མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ང་ཚོ་འགྲོ་བ་མི་ཡིན་པ་གཅིག་མཚུངས་དང་གཅེན་གཅུང་ཡིན་པའི་ཆ་ནས་ཕན་ཚུན་གསོད་རེས་བྱེད་དགོས་དོན་གང་ཡང་མེད།

བོད་ཀྱི་དུས་བབ།
༢༠༢༢/༡༢/༢༡
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གུ་རུ་གྷ་རམ་ (Gurugram) ཁུལ་དུ་རྟེན་གཞི་བྱས་པའི་སཱལ་ཝན་མི་མང་སློབ་གྲྭ་ (Salwan Public School) རུ་ལྡི་ལི་ཁུལ་གྱི་སློབ་གྲྭ་ཆེ་འབྲིང་གི་སློབ་ཕྲུག་སྟོང་ཕྲག་མང་པོར་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ (Secular Ethics) ཀྱི་བརྗོད་གཞིའི་ཐོག་བཀའ་སློབ་བསྩལ་ཡོད་འདུག

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ལྡི་ལི་གུ་རུ་གྷ་རམ་ (Gurugram) སཱལ་ཝན་མི་མང་སློབ་གྲྭ་ (Salwan Public School) རུ་དགེ་སློབ་སྟོང་ཕྲག་མང་པོར་བཀའ་སློབ་བསྩལ། ༢༠༢༢།༡༢།༢༡

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། སྤྱིར་འཛམ་གླིང་ནང་གི་མི་ཐེར་འབུམ་ ༧ ལྷག་རྣམས་ནི་གཅེན་གཅུང་ཡིན་པ་རེད། རྒྱུ་མཚན་ནི་ང་ཚོ་མའི་ཁོག་ནས་སྐྱེ་སྟངས་གཅིག་པ་ཡིན་པ་ལས་དམིགས་བསལ་གང་ཡང་ཡོད་མ་རེད། ཨ་མས་ཕྲུ་གུར་འོ་མ་སྤྲོད་པ་དང་། བྱམས་སྐྱོང་དང་གཅེས་སྤྲས་བྱེད་སྟངས་རྣམས་གཅིག་མཚུངས་རེད། དུད་འགྲོ་སེམས་ཅན་ཞིག་ཡིན་རུང་ཨ་མས་རང་གིས་པུ་གུར་གཅེས་སྤྲས་བྱེད་ཀྱི་ཡོད་པ་རེད། དེར་བརྟེན་མཐར་ཐུག་ན་འཛམ་གླིང་འདི་བྱམས་སྙིང་རྗེ་ལ་རྟེན་དགོས་ཀྱི་ཡོད་པ་རེད། ད་ལྟའི་ཆར་འཛམ་གླིང་འདིའི་སྟེང་གི་འགྲོ་བ་མི་དང་སེམས་ཅན་མཐའ་དག་ལ་ཨ་མས་འོ་མ་སྤྲོད་པ་དང་བརྩེ་བས་བསྐྱངས་པ་ཤ་སྟག་རེད་ལ། ཆོས་ལུགས་ཀྱི་དབྱེ་བ་མེད་པར་ང་ཚོས་འདོན་པ་འདོན་པ་སོགས་གཅིག་མཚུངས་རེད། དེ་ཡང་ངོས་རང་ཚུད་པའི་ཕྲུ་གུ་ཁྱེད་རང་ཚོའི་ཆོས་ལུགས་གང་ཡིན་མིན་དང་ཚོགས་པ་ག་རེ་ཡིན་མིན་སོགས་ལ་མ་ལྟོས་པར། ཚང་མས་མཉམ་དུ་སྨོན་ལམ་འདེབས་པ་དང་གད་མོ་བགད་ཀྱི་ཡོད་པ་རེད། དེར་བརྟེན་ངོས་རང་གིས་བསམ་ཚུལ་ལ་ང་ཚོ་འགྲོ་བ་མི་ཡིན་པ་གཅིག་མཚུངས་ཡིན་པའི་ཆ་ནས། འཛམ་གླིང་འདི་འགྲོ་བ་མིའི་འཛམ་གླིང་ཞིག་ཆགས་ཀྱི་ཡོད་པ་རེད།  ཅེས་གསུངས་སོང་།

ཡང་༧གོང་ས་མཆོག་གིས།  ངོས་རང་གི་བསམ་ཚུལ་ལ། འདས་པའི་ལོ་ངོ་སྟོང་ཕྲག་གོང་ལ་རྒྱ་གར་ལ་བྱམས་སྙིང་རྗེ་ (Karuna) དང་འཚེ་བ་མེད་པའི་ (Ahimsa) སྐོར་ལ་སློབ་ཀྱི་ཡོད་པ་རེད། སྤྱིར་གཞི་རྩའི་ཐོག་ནས་བྱམས་སྙིང་རྗེ་དང་འཚེ་བ་མེད་པ་གཉིས་པོ་འགྲོ་བ་མིའི་རིན་ཐང་ཆགས་ཀྱི་ཡོད་པ་རེད། དེ་ཡང་སེམས་ཅན་སྟག་དང་སེང་གེ་ལའང་ཨ་མའི་འོ་མས་གཅེས་སྤྲས་བྱེད་ཀྱི་ཡོད་རེད། འོན་ཀྱང་སྟག་དང་སེང་གེ་སོགས་ཀྱི་གཟུགས་པོའི་རང་བཞིན་མི་འདྲ་བ་ཡོད་པ་དང་། ཁོ་ཚོའི་མཆེ་བ་རྣོ་བོ་ཡོད་པ་དང་རྐང་ལག་གི་སྡེར་མོའང་རྣོ་བོ་ཡོད་པར་བརྟེན། གཞན་ལ་འཚེ་བ་བྱེད་ཀྱི་་ཡོད་པ་རེད། འོན་ཀྱང་ང་ཚོ་ཚང་མ་དེ་ལྟར་མ་རེད། དེར་བརྟེན་གཞི་རྩའི་འགྲོ་བ་མིའི་རང་བཞིན་ནི་བྱམས་སྙིང་རྗེ་དང་འཚེ་བ་མེད་པ་བྱ་རྒྱུ་དེ་རེད། དེར་བརྟེན་ང་ཚོ་ཨ་མའི་འོ་མ་དང་བྱམས་བརྩེས་གསོ་སྐྱོང་བྱས་པའི་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས། ང་ཚོའི་གཟུགས་པོའི་རང་བཞིན་དང་བསམ་བློའི་གཏོང་ཕྱོགས་ལ་ཁྱད་པར་ཡོང་གི་ཡོད་པ་རེད། སྤྱིའི་ཆ་ནས་སེམས་ཅན་ལས་ལྷག་པ་འགྲོ་བ་མི་རྣམས་ཞི་བདེ་དང་ལྡན་པའི་ཐོག་ནས་འཚོ་བ་སྐྱེལ་གྱི་ཡོད་པ་རེད། སེམས་ཅན་གཞན་དག་འཚོ་གནས་བྱེད་པར་ཕན་ཚུན་གསོད་རེས་བྱས་ཏེ་འཚོ་བ་སྐྱེལ་དགོས་ཀྱི་ཡོད་རེད། འོན་ཀྱང་ང་ཚོ་དེ་ལྟར་མ་རེད། སྐབས་རེར་ང་ཚོ་མིའི་བསམ་བློ་ཡར་རྒྱས་ཕྱིན་པ་ལ་བརྟེན་ནས་འདོད་ཆགས་མང་བ་ཡོང་བ་དང་། འདོད་ཆགས་མང་བའི་རྐྱེན་གྱིས་དྲག་ཤུལ་ཡོང་གི་ཡོད་རེད། དེར་བརྟེན། ད་ལྟའི་ཆར་ང་ཚོའི་འཛམ་གླིང་ནང་འཚེ་བ་དང་དྲག་རྒོལ། བཙན་གནོན་མང་པོ་བྱུང་བ་མཐོང་གི་ཡོད་རེད་ལ། དེའི་རྐྱེན་གྱིས་མི་མང་པོ་གསོད་པ་དང་ཚེ་སྲོག་ཤོར་གྱི་ཡོད་པ་རེད། ད་དུང་ད་ལྟའི་ཆར་ཚང་མས་རྡུལ་ཕྲན་མཚོན་ཆ་བཟོ་རྒྱུའི་ཚོར་བ་ཤུགས་ཆེན་པོ་ཡོད་པ་རེད། དེ་དག་ནི་བསམ་བློ་གཏོང་ཕྱོགས་རྙིང་པ་རེད། དེར་བརྟེན་ངོས་རང་གིས་གོང་དུ་ཞུས་པ་ལྟར། འཛམ་གླིང་འདིའི་སྟེང་དུ་ཡོད་པའི་སེམས་ཅན་དང་འགྲོ་བ་མི་ཡོངས་རྫོགས་ཨ་མ་ནས་སྐྱེས་པ་དང་ཨ་མའི་བྱམས་བརྩེས་གསོ་སྐྱོང་བྱེད་པ་དང་། གཅེན་གཅུང་གི་བརྩེ་བས་སྐྱོང་བ་ཞིག་ཡིན་པས་ང་ཚོ་བྱམས་སྙིང་རྗེའི་ཐོག་ནས་འཚར་ལོངས་བྱུང་བ་ཞིག་རེད། འདས་པའི་དུས་རབས་ཁ་ཤས་གོང་ནས་འཛམ་གླིང་འདིའི་སྒང་ལ་འཚེ་བ་མང་པོ་བྱུང་ཡོད་པ་རེད། དེ་ཡང་ངོ་མཚར་ཅན་གྱི་མིའི་ཀླད་པ་དེ་དག་གིས་མི་ཇི་ལྟར་གསོད་དགོས་པ་དང་། ཁྱིམ་མཚེས་རྒྱལ་ཁབ་དང་ཁྱིམ་མཚེས་སོགས་གཏོར་བཤིག་ཇི་ལྟར་གཏོང་དགོས་པའི་ཐོག་ལ་བེད་སྤྱོད་བཏང་དང་གཏོང་བཞིན་ཡོད་པ་ནི་ནམ་ཡང་ནོར་གྱི་ཡོད་རེད། ད་ལྟའི་ཆར་ང་ཚོས་འཛམ་གླིང་སྟེང་གི་མི་ཐེར་འབུམ་ ༧ ལྷག་རྣམས་འགྲོ་བ་མི་ཡིན་པ་གཅིག་མཚུངས་ཡིན་པའི་ཆ་ནས་བྱམས་སྙིང་རྗེ་དང་འཚེ་བ་མེད་པ་བྱ་དགོས་པ་དང་། འཛམ་གླིང་ཞི་བདེ་དང་ལྡན་པ་བསྐྲུན་ཐུབ་པར་བསམ་བློ་མང་ཙམ་གཏང་དགོས་ཀྱི་ཡོད་པ་རེད། འདས་པའི་ལོ་ངོ་མང་པོའི་ནང་འཚེ་བ་མང་པོ་བྱུང་ཡོད་རེད་ལ། དེའི་རྐྱེན་གྱིས་འཛམ་གླིང་ཞི་བདེ་དང་བདེ་སྐྱིད་དང་ལྡན་པ་བསྐྲུན་ཐུབ་ཀྱི་མེད་ལ། འཛམ་གླིང་འདིའི་སྟེང་འཚེ་བ་མང་པོ་བྱུང་བའི་རྐྱེན་གྱིས་ཕྱིས་སུ་འཚེ་བ་དེ་བས་མང་བ་འབྱུང་གི་རེད། དེར་བརྟེན་ད་ལྟའི་ཆར་ང་ཚོས་ཞི་བདེ་དང་ལྡན་པ་དང་། འཚེ་བ་མེད་པ། བདེ་སྐྱིད་དང་ལྡན་པའི་འཛམ་གླིང་བསྐྲུན་རྒྱུའི་ཐད་ལ་བསམ་བློ་གཏང་རྒྱུའི་དུས་ལ་བསླེབས་ཡོད་པ་དང་། ང་ཚོ་འགྲོ་བ་མི་ཡིན་པ་གཅིག་མཚུངས་ཡིན་པ་དང་གཅེན་གཅུང་ཡིན་པའི་ཆ་ནས་ཕན་ཚུན་གསོད་རེས་བྱ་དགོས་དོན་མེད་པས། ཚང་མ་མཉམ་དུ་འཚོ་བ་སྐྱེལ་དགོས་ཀྱི་ཡོད་པ་རེད། ཅེས་བཀའ་སློབ་བསྩལ།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ལྡི་ལི་གུ་རུ་གྷ་རམ་ (Gurugram) སཱལ་ཝན་མི་མང་སློབ་གྲྭ་ (Salwan Public School) རུ་དགེ་སློབ་སྟོང་ཕྲག་མང་པོར་བཀའ་སློབ་བསྩལ།

དེང་དུས་ཀྱི་ཤེས་ཡོན་དང་འབྲེལ་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། དུས་རབས་གསར་པའི་གཞོན་སྐྱེས་རྣམས་ཀྱིས་རྒྱ་གར་གནའ་རབས་ཀྱི་རིག་གཞུང་དང་ཤེས་ཡོན་ཐོག་ལ་དོ་སྣང་མང་ཙམ་བྱ་དགོས་སྐོར་དང་། ཕྱི་དངོས་པོའི་ཡར་རྒྱས་དང་འབྲེལ་ནས་དེང་དུས་ཤེས་ཡོན་སློབ་གསོ་སྤྲོད་ཀྱི་ཡོད་པ་ལྟར། ནང་སེམས་ཀྱི་ཞི་བདེའི་སྐོར་ལ་གོ་རྟོགས་སྤེལ་བ་དང་ཡར་རྒྱས་ཡོང་ཐུབ་པར་རྒྱ་གར་གྱི་གནའ་རབས་ཀྱི་ཤེས་ཡོན་སློབ་གསོ་སྤྲོད་དགོས་པ་དེ་གལ་ཆེན་པོ་ཡིན་པར་བརྟེན། ཚང་མས་རྒྱ་གར་གནའ་རབས་ཀྱི་ཤེས་ཡོན་ཐོག་ལ་དོ་སྣང་མང་ཙམ་བྱེད་དགོས་སྐོར་གསུངས་སོང་།

བཀའ་སློབ་གྲུབ་རྗེས་འཛིན་རིམ་དྲུག་པའི་སློབ་མ་ནིལ་ཨ་ཌི་ཀཱ་རི་ལགས་ཀྱིས་མི་རབས་གསར་པའི་གཞོན་སྐྱེས་ཚོར་ཕྱི་དངོས་པོར་དོ་སྣང་མང་བ་སྤྲོད་མཁན་དང་རང་ཤེད་ཚ་བོ་ཆགས་ཀྱི་ཡོད་པ་རེད། དེ་ལས་ལྡོག་ནས་མི་ཡག་པོ་ཇི་ལྟར་བཟོ་དགོས་སྐོར་བཀའ་འདྲི་ཞུས་པར་༧མགོན་པོ་མཆོག་གིས། ནང་སེམས་ཀྱི་ཞི་བདེ་ཡོང་བར་སེམས་ལ་མ་སྐྱིད་པ་བཟོ་མཁན་གྱི་གཞི་རྩ་གཙོ་བོ་གང་ཡིན་པ་དེ་ཤེས་པར་བྱ་དགོས་ཀྱི་ཡོད་པ་རེད། དེ་ཡང་ང་ཚོ་ཚང་མ་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཡིན་པས། ཚང་མས་ནང་སེམས་ཀྱི་ཞི་བདེ་མེད་པར་བཟོ་མཁན་གང་ཡིན་པ་གསལ་པོ་ཤེས་པར་བྱ་དགོས་ཀྱི་ཡོད་རེད། དེ་ཡང་རྒྱ་གར་གྱི་གནའ་རབས་རིག་གཞུང་དང་ཤེས་ཡོན་ནང་དུ་ནང་སེམས་ཀྱི་ཞི་བདེ་ཇི་ལྟར་བསྐྲུན་དགོས་སྐོར་དང་། ནང་སེམས་ཀྱི་ཞི་བདེ་དཀྲུག་མཁན་གཙོ་བོ་འདོད་ཆགས་ཞེ་སྡང་སོགས་མེད་པར་ཇི་ལྟར་བཟོ་དགོས་སྐོར་དང་དེ་དག་ཇེ་ཉུང་དུ་གཏོང་ཐབས་སོགས་ལག་བསྟར་གང་འདྲ་བྱ་དགོས་པའི་སྐོར་ལ་སློབ་ཀྱི་ཡོད་པ་རེད། དེར་བརྟེན། མི་རབས་གསར་པའི་གཞོན་སྐྱེས་རྣམས་ཀྱིས་དེང་དུས་ཀྱི་ཤེས་ཡོན་མཉམ་དུ་རྒྱ་གར་གྱི་གནའ་རབས་ཀྱི་ཤེས་ཡོན་ལ་དོ་སྣང་མང་ཙམ་བྱ་དགོས་སྐོར་གྱི་ལམ་སྟོན་བཀའ་སློབ་གནང་སོང་།

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese