མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དགེ་ལུགས་པ་ཡོངས་ནས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་གཏན་ཁེལ་འདུག

བོད་ཀྱི་དུས་བབ།
༢༠༢༢/༡༡/༢༩
Share on FacebookShare on TwitterShare on EmailShare on Whatsapp

རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་བསྟན་བདག་བླ་ཆེན་རྣམ་པས་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་ལོ་གསར་ཚེས་ཀྱི་ཉིན་དང་པོར་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་གཏན་ཁེལ་ཡོད་པ་རེད།

རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ནས་༧གོང་ས་མཆོག་ལ་བརྟན་བཞུགས་འབུལ་གཏན་འཁེལ་བ། ༧སྐྱབས་རྗེ་བྱང་རྩེ་ཆོས་རྗེ་རིན་པོ་ཆེས་གསལ་བསྒྲགས་གནང་། པར། བོད་ཀྱི་དུས་བབ།

དེ་རིང་ཕྱི་ཚེས་ ༢༩ ཉིན་རྒྱབ་ཆུ་ཚོད་ ༡ སྟེང་དྷ་སའི་ནོར་བུ་གསོལ་མགྲོན་ཁང་དུ་༧སྐྱབས་རྗེ་བྱང་རྩེ་ཆོས་རྗེ་རིན་པོ་ཆེ་མཆོག་གིས། ཕྱི་ལོ་ ༢༠༢༣ ལོའི་ཟླ་ ༡ ཚེས་ ༡ ཉིན་ཏེ། ལོ་གསར་པ་ཞིག་གི་ཚེས་མགོ་དང་བསྟུན་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་གཏན་ཁེལ་ཡོད་པའི་གསལ་བསྒྲགས་བསྐྱངས་སོང་བ་དང་སྐབས་དེར་༧སྐྱབས་རྗེ་བྱང་རྩེ་ཆོས་རྗེ་རིན་པོ་ཆེ་མཆོག་གིས་༧སྐྱབས་རྗེ་ཁྲི་རིན་པོ་ཆེ་མཆོག་དབུས་པའི་བསྟན་བདག་བླ་ཆེན་རྣམ་པ་དང་མཁན་པོ་རྣམས་ནས་༧གོང་ས་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། གནས་མཆོག་རྡོ་རྗེ་གདན་དུ་གསུང་ཆོས་དང་སྨོན་ལམ་གྱི་སྐབས་དང་བསྟུན་ནས། དགེ་ལུགས་པ་སྤྱི་ཡོངས་ནས་གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་གཏན་ཁེལ་བ་རེད། ཅེས་གསུངས་སོང་བ་དང་། དེ་རིང་༧རྒྱལ་བ་རིན་པོ་ཆེའི་དྲ་རྒྱར། ཕྱི་ལོ་ ༢༠༢༣ ཟླ་ ༡ ཚེས་ ༡ ཉིན་གྱི་སྔ་དྲོ་དགེ་ལུགས་ཆོས་བརྒྱུད་འཛིན་པ་ཡོངས་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ། ཞེས་བཀོད་འདུག

ཡང་རིན་པོ་ཆེ་ཁོང་གིས། བརྟན་བཞུགས་དང་སྨོན་ལམ་ཆེན་མོའི་སྐབས་དད་ལྡན་སེར་སྐྱ་མང་ཚོགས་ཡོངས་ནས་སྙིང་ཁོངས་རུས་པའི་གཏིང་ནས་༧གོང་ས་མཆོག་༧སྐུ་ཚེ་ཞབས་པད་བརྟན་པར་གསོལ་བ་འདེབས་རྒྱུ་གལ་ཆེན་ཡིན་པ་དང་། གནས་ཀྱི་ཆ་ནས་ནང་པའི་གནས་ཆེན་ཀུན་གྱི་མཆོག་སྟེ་གནས་མཆོག་རྡོ་རྗེ་གདན་ཡིན་པ་དང་། སྟོན་པའི་ནང་ནས་སྟོན་པ་ཕུན་སུམ་ཚོགས་པ་འཕགས་མཆོག་ཕྱག་ན་པདྨོ་༧གོང་ས་སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་སྐུ་ཚེ་ཞབས་པད་བརྟན་པར་ང་ཚོས་དད་པ་དམ་ཚིག་གཡོ་བ་མེད་པར་གསོལ་བ་ཕུན་སུམ་ཚོགས་པ་འདེབས་རྒྱུ་དེ་གལ་ཆེ་ཤོས་རེད།

ལོ་གསར་ཚེས་ཀྱི་ཉིན་དང་པོར་བརྟན་བཞུགས་ཕུལ་གྱི་ཡོད་པ་དང་ཉིན་དེ་ནས་ལོ་གསར་པ་ཧྲིལ་པོའི་རིང་སྤྱན་རས་གཟིགས་ཀྱི་གཟུང་སྔགས་མ་ཎི་གང་མང་བགྲང་བའི་རེ་སྐུལ་དང་། དེང་སྐབས་མང་ཚོགས་ནང་ཉལ་ཐ་དང་ཆང་རག་ཚོད་མེད་འཐུང་མཁན། དྲ་ལམ་ཁག་ཏུ་ཚུལ་མིན་གྱི་རོལ་རྩེད་མང་པོ་རྩེ་བཞིན་པ་སོགས་ནི་རང་གཞན་གཉིས་ཕོངས་པའི་རྒྱུ་ཡིན་སྟབས། རང་གཞན་གཉིས་ཕོངས་པའི་ཚུལ་མིན་གྱི་ལས་དེ་དག་ལ་མི་འཇུག་རྒྱུ་གལ་ཆེན་དང་མི་འཇུག་པའི་ཁས་ལེན་དམ་བཅའ་བཞག་པ་ཡིན་ན། ༧གོང་ས་མཆོག་ཐུགས་རྒྱས་ཏེ་སྐུ་ཚེ་ཡུན་རིང་བརྟན་པའི་རྒྱུ་རུ་འགྱུར་གྱི་ཡོད་པ་དང་བསོད་ནམས་ཀྱི་ཚོགས་རླབས་པོ་ཆེ་གསོག་གི་ཡོད་སྟབས། དེ་དོན་དད་ལྡན་མང་ཚོགས་ཀྱིས་ཐུགས་ལ་འཇོག་པའི་འབོད་སྐུལ་སོགས་ཞུས་གནང་སོང་།

ཡང་༧སྐྱབས་རྗེ་བྱང་རྩེ་ཆོས་རྗེ་རིན་པོ་ཆེ་མཆོག་གིས། རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་སྨོན་ལམ་གོ་སྒྲིག་ཚོགས་ཆུང་གིས་༧གོང་ས་མཆོག་ལ་ཇི་ལྟར་གསོལ་བ་བཏབ་པ་བཞིན།  ད་ལོ་རྡོ་རྗེ་གདན་དུ་དམིགས་བསལ་སྨོན་ལམ་ཆེན་མོ་ཞིག་འཚོག་ན་འགྲིག་གི་ཡོད་པའི་བཀའ་བཞེས་ཟབ་མོ་ཐོབ་པ་རེད། དེ་དང་འབྲེལ་ནས་༧གོང་ས་མཆོག་རྡོ་རྗེ་གདན་དུ་ཕེབས་ནས་གསུང་ཆོས་གནང་རྒྱུའི་ཞལ་བཞེས་སྩལ་ཡོད། འདི་ལོའི་ཕྱི་ཟླ་ ༡༢ ཚེས་ ༢༩ ནས་ཕྱི་ལོ་ ༢༠༢༣ ལོའི་ཟླ་དང་པོའི་ཚེས་ ༣ བར་གསུང་ཆོས་དང་སྟབས་བསྟུན་ནས་སྨོན་ལམ་འཕར་མ་དེ་འཚོག་ན་འགྲིག་པ་བྱས་ཡོད། སྨོན་ལམ་ཆེན་མོ་དེ་ཚོགས་དགོས་དོན་ནི་འཛམ་གླིང་འདིའི་ནང་འབྱུང་བཞིའི་གནོད་པ་དང་དམག་འཁྲུག མི་དགེ་བ་ལ་སོགས་པས་འཇིག་པ་བྱེད་པ་དང་མདོར་ན་འཇིག་རྟེན་གྱི་ཁམས་འདིར་ནད་ཡམས་དང་འཁྲུག་རྩོད་སོགས་མི་མཐུན་པའི་དགེ་བའི་གཉེན་རྩ་མཐའ་དག་ལྷད་མེད་དུ་བཞེས་བའི་སླད་དུ། གནས་མཆོག་རྡོ་རྗེ་གདན་དུ་སྨོན་ལམ་ཆེན་མོ་འཕར་མ་འཚོག་གཏན་ཁེལ་བ་རེད། ཅེས་གསུངས་སོང་།

འབྲེལ་ཡོད་གསར་འགྱུར།

Mobile App

དྷ་ས་ནས་རྒྱ་མི་ཞིག་གསང་ཉུལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་འདུག

ཆུ་ཚོད་ ༩ སྔོན་ལ།
Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

༢༠༢༦/༠༢/༠༢
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩

མཆན། 5

  1. ངོད་ལ་དགའ། says:
    ལོ་ 3 སྔོན།

    བརྟན་བཞུགས་བསྟར་འབུལ་བ་ལས་ གསུང་ཡག་པོ་རྩིས་ན་ལེགས་སོ།

    Reply
  2. བོད་ལ་དགའ། says:
    ལོ་ 3 སྔོན།

    བཞུགས་བསྟར་འབུལ་ལས་ ཁ་མ་བཏང་བར་གསུང་རྩིས་ན་ལེགས་སོ།

    Reply
  3. Thupten Tsephel says:
    ལོ་ 3 སྔོན།

    མཛེས་ཆོས་ཀྱི་བརྟན་ཞུགས་འབུལ་བ་ལས། ལག་ལེན་གྱིས་དགོངས་པ་མ་དཀྲུག་ན་བཟང་། མཚན་གནས་ཡོད་པ་བཞིན་ཕྱག་ལས་གནང་ཐུབ་ན་བསྟན་དོན་ལ་ཕན། ནམ་ཡང་ངོ་མདོང་སྲུང་ནས་ཞུགས་ན། མི་ཕལ་པ་ཞིག་དང་ཁྱད་འབྱེད་དཀའ། ཐུགས་རྗེ་གཟིགས། སྤྱིར་སངས་རྒྱས་བསྟན་པ། སྒོས་དགེ་ལུགས་པའི་བསྟན་པ་མི་ཉམས་རྒྱུན་འཛིན་གནང་བ་ལས་འགན་ལྕི། ཤིན་ཏུ་ལྕི།

    Reply
  4. བློ་བཟང་བསྟན་འཛིན says:
    ལོ་ 3 སྔོན།

    དགེ་ལུགས་ཡིན་དང་སྡིག་ལུགས་ཡིན་མི་ཤེས་་་གང་ལྟར་གོང་མཆོག་ལ་ཚེ་འདིའི་བཀའ་དྲིན་བསམ་མཁན་གྱི་མི་ཞིག་ཡོད་ན་མཆོག དགེ་ལུགས་སྤྱི་འཐུས་གཙོས་ཆོས་ལུགས་ཁག་གི་སྤྱི་འཐུས་རྣམ་ཚེ་ཕྱི་མ་ནི་མཁས་མི་ལེན་མཁན་དག་མ་རེད་འདུག བརྟན་བཞུགས་མ་བྱུང་ན་ཡང་བསྟན་པ་མ་ཤིག་ན་མཆོག

    Reply
  5. བློ་བཟང་། says:
    ལོ་ 3 སྔོན།

    ག་རེ་དགེ་ལུགས་པའི་བསྟན་བདག་????
    དགེ་ལུགས་སྤྱི་འཐུས་གཉིས་ཀྱིས་་་དབུ་ལམ་ཁས་མི་ལེན་པ་དང་་་ལི་ཐང་དཔུང་སྒྲིག་གི་ཚོགས་སུ་ཞུགད་ནས་་སྤྱི་ཚོགས་ཁྲག་ལྟར་དཀྲིགས། ་བྷིར་་་ཨོ་རྒྣ་སྟོབས་རྒྱལ་ལ་གྲོགས་བསྒྲིགས་ནས་་་་༧ གོང་ས་མཆོག་གི་དབུ་འོག་ཏུ་ར་མགོ་ཕྱིར་འཐེན་བྱས་ནས་་་་དཀའ་ངལ་་ད་མེད་ཅིག་བྱུང་དང་འབྱུང་བཞིན་པར། ཁྱེད་ཚོ་བསྟན་བདག་བླ་ཆེན་ཟེར་པ་ཚོས་་་ཁ་ཅིག་གྲག་མྱོང་ངམ????
    ༧ གོང་ས་མཆོག་ལ་དད་པ་མེད་ཀྱང་བེད་སྤྱོད་་་གཏོང་དགོས་མཁན་་་ཁྱེད་ཚོའི་རིགས་ལ་་ཡིད་ཆེས་མེད་ལ་་་་དགའ་བ་དེའང་ཡུན་རིང་ནས་བརླགས་སོང་། ང་ཚོ་ལ་འདི་འདྲའི་ཁཞེ་མི་མཚུངས་པའི་བསྟན་བདག་བླ་ཆེན་་་ཟེར་པ་ཞིག་་་་་དགོས་དོན་མེད། ནམ་ཡང་ཡིད་ཆེས་མེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese