མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཚེ་རིང་དབྱངས་འཛོམས་ལགས་ལ་རྩོམ་རིག་བྱ་དགའ་ཐོབ།

བོད་ཀྱི་དུས་བབ།
༢༠༢༣/༠༡/༡༣
Share on FacebookShare on TwitterShare on EmailShare on Whatsapp

ཁེ་ན་ཌའི་ནང་གནས་སྡོད་བུད་མེད་རྩོམ་པ་པོ་ཚེ་རིང་དབྱངས་འཛོམས་ཀྱི་བརྩམས་ཆོས་ང་ཚོའི་ལུས་པོས་སའི་གོ་ལའི་རྒྱ་ཁྱོན་འཇལ་བ་ཞེས་པར་ཕྱི་ལོ་ ༢༠༢༣ ལོའི་རྟོག་སྒྲུང་བརྩམས་ཆོས་ཀྱི་བྱ་དགའ་ཐོབ་ཡོད་འདུག

Tibetan Female writer Tsering Yangzom and her Book

བོད་རིགས་ན་གཞོན་མང་པོས་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་རྩོམ་རིག་གི་སྡིངས་ཆ་སྙེག་མུས་ཡིན་པ་ལྟར། ཉེ་ལམ་བོད་ཀྱི་ན་གཞོན་རྩོམ་པ་པོ་བུད་མེད་ཚེ་རིང་དབྱངས་འཛོམས་ལགས་ཀྱི་བརྩམས་ཆོས་ང་ཚོའི་ལུས་པོས་སའི་གོ་ལའི་རྒྱ་ཁྱོན་འཇལ་བ་(We Measure the Earth with Our Bodies) ཞེས་པར་ཕྱི་ལོ་ ༢༠༢༣ ལོའི་རྟོག་སྒྲུང་བརྩམས་ཆོས་ཀྱི་བྱ་དགའ་ཐོབ་ཡོད་འདུག

དེའི་ཐད་ཁོང་མོ་སྒེར་གྱི་ཨིན་སི་ཊི་ར་གྷ་རམ་ (Instragram ) སྟེང་དུ་ཁོང་མོའི་བརྩམས་ཆོས་ང་ཚོའི་ལུས་པོས་སའི་གོ་ལའི་རྒྱ་ཁྱོན་འཇལ་བ་ལ་རྟོག་སྒྲུང་བརྩམས་ཆོས་ཀྱི་བྱ་དགའ་ཐོབ་པར་དགའ་སྤོབས་ཆེ་བ་མ་ཟད། དེ་ནི་ཁོང་མོའི་ཆེས་དགའ་སའི་རྩོམ་པ་པོ་དག་གི་བཞུད་ལམ་དེད་པའི་ལམ་བུ་ཞིག་ཡིན་སྐོར་བརྗོད་ཡོད་འདུག་ལ། དེ་བཞིན་བོད་ཀྱི་ན་གཞོན་རྩོམ་པ་པོ་ཚེ་རིང་དབྱངས་འཛོམས་ལགས་ཀྱི་བརྩམས་ཆོས་དེ། ཕྱི་ལོ་ ༢༠༢༢ ལོའི་ཟུར་མིག་ཁྲོད་ཀྱི་ཆབ་སྲིད་དྲག་པོ་ (Political Violence at a Glance) ཞེས་པའི་ཆབ་སྲིད་དང་འབྲེལ་བའི་བརྩམས་ཆོས་ལེགས་ཤོས་ལྔའི་ཁོངས་སུ་ཚུད་ཡོད་འདུག་ལ། ཁོང་མོའི་བརྩམས་ཆོས་ལ་ཕྱི་ལོ་ ༢༠༢༢ ལོའི་ཁེ་ན་ཌའི་གྷི་ལེར་ (Giller Prize) རྩོམ་རིག་བྱ་དགའི་ཁྲོད་བརྩམས་ཆོས་༡༥༠ ནང་ནས་ལེགས་ཤོས་ལྔའི་ཁོངས་སུའང་ཚུད་ཡོད་འདུག

ལྡི་ལིའི་ཨིན་དྷི་ར་པར་ས་ཊ་བུད་མེད་མཐོ་སློབ་ (Indraprastha College for Women ) ཏུ་དབྱིན་ཡིག་སློབ་དཔོན་ཆེན་པོའི་ལས་གནས་གཉེར་མྱོང་མཁན། ད་ལྟ་ཁེ་ན་ཊར་གནས་སྡོད་རྩོམ་པ་པོ་དང་སྙན་ངག་མ་སྐལ་བཟང་དབྱངས་འཛོམས་ལགས་ཀྱིས་བྲིས་པའི་ཚེ་རིང་དབྱངས་འཛོམས་ཀྱི་བརྩམས་ཆོས་དང་འབྲེལ་བའི་དཔྱད་བརྗོད་ནང་།  ང་ཚོའི་ལུས་པོས་སའི་གོ་ལའི་རྒྱ་ཁྱོན་འཇལ་བ་ཞེས་པའི་བརྩམས་ཆོས་འདི་ནི་བོད་མིས་བྲིས་པའི་དབྱིན་རྩོམ་ཇེ་མང་དུ་འགྲོ་བཞིན་པའི་སྡེ་ལ་ཁ་སྣོན་ཁྱད་པར་བ་ཞིག་རེད། སྒྲུང་ནི་སྒྲུང་ཙམ་ཞིག་གཏན་ནས་མིན་པར། དེས་ཁྱེད་ལ་དོན་དག་མང་པོ་ཞིག་ཚོར་ཐུབ་པ་དང་། མཐོང་བ། ཐོས་འཇུག་པའི་ནུས་པ་ཡོད་པ་མ་ཟད། ཁྱེད་རང་རྒྱ་ཆེ་བའི་འཛམ་གླིང་འདིར་གཅིག་པུ་མིན་པ་ཡང་ཤེས་སུ་བཅུག་ཡོད་ལ།  རྩོམ་རིག་གི་སྡིངས་ཆའི་སྟེང་བོད་པའི་མིང་འོག་ཏུ་དམར་རྟགས་རྒྱག་བཞིན་ཧ་ལམ་ཕྱི་མི་ཡིན་པའི་རྣམ་པ་སྟོན་བཞིན་པའི་སྐབས་སུ། སྒྲུང་རྩོམ་འདིའི་ནང་བོད་པའི་མིང་མི་འདྲ་བ་མང་པོ་མཐོང་ཐུབ་པ་ནི་སེམས་འགུལ་ཐེབས་པ་ཞིག་རེད།  ཅེས་དང་། ང་ཚོའི་ལུས་པོས་སའི་གོ་ལའི་རྒྱ་ཁྱོན་འཇལ་བ་ནི་མདོར་བསྡུས་ན་ང་ཚོར་བཤུ་གཞོག་ཇི་འདྲ་བྱེད་མིན་ལ་ལྟོས་པར་སྟོབས་ཆེན་དགྲ་བོར་ཁ་གཏད་ནས་མུ་མཐུད་རང་དབང་འཐབ་རྩོད་བྱེད་པའི་མིའི་རིགས་ཀྱི་འཚོ་གནས་དང་རེ་འདུན་གྱི་སྙིང་སྟོབས་འགྱུར་བ་མེད་པ་དེ་གསལ་པོ་མཚོན་པར་བྱས་པའི་བརྩམས་ཆོས་ཤིག་ཡིན། ཞེས་བརྗོད་ཡོད་འདུག

བོད་ཀྱི་ན་གཞོན་རྩོམ་པ་པོ་ཚེ་རིང་དབྱངས་འཛོམས་ལགས་ཀྱི་བརྩམས་ཆོས་ང་ཚོའི་ལུས་པོས་སའི་གོ་ལའི་རྒྱ་ཁྱོན་འཇལ་བ་ཞེས་པའི་ནང་། ཕྱི་ལོ་ ༡༩༦༠ ལོར་བོད་ཀྱི་ནང་མི་ཞིག་གི་འཚོ་བའི་གནས་བབ་མཚོན་ཐབས་བྱས་ཡོད་ཅིང་། སྐྱབས་བཅོལ་ནང་མི་དེས་བོད་ནས་རང་ཁྱིམ་བཞག་སྟེ་བལ་ཡུལ་གྱི་སྐྱབས་བཅོལ་གཞིས་སྒར་དང་། དེ་ནས་ཁེ་ན་ཌར་གནས་སྤོར་བྱས་སྐོར་སོགས་བྲིས་ཡོད་ལ། བརྩམས་ཆོས་ཀྱི་མགོ་མཇུག་བར་གསུམ་དུ་བཙན་བྱོལ་བོད་མི་ཞིག་གི་ངེས་གཏན་མེད་པའི་དཀའ་སྡུག་གི་འཚོ་བ་གསལ་སྟོན་བྱས་ཡོད་ལ།   རྒྱལ་ཁབ་དང་ཕ་ས་ཕ་ཡུལ་གཞན་ལག་ཏུ་ཤོར་བའི་མི་རིགས་ཤིག་གི་ལོ་རྒྱུས་ཀྱི་ན་ཟུག་རེ་རེ་འབྲི་ཐབས་བྱས་ཡོད།

རྩོམ་པ་པོ་ཚེ་རིང་དབྱངས་འཛོམས་ལགས་ནི་བལ་ཡུལ་དུ་སྐྱེས་འཚར་བྱས་ཡོད་ཅིང་།  ཕྱིས་སུ་ཁེ་ན་ཌར་གནས་སྤོས་བྱས་ཏེ། གསར་རྩོམ་དང་རྒྱལ་སྤྱིའི་འབྲེལ་ལམ་ཐོག་རིག་གནས་རབ་འབྱམས་པའི་ལག་ཁྱེར་བླངས།  ཁོང་མོར་ཁོ་ལོམ་བྷི་ཡ་གཙུག་ལག་སློབ་གཉེར་ཁང་ (Columbia University) ནས་སྒྱུ་རྩལ་རྩོམ་རིག་ (Master of Fine Arts) ཐོག་གཙུག་ལག་རབ་འབྱམས་པའི་སློབ་གཉེར་གནང་།  ཁོང་མོའི་བརྩམས་ཆོས་ང་ཚོའི་ལུས་པོས་སའི་གོ་ལའི་རྒྱ་ཁྱོན་འཇལ་བ་ལ་རྩོམ་པ་པོ་དང་སྙན་ངག་པ་མང་པོ་ཞིག་གིས་གདེང་འཇོག་མི་ཉུང་བ་ཞིག་གནངས་དང་གནང་མུས་ཡིན་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་ཟློས་གར་ཚོགས་པའི་ནང་མོན་ཡུལ་གྱི་སློབ་ཕྲུག་ ༡༢ རིན་མེད་ཐོག་སློབ་འཇུག་གནང་།
Mobile App

མོན་ཡུལ་གྱི་སློབ་ཕྲུག་ ༡༢ རིན་མེད་ཐོག་བོད་ཀྱི་ཟློས་གར་ཚོགས་པའི་ནང་སློབ་འཇུག་གནང་།

ཆུ་ཚོད་ ༤ སྔོན་ལ།
Uncategorized

ངའི་མཐོང་ལམ་གྱི་མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ།

ཆུ་ཚོད་ ༡༠ སྔོན་ལ།
Launch of Tibetan Arts Council. Photo: Tibetan Art Council
Mobile App

བོད་ཀྱི་སྒྱུ་རྩལ་མཐུན་ཚོགས་གསར་འཛུགས་གནང་བའི་གསར་འགོད་བསྒྲགས་གཏམ་སྤེལ།

༢༠༢༦/༠༤/༡༥
Advertisement for App

ཨ་ཀྱཱ་བློ་བཟང་བསྟན་འཛིན་མཆོག་གི་ཕྱག་དེབ་“ཕྱིར་དྲན་”ཞེས་པའི་བོད་ཡིག་དེབ།

༢༠༢༦/༠༤/༡༥
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐབས་བཅུ་བདུན་པའི་སྤྱི་འཐུས་གྲོས་ཚོགས་ལ་བསྩལ་བའི་བཀའ་ཡིག་རིན་པོ་ཆེ། ༢༠༢༡།༡༠།༠༦
Mobile App

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོར་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་གྱིས་གཙོས་ད་ལྟའི་ཆོས་བརྒྱུད་སྤྱི་འཐུས་ཕལ་ཆེ་བས་སྒྲོ་འདོགས་དང་སྐུར་འདེབས་མཚན་སྨད་ཚབས་ཆེན་ཞུས་པའི་དངོས་ཡོད་གནས་ཚུལ་སྙིང་བསྡུས་ངོ་སྤྲོད།

༢༠༢༦/༠༤/༡༥
བལ་ཡུལ་གྱི་ནང་སྲིད་བློན་ཆེན་གྷུ་རུང་དང་བལ་ཡུལ་རྒྱ་ནག་གཞུང་ཚབ་ཀྲང་མོ་མིན། ༢༠༢༦།༠༤།༡༣
Mobile App

བལ་ཡུལ་གཞུང་གིས་རྒྱ་ནག་ལ་རྒོལ་བའི་ལས་འགུལ་རིགས་ལ་བཀག་སྡོམ་བྱ་རྒྱུ་ཡིན་པའི་ཁས་ལེན་གནང་།

༢༠༢༦/༠༤/༡༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese