མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཉི་ཧོང་ནང་གི་བོད་པ་ཚོར་བོད་དོན་སྐོར་གྱི་ཟབ་སྦྱོང་སྤྲད།

བོད་ཀྱི་དུས་བབ།
༢༠༢༢/༡༢/༢༦
Share on FacebookShare on TwitterShare on EmailShare on Whatsapp

ཉི་ཧོང་ནང་དུ་ཡོད་པའི་བོད་ཕྲུག་སློབ་གཉེར་བ་དང་ལས་ཀ་བྱེད་བཞིན་པའི་གཞོན་སྐྱེས་ཁག་ཅིག་ལ་རང་ཉིད་ཀྱི་ངོ་བོ་སྲུང་སྐྱོབ་དང་བོད་དོན་ཆེད་གདོང་ལེན་བྱེད་ཕྱོགས་སོགས་ཀྱི་སྐོར་ནས་ཟབ་སྦྱོང་ཞིག་གོ་སྒྲིག་གནང་ཡོད་འདུག

Representative Dr Arya Tsewang Gyalpo speaking to the participants. Photo:Tibet.net

དེ་རིང་ཉི་ཧོང་གི་རྒྱལ་ས་ཊོག་ཡོ་རུ་རྟེན་གཞི་བྱས་ཡོད་པའི་བོད་ཀྱི་ཁང་པས་གོ་སྒྲིག་འོག བོད་ཁང་གི་ཚོགས་ཁང་ནང་དུ། ཉི་ཧོང་ནང་སློབ་གཉེར་བྱེད་བཞིན་པའི་བོད་པའི་སློབ་མ་དང་ལས་ཀ་བྱེད་མཁན་ན་གཞོན་ཁག་ཅིག་ལ་ཟབ་སྦྱོང་འཚོགས་ཡོད་པ་དང་། ཟབ་སྦྱོང་དེ་ནི་གཙོ་བོ་ཉི་ཧོང་ནང་ཡོད་པའི་བོད་པའི་གཞོན་སྐྱེས་རྣམས་ཀྱིས་རང་ཉིད་ཀྱི་ངོ་བོ་སྲུང་སྐྱོབ་དང་། བོད་དོན་ཆེད་གདོང་ལེན་བྱེད་ཕྱོགས་སོགས་ཡར་རྒྱས་སུ་གཏོང་བར་དམིགས་པ་ཞིག་ཡིན་འདུག

ཉི་ཧོང་སྐུ་ཚབ་དོན་གཅོད་ཨརྱཱ་ཚེ་དབང་རྒྱལ་པོ་ལགས་ཀྱིས།  བོད་ནང་གི་བོད་མི་རྣམས་ཀྱི་མངོན་འདོད་དང་རེ་བ་ཡིད་ལ་དྲན་པའི་ཐོག་ནས་བོད་པའི་སློབ་མ་རྣམས་ཀྱིས་རླབས་ཆེན་གྱི་འོས་འགན་འཁུར་ནས་བོད་ནང་གི་དྲང་བདེན་དང་རང་དབང་བསྐྱར་གསོ་བྱ་དགོས་པ་དང་།  ༧གོང་ས་མཆོག་ནས་གསོལ་རས་གནང་བའི་བོད་ཀྱི་དམངས་གཙོའི་གལ་གནད་དང་། དམངས་གཙོའི་ལས་དོན་ལག་བསྟར་བྱ་རྒྱུ་ནི་སྤྱི་ཚོགས་ཡར་རྒྱས་འགྲོ་བ་དང་བོད་དོན་འཐབ་རྩོད་དོན་འཁྱོལ་ཡོང་བར་ཕན་ཐོགས་ཆེ་སྐོར་གཏམ་བཤད་གནང་འདུག

ཟབ་སྦྱོང་ཐོག་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་བརྩམས་པའི་འབྲུག་གི་དུག་རླངས་ལ་གདོང་གཏོད་པ།(Harnessing the Dragon’s Fume)་ཞེས་པའི་ནང་གི་བོད་ཀྱི་ཆབ་སྲིད་ཀྱི་ལོ་རྒྱུས་མདོར་བསྡུས་འགྲེལ་བརྗོད་གནང་ཡོད་པ་དང་། བོད་མི་ཚང་མས་བོད་ཀྱི་ལོ་རྒྱུས་ཤེས་རྟོགས་བྱ་རྒྱུ་ཧ་ཅང་གལ་འགངས་ཆེན་ཡིན་པ་དང་། རྒྱ་ནག་གིས་ག་དུས་ཡིན་ནའང་ལོ་རྒྱུས་ལ་འཁྱོག་བརྗོད་བྱེད་བྱེད་པར་གདོང་ལེན་ཇི་ལྟར་བྱེད་དགོས་པ་སོགས་ཀྱི་སྐོར་ལམ་སྟོན་གནང་ཡོད་འདུག་ལ། ཚོགས་བཅར་བ་རྣམས་ཀྱིས་ཕན་ཚུན་སློབ་སྦྱོང་དང་ལས་དོན་སོགས་ཀྱི་སྐོར་ངོ་སྤྲོད་བཅས་བྱས་ཡོད་འདུག

ཉི་ཧོང་ནི་བོད་དོན་ཐོག་རྒྱབ་སྐྱོར་གནང་མཁན་གཙོ་གྲས་ཤིག་ཆགས་ཡོད་པ་དང་། ཉེ་སྔོན་ཟླ་འདིའི་ཕྱི་ཚེས ༥ ཉིན་ཉི་ཧོང་གྲོས་ཚོགས་ཁང་དུ། ཉི་ཧོང་གྲོས་ཚོགས་འཐུས་མི་ཁག་ཅིག་གི་མཉམ་འབྲེལ་གྱི་གོ་སྒྲིག་འོག་བོད་དང་ཡུ་གུར། ལྷོ་སོག་བཅས་ཀྱི་ཐོག་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་ཡོད་པར་ཞིབ་འཇུག་བྱེད་མཁན་གྱི་གྲོས་ཚོགས་འཐུས་མིའི་ཚོགས་ཆུང་ཞིག་གསར་འཛུགས་གནང་ཡོད་པ་མ་ཟད། སྐབས་དེར་ཉི་ཧོང་གཞུང་འཛིན་ཚོགས་པའི་གྲོས་ཚོགས་འཐུས་མི་དང་། ཕྱོགས་འགལ་ཚོགས་པའི་གྲོས་ཚོགས་འཐུས་མི། གཞུང་ཞབས་པ་བཅས་མི་གྲངས ༥༠ ཙམ་མཉམ་འཛོམས་གནང་ཡོད་པ་རེད།

སྤྱིར་ད་ལྟའི་ཆར་ཉི་ཧོང་ནང་བོད་ནས་ཐད་ཀར་ཡོང་བ་དང་། རྒྱ་གར་སོགས་ནས་ཕེབས་པའི་བོད་རིགས་སློབ་གཉེར་བ་དང་གཏན་སྡོད་བྱེད་མཁན་གང་འཚམ་ཡོད་འདུག་ལ། སྐུ་ཚབ་དོན་གཅོད་ཀྱི་ཁོངས་སུ་བོད་མི་གྲངས་ ༡༦༠ ལྷག་ཡོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

༢༠༢༦/༠༩/༡༩
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་གསལ་ཐབས་གནང་རྒྱུ་ཡིན་འདུག 

༢༠༢༦/༠༩/༡༩
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༩།༡༨
Mobile App

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གཉིས་ཟགས་པ་དང་གཅིག་སྤྱི་མོས་གཏན་འབེབས་བྱུང་། 

༢༠༢༦/༠༩/༡༨
ཕྱི་སྲིད་ལྷན་ཁང་གི་པར།
གསར་འགྱུར།

ཊོམ་དང་ཞི་གཉིས་ཀྱི་མཇལ་འཕྲད་སྐབས་གླེང་སློང་བྱེད་སྲིད་པའི་གནད་དོན་བཅུ།

༢༠༢༦/༠༩/༡༨
Anthropic-threat-intelligence-report-september-2026
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲ་རྒྱའི་དྲག་གནོན་ལག་བསྟར་བྱེད་བཞིན་འདུག

༢༠༢༦/༠༩/༡༨
ནང་སྲིད་ལས་ཁུངས་ཀྱི་ལས་སྡོམ་སྙན་སྒྲོན་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

རྩིས་ལོ་ ༢༠༢༥-༢༠༢༦ ནང་རུབ་སྡོད་གཞིས་ཁང་གསར་རྒྱག་ཁྲོད་དེབ་བཀོད་ཟིན་པའི་ཁྱིམ་ཚང་གྲངས་ ༢༠༢༥ བྱུང་འདུག 

༢༠༢༦/༠༩/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese