མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཉི་ཧོང་གིས་རྒྱ་ནག་ཐོག་ལྟ་ཞིབ་བྱེད་མཁན་གྲོས་ཚོགས་འཐུས་མིའི་ཇུས་སྟོན་ཚོགས་ཆུང་གསར་འཛུགས་གནང་།

བོད་ཀྱི་དུས་བབ།
༢༠༢༢/༡༢/༠༦
Share on FacebookShare on TwitterShare on EmailShare on Whatsapp

ཉི་ཧོང་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་ལྷན་འཛོམས་ཐོག་རྒྱ་ནག་དམར་ཤོག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་ལ་ལྟ་ཞིབ་བྱེད་མཁན་ཇུས་སྟོན་ཚོགས་ཆུང་ཞིག་གསར་འཛུགས་གནང་ཡོད་འདུག

Shimomura Hakubun, Chairman of the Japanese Parliamentary Support Group for Tibet speaking.2022/12/05 Photo:tibet.net

ཟླ་འདིའི་ཕྱི་ཚེས་ ༥ ཉིན་ཉི་ཧོང་གྲོས་ཚོགས་ཀྱི་ཚོགས་ཁང་དུ། བོད་དང་ཡུ་གུར། ལྷོ་སོག་བཅས་ཀྱི་གནད་དོན་ལ་རྒྱབ་སྐྱོར་བྱེད་མཁན་ཉི་ཧོང་གྲོས་ཚོགས་འཐུས་མི་ཁག་གཅིག་ལྷན་འཛོམས་ཐོག་རྒྱ་ནག་དམར་ཤོག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་ལ་ལྟ་ཞིབ་བྱེད་མཁན་ཇུས་སྟོན་ཚོགས་ཆུང་ཞིག་གསར་འཛུགས་གནང་ཡོད་པ་དང་། ཇུས་སྟོན་ཚོགས་ཆུང་གི་ཚོགས་གཙོར་གུ་ཡངས་མང་གཙོ་ཚོགས་པའི་ཀི་ཇི་ཕུ་རུ་ཡ་ (Keiji Furuya) ལགས་དང་། དྲུང་ཆེར་གུ་ཡངས་མང་གཙོ་ཚོགས་པའི་ཧི་རོ་མི་མིཊ་ཚུ་བ་ཡ་ཤི་ལགས་ (Hiromi Mitsuybayashi) ལགས་བསྐོ་བཞག་གནང་ཡོད་པ་མ་ཟད། ཚོགས་ཆུང་གི་སློབ་སྟོན་པར་ཉི་འོང་གི་བསམ་མཛོད་བསྟི་གནས་ (Japan Institute for National Fundamentals) ཞེས་པའི་ཡོ་ཤི་ཀོ་ས་ཀུ་རི་ (Yoshiko Sakurai) ལགས་བསྐོ་བཞག་གནང་ཡོད་འདུག

སྐབས་དེར་གྲོས་ཚོགས་འཐུས་མི་ཀི་ཇི་ཕུ་རུ་ཡ་ལགས་དང་། བློན་ཆེན་ཏ་ཀའི་ཆི་ས་ནེ་ (Takaichi Sanae) ལགས། བསམ་མཛོད་བསྟི་གནས་ཁང་གི་ངེས་སྟོན་པ་ཡོ་ཤི་ཀོ་ས་ཀུ་རི་ (Yoshiko Sakurai) ལགས་ཀྱིས་རྒྱལ་སྤྱིའི་ཐོག་ནས་མུ་མཐུད་ཁ་ཁུ་སིམ་པོར་བསྡད་པའི་རྐྱེན་གྱིས་རྒྱ་ནག་གཞུང་གིས་རང་གི་མི་སེར་དང་བཙན་འཛུལ་བྱས་པའི་ས་ཁུལ་གྱི་མི་མང་ལ་སྡུག་སྦྱོང་མནར་གཅོད་མུ་མཐུད་གཏོང་གི་ཡོད་སྐོར་དང་། ད་ཆ་ཚང་མས་རྒྱལ་སྤྱིའི་ཁྲིམས་སྒྲིག་སྲུང་སྐྱོབ་དང་རྒྱ་ནག་གི་དབང་ཤེད་དང་དྲག་རྩུབ་ཆེ་བའི་སྲིད་བྱུས་ཀྱི་ཁ་གཏད་དུ་སྐད་ཆ་ཤོད་དགོས་ཞེས་གསུངས་ཡོད་འདུག 

ཉི་ཧོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཤི་མོ་མུ་ར་ཧ་ཀུ་བུན་ (Shimomura Hakubun) ལགས་ཀྱིས་ཇུས་སྟོན་ཚོགས་ཆུང་དེ་ལྟ་བུ་ཞིག་གསར་འཛུགས་གནང་བར་དགའ་བསུའི་བསྔགས་བརྗོད་གནང་བ་དང་འབྲེལ། བོད་ནང་རྒྱ་གཞུང་གིས་རིག་གཞུང་རྩ་གཏོར་གཏོང་བཞིན་པའི་སྐོར་དང་། བོད་རྒྱའི་དཀའ་རྙོག་སེལ་བར་༸གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ནས་གཉིས་སྨན་གྱི་ཞི་བའི་ཐབས་ལམ་བསྟེན་གནང་བའི་སྐོར་སོགས་ངོ་སྤྲོད་གནང་ཡོད།

དེ་བཞིན་ཉི་ཧོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་གྲོས་ཚོགས་འཐུས་མི་རྣམས་ལ་ཐུགས་རྗེ་ལེགས་འབུལ་ཞུས་པ་དང་ཆབས་ཅིག་འདི་ལོའི་ཕྱི་ཟླ་ ༠༦ ནང་ཨ་རི་ཝ་ཤིང་ཀྲོན་དུ་ཚོགས་པའི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པའི་སྐབས། རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་འབྲེལ་མཐུད་ཚོགས་པ་སླར་གསོ་གནང་བའི་སྐོར་ངོ་སྤྲོད་དང་། ཉི་ཧོང་སྐད་དུ་བསྒྱུར་བའི་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་འབྲེལ་མཐུད་ཚོགས་པའི་དམིགས་ཡུལ་འགྲེམས་སྤེལ་གནང་བ་དང་སྦྲགས་གྲོས་ཚོགས་འཐུས་མི་རྣམས་དེར་འཛུལ་ཞུགས་ཡོང་བའི་འབོད་སྐུལ་ཞུས་ཡོད་འདུག 

ཚོགས་འདུའི་དམིགས་བསལ་གསུང་བཤད་པའི་ཁོངས་སྲིད་ཟུར་བློ་བཟང་སེངྒེ་ལགས་དང་། རྒྱལ་སྤྱིའི་ཡུ་གུར་མཐུན་ཚོགས་ཀྱི་ཊོལ་ཀུན་ཨི་ས་ (Dolkun Isa) ལགས། ཤི་ཛོ་ཀ་གཙུག་ལག་སློབ་གཉེར་ཁང་གི་གཙུག་ལག་སློབ་དཔོན་ཨོ་ནོ་ཨ་ཀི་ར་ (Ohno Akira) ལགས། ལྷོ་སོག་མཐུན་ཚོགས་ཀྱི་དའི་ཆིན་ཨོལ་ཧུ་ནུ་ (Daichin Olhunud) ལགས་ཡོད་ཅིང་། ཁོང་རྣམས་ནས་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་རྡོག་རོལ་གཏོང་བཞིན་པའི་སྐོར་གསུང་བཤད་གནང་ཡོད་འདུག

བོད་མིའི་སྒྲིག་འཛུགས་ཀྱི་དྲ་བ་ལས་འདིར་དྲངས།

འབྲེལ་ཡོད་གསར་འགྱུར།

པར། བདག་དབང་། བོད་ཀྱི་དཔེ་མཛོད་ཁང་།
Mobile App

གསར་འགྱུར་མེ་ལོང་ལོ་ ༡༠༠ འཁོར་བའི་རྗེས་དྲན།

༢༠༢༥/༡༠/༡༡
FILE - Venezuelan opposition leader Maria Corina Machado gestures at a protest ahead of the Friday inauguration of President Nicolas Maduro for his third term, in Caracas, Venezuela January 9, 2025. [File photo: Reuters/Maxwell Briceno]
Mobile App

༢༠༢༥ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ལྕམ་མཱ་རི་ཡ་ཁོ་རི་ནཱ་མཱ་ཆཱ་ཌོ་ལགས་སུ་ཐོབ།

༢༠༢༥/༡༠/༡༠
བོད་རིགས་དཔོན་པོ་བསྟན་འཛིན་དང་རྒྱ་ནག་གཞུང་གི་ཆོས་ལུགས་ལས་དོན་བཀག་སྡོམ་གྱི་བཅའ་ཁྲིམས། པར་དུས་བབ་ཀྱིས་བསྒྲིགས།
Mobile App

ཆོས་ལུགས་ལ་དད་མོས་བྱས་པའི་ཉེས་མིང་འོག་བོད་རིགས་དཔོན་པོ་ཞིག་གནས་དབྱུང་བཏང་།

༢༠༢༥/༡༠/༡༠
Hungary's Laszlo Krasznahorkai poses for photographers in London [File: Matt Dunham/AP]
Mobile App

འདི་ལོའི་ནོ་སྦེལ་རྩོམ་རིག་གཟེངས་རྟགས་དེ་ཧང་གྷ་རིའི་རྩོམ་པ་པོ་ལཱ་སི་ལོ་ཀ་རཱ་སི་ཛ་ན་ཧོར་ཁའེ་ཐོབ། 

༢༠༢༥/༡༠/༡༠
From left, Susumu Kitagawa, Richard Robson and Omar Yaghi, winners of the Nobel Prize in Chemistry, announced at the Nobel Assembly of the Karolinska Institutet, in Stockholm, Sweden, on October 8, 2025
Mobile App

ནོ་སྦེལ་རྫས་འགྱུར་རིག་པའི་གཟེངས་རྟགས་ཡོངས་བསྒྲགས་གནང་།

༢༠༢༥/༡༠/༠༩
The 7th Young Indian Scholars’ Conference on Tibetan Studies Commences in Dharamshala Organises by Tibet Policy Institute (TPI). PC : CTA
Mobile App

རྒྱ་གར་ན་གཞོན་བོད་རིག་པ་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བདུན་པ་མཇུག་བསྡུས།

༢༠༢༥/༡༠/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese