༤།༢༦ དུས་བབ་གསར་ཁང་གི་པར།
Mobile App

ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུ་བྱེད་བཞིན་པ།

༢༠༢༦/༠༤/༢༦
དབུས་འོས་བསྡུ་ལས་ཁང་གི་གསར་འགོད་གསལ་བསྒྲགས་ཀྱི་པར། ༢༠༢༦།༠༡།༢༨
Mobile App

བལ་ཡུལ་མཆོད་འཇོར་ས་གནས་ལ་དངོས་གཞིའི་འོས་བསྡུ་ཐེངས་གཅིག་ཕྱིར་འཐེན་གནང་།

༢༠༢༦/༠༤/༢༥
ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་བ་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ལྡི་ལི་ནས་མཇུག་བསྡུས།

༢༠༢༦/༠༤/༢༤
མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གི་གནས་བབ་ཁ་གསལ་བཟོ་དགོས་པའི་རེ་སྐུལ་གནང་།

༢༠༢༦/༠༤/༢༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese