མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་སྐྱོང་མཆོག་གིས་ནེའུ་ཛེ་ལན་ཌིའི་སྲིད་བློན་གསར་བར་འཚམས་འདྲི་ཞུས།

བོད་ཀྱི་དུས་བབ།
༢༠༢༣/༠༡/༢༤
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ནེའུ་ཛེ་ལེན་ཌིའི་སྲིད་བློན་གསར་པ་ཁི་རི་སི་ཧིབ་ཁིན་ལགས་སུ་བོད་མི་ཡོངས་ཀྱི་ཚབ་བྱས་ནས་འཚམས་འདྲི་དང་སྦྲགས་མུ་མཐུད་བོད་དོན་རྒྱབ་སྐྱོར་གནང་བའི་འབོད་སྐུལ་ཞུས་འདུག

དེ་རིང་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། ནེའུ་ཛེ་ལན་ཌིའི་སྲིད་བློན་ལྕམ་ཇཱེ་སིན་ཌ་ཨར་དི་རེན་ (Jacinda Ardern) ལགས་སྲིད་བློན་གྱི་ལས་གནས་ནས་རྩ་དགོངས་ཞུས་ཡོད་པར་བརྟེན། ཁོང་མོའི་ཚབ་ཏུ་གྲོས་ཚོགས་འཐུས་མི་ཁི་རི་སི་ཧིབ་ཁིན་ (Chris Hipkins) ལགས་ནེའུ་ཛེ་ལེན་ཌིའི་སྲིད་བློན་གྱི་འོས་མིར་མིང་འདོན་བྱས་འདུག་ལ། སང་ཉིན་ཕྱི་ཚེས་ ༢༥ ཉིན་སྐུ་ཞབས་ཁི་རི་སི་ཧིབ་ཁིན་ལགས་ནས་སྲིད་བློན་གྱི་དམ་འབུལ་ཞུ་རྒྱུ་ཡིན་འདུག

དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཊུ་ཝེ་ཊར་ནང་ནེའུ་ཛེ་ལེན་ཌིའི་སྲིད་བློན་གསར་པ་སྐུ་ཞབས་ཁི་རི་སི་ཧིབ་ཁིན་ (Chris Hipkins) ལགས་ལ་འཚམས་འཕྲིན་གནང་བའི་ནང་། བོད་མིའི་སྒྲིག་འཛུགས་དང་བོད་མི་རྣམས་ནས་ཁི་རི་སི་ཧིབ་ཁིན་ལགས་ནེའུ་ཛེ་ལན་ཌིའི་སྲིད་བློན་གསར་པ་ཆགས་པར་འཚམས་འདྲི་ཞུ་ཡི་ཡོད། ནེའུ་ཛེ་ལན་ཌིའི་གཞུང་མང་གཉིས་ཀྱིས་བོད་མི་རྣམས་ལ་ད་བར་གདུང་སེམས་མཉམ་སྐྱེད་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཁྱེད་རང་གིས་མགོ་ཁྲིད་པའི་ནེའུ་ཛེ་ལན་ཌིས་བསྐྱར་དུ་བོད་དོན་ལ་རྒྱབ་སྐྱོར་བྱ་རྒྱུ་དང་། བོད་ནང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པར་མཐུན་འགྱུར་བྱ་རྒྱུའི་རེ་བ་ཡོད། ཅེས་བརྗོད་ཡོད་འདུག

དེ་འབྲེལ་ཐད། ཟླ་འདིའི་ཕྱི་ཚེས་ ༢༢ ཉིན་སྐུ་ཞབས་ཁི་རི་སི་ཧིབ་ཁིན་ (Chris Hipkins) ལགས་ཀྱིས། སྲིད་བློན་ལྕམ་ཇཱེ་སིན་ཌ་ལགས་ཀྱི་ཚབ་ཏུ་སྲིད་བློན་གྱི་ལས་འགན་ཁུར་རྒྱུ་བྱུང་བ་ནི། ངའི་མི་ཚེ་ནང་གི་འགན་འཁུར་ཆེ་ཤོས་དང་ཐོབ་ཐང་ཆེ་ཤོས་ཤིག་རེད། ཅེས་དང་། ལྕམ་ཇཱེ་སིན་ཌ་ལགས་ཀྱིས་སྲིད་བློན་གྱི་ཕྱག་ལས་གནང་ཕྱོགས་ལ་བསྟོད་བསྔགས་བཏང་བ་དང་འབྲེལ། ཁོང་མོས་སྲིད་བློན་གྱི་ལས་གནས་སྐབས་དཀའ་ངལ་མང་པོ་ཞིག་ལ་གདོང་ལེན་བྱས་ཡོད་སྐོར་སོགས་བརྗོད་ཡོད་འདུག

ད་ལན་ནེའུ་ཛེ་ལན་ཌིའི་སྲིད་བློན་གློ་བུར་དུ་འཕོ་འགྱུར་གཏོང་གི་ཡོད་པའི་རྒྱུ་རྐྱེན་གཙོ་བོ་ནི། ཟླ་འདིའི་ཕྱི་ཚེས་ ༡༩ ཉིན་ནེའུ་ཛེ་ལན་ཌིའི་སྲིད་བློན་ལྕམ་ཇཱེ་སིན་ཌ་ཨར་དི་རེན་ (Jacinda Ardern) ལགས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། འདི་ལོའི་ཕྱི་ཟླ་ ༡༠ པའི་ནང་ནེའུ་ཛེ་ལན་ཌི་རུ་འོས་བསྡུ་བྱ་རྒྱུ་ཡིན་ཡང་། ཁོང་མོ་ཕྱི་ཟླ་ ༢ ཚེས་ ༧ ནང་ཚུད་དུ་སྲིད་བློན་གྱི་ལས་གནས་ནས་དགོངས་པ་ཞུ་རྒྱུ་དང་། མ་འོངས་འོས་བསྡུའི་ནང་སླར་ཡང་མཉམ་ཞུགས་བྱེད་ཀྱི་མེད་སྐོར་བརྗོད་ཡོད་པར་བརྟེན།  ཟླ་འདིའི་ཕྱི་ཚེས་ ༢༡ ཉིན་ངལ་རྩོལ་སྲིད་དོན་ཚོགས་པའི་ (Labour Party) ཚོགས་མི་ཡོངས་ཀྱིས་སྤྱི་མོས་ཐོག་སྐུ་ཞབས་ཁི་རི་སི་ (Chris Hipkins) ལགས་སྲིད་བློན་གྱི་འོས་མིར་མིང་འདོན་བྱས་པ་ཞིག་ཡིན་འདུག མ་ཚད་སྐུ་ཞབས་ཁི་རི་སི་ལགས་ཏོག་དབྱིབས་གཉན་རིམས་ཀྱི་གཉན་འཕྲང་གི་དུས་སྐབས་སུ་ནེའུ་ཛེ་ལན་ཌིའི་འཕྲོད་བསྟེན་བློན་ཆེན་གྱི་འགན་ཁུར་བ་དང་། དེ་བཞིན་ཤེས་ཡོན་དང་ཉེན་རྟོག་ལས་ཁུངས། ནང་སྲིད་སོགས་ཀྱི་བློན་ཆེན་གྱི་ཕྱག་ལས་གནང་མྱོང་བས་ཉམས་མྱོང་དང་མཐོང་རྒྱ་ཚད་ལྡན་པའི་ངོས་འཛིན་འོག་སྲིད་བློན་དུ་བདམས་ཐོན་བྱུང་ཡོད་སྐོར་བརྗོད་མཁན་འདུག

རང་ལོ་ ༤༤ ཡིན་པའི་སྐུ་ཞབས་ཁི་རི་སི་ཧིབ་ཁིན་ལགས་ནི་ཕྱི་ལོ་ ༡༩༧༨ ལོར་ནེའུ་ཛེ་ལན་ཌིའི་ཝེ་ལེན་ཊོན་ (Wellington) ས་ཁུལ་གྱི་ (Hutt Valley) ལུང་གཤོངས་ཤིག་ཏུ་སྐྱེས་ཤིང་། ས་གནས་དེའི་འབྲིང་རིམ་སློབ་གྲྭ་དང་མཐོ་རིམ་སློབ་གྲྭར་སློབ་སྦྱོང་བྱས་རྗེས། ཝེ་ལེན་ཊོན་གྱི་ཝིག་ཊོ་རེ་ཡ་གཙུག་ལག་སློབ་གཉེར་ཁང་དུ་ཆབ་སྲིད་རིག་པ་དང་ཁྲིམས་འགལ་དཔྱད་རིག་ (criminology) གི་རིག་གནས་རབ་འབྱམས་པའི་སློབ་མཐར་ཕྱིན། ཁོང་གིས་ཤེས་ཡོན་ལྷན་ཁང་གི་སློབ་སྟོན་པ་རྒན་པའི་ལས་གནས་གཉེར་ཡོད་ལ། ཕྱི་ལོ་ ༢༠༠༨ ནས་ ༢༠༢༠ བར་དུ་ནེའུ་ཛེ་ལན་ཌིའི་གྲོས་ཚོགས་འཐུས་མི་གནང་བ་དང་། ཕྱི་ལོ་ ༢༠༢༠ ཟླ་ ༧ ནས་ཟླ་ ༡༡ བར་དུ་འཕྲོད་བསྟེན་བློན་ཆེན་གྱི་ཕྱག་ལས་གནང་ཡོད་པ་མ་ཟད། ཕྱི་ལོ་ ༢༠༢༠ ཟླ་ ༡༡ ནས་ཕྱི་ལོ་ ༢༠༢༢ ཟླ་ ༦ བར་ཏོག་དབྱིབས་ ༡༩ འགོག་བཅོས་ཚན་པའི་བློན་ཆེན་གྱི་གོ་གནས་གཉེར། ད་ལྟ་སྐུ་ཞབས་ཁི་རི་སི་ལགས་ཀྱིས་ཤེས་ཡོན་དང་ཉེན་རྟོག་བློན་ཆེན་ལས་ཁུངས། དེ་བཞིན་སྤྱི་དམངས་སྲི་ཞུ་ལྷན་ཁང་སོགས་ཀྱི་བློན་ཆེན་དང་གྲོས་ཚོགས་ཀྱི་ཚོགས་གཙོའི་ (Leader of the House) འོས་འགན་ཁུར་ཡོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

ཆུ་ཚོད་ ༡༦ སྔོན་ལ།
མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese