མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གིས་ཐའེ་ཝན་ལ་བཙན་འཛུལ་བྱ་ཉེན་འདུག

བོད་ཀྱི་དུས་བབ།
༢༠༢༣/༠༡/༡༩
Share on FacebookShare on TwitterShare on EmailShare on Whatsapp

ཐའེ་ཝན་གྱི་ཕྱི་སྲིད་བློན་ཆེན་གྱིས་རྒྱ་ནག་གིས་ཕྱི་ལོ་ ༢༠༢༧ ལོར་ཐའེ་ཝན་བཙན་འཛུལ་བྱེད་ཐབས་བྱ་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་འདུག

Taiwanese soldiers salute during National Day celebrations in front of the Presidential Building in Taipei.(AP Photo/Chiang Ying-ying)

ཁ་སང་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཐའེ་ཝན་གྱི་ཕྱི་སྲིད་བློན་ཆེན་སྐུ་ཞབས་རྗོ་སེབ་ཝུ་ (Joseph Wu) མཆོག་གིས་ཕྱི་ལོ་༢༠༢༧ ལོར་རྒྱ་ནག་གཞུང་གིས་ཐའེ་ཝན་ལ་བཙན་འཛུལ་དང་འཇབ་རྒོལ་བྱ་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་འདུག

དེའི་ཐད་ཐའེ་ཝན་གྱི་ཕྱི་སྲིད་བློན་ཆེན་སྐུ་ཞབས་རྗོ་སེབ་ཝུ་ (Joseph Wu) ཡིས། ཉེ་ལམ་རྒྱ་ནག་ནང་རྩོད་རྙོག་མང་པོ་ཡོང་གི་ཡོད་ཅིང་། ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་གྱིས་མི་མང་གི་འཚོ་བ་དང་ཉིན་རེའི་བྱ་གཞག་ཐད་ཕོག་སྡུག་མང་པོ་ཡོང་གི་ཡོད་པ་མ་ཟད། རྒྱལ་ཁབ་ཀྱི་དཔལ་འབྱོར་དཀའ་ངལ་ཤུགས་ཆེན་འཕྲད་བཞིན་ཡོད་པར་བརྟེན། གནད་དོན་དེ་དག་ལས་གཡོལ་ཐབས་སུ་ཕྱི་ལོ་ ༢༠༢༧ ལོར་ཞི་ཅིན་ཕིན་གྱིས་ཐའེ་ཝན་བཙན་འཛུལ་བྱ་རྒྱུའི་ཐབས་ཤེས་བྱ་ངེས་རེད།  ཅེས་བརྗོད་ཡོད་འདུག

ད་དུང་ཁོང་གིས། ཞི་ཅིན་ཕིན་རྒྱ་ནག་གི་མགོ་ཁྲིད་ཆགས་པའི་རིང་། རང་གི་རྒྱལ་ཁབ་ཀྱི་དོན་དུ་ལས་དོན་ལེགས་པར་བསྒྲུབ་པ་བཏོན་སླད། ཐའེ་ཝན་བཙན་འཛུལ་བྱ་རྒྱུ་ཡིན་པ་མ་ཟད། ཐའེ་ཝན་དེ་མ་ཉེས་ཁ་གཡོག་བྱ་ཡུལ་གྱི་རྒྱལ་ཁབ་ཅིག་ལ་འགྱུར་རྒྱུའི་སེམས་འཚབ་ཡོད་སྐོར་དང་། ད་ལྟའི་ཆར་རྒྱ་ནག་གིས་ཐའེ་ཝན་ལ་ས་མཚོ་གནམ་གསུམ་གྱི་དམག་མིའི་སྟོབས་ཤུགས་ངོམས་ནས་འཇིགས་སྐུལ་བྱས་དང་བྱེད་མུས་ཡིན་སྐོར་བརྗོད་ཡོད་འདུག

ཐའེ་ཝན་ནི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་འོག་ཀྲུང་ཧྭ་མི་མང་སྤྱི་མཐུན་རྒྱལ་ཁབ་དང་ནམ་ཡང་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཏུ་ངོས་འཛིན་བྱེད་མུས་ཡིན་པ་མ་ཟད། ཐའེ་ཝན་གྱི་གཞུང་སྒེར་མང་པོས་ཐའེ་ཝན་རང་བཙན་རྒྱལ་ཁབ་ཞིག་ཏུ་འདོད་ཚེ། རྒྱ་ནག་གཞུང་གིས་དམག་གི་སྟོབས་ཤུགས་ངོམས་ནས་བཙན་འཛུལ་བྱ་རྒྱུ་ཡིན་པའི་འཇིགས་སྐུལ་བྱས་ཡོད་ལ། འདས་པའི་ལོ་ངོ་འགའི་རིང་རྒྱ་ནག་གིས་ཐའེ་ཝན་གྱི་མཁའ་ཁུལ་དུ་དམག་དོན་འཐབ་འཁྲུག་གནམ་གྲུ་མང་པོ་མངག་གཏོང་བྱས་པ་དང་། ཐའེ་ཝན་གྱི་མཚོ་འགག་ཁུལ་དུ་དམག་སྦྱོང་བྱས་ཏེ་ཐའེ་ཝན་ལ་འཇིགས་སྐུལ་ཐེངས་མང་བྱས་ཡོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

ཆུ་ཚོད་ ༢༢ སྔོན་ལ།
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠

མཆན། 1

  1. གཞུང་པ་ཚེ་དབང་བསོད་ནམས་། says:
    ལོ་ 4 སྔོན།

    སྤྱི་ལོ་༢༠༢༧ གི་སྔོན་ལ་ཞི་ཅིང་ཕིན་བརྗེ་པོ་རྒྱབ་འགྲོ་གི་རེད་། ཐེ་ཝན་ལ་རྒྱ་ནག་གི་དམག་རྒྱབ་ན་ལོ་འདིའི་ནང་ལ་རྒྱག་གི་རེད་ལ་འཛམ་གླིང་དམག་ཆེན་གསུམ་པའི་སྣེ་འཁྲིད་མཁན་དེ་ཡང་རྒྱ་ནག་དང་ཨུ་རུ་སུ་དང་བྱང་ཀོ་རི་ཡ་སོགས་དེ་ཚོའི་སྣེ་འཁྲིད་སྲིད་པ་རེད་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese