ད་ལྟ་རང་ལོ༦༦ཡིན་པའི་འགུལ་རིས་རི་མོ་བ་གྲགས་ཅན་སྐུ་ཞབས་པ་ཊིག་མེག་ཌོན་ནིལ་ (Patrick McDonnell) ལགས་ནི་ཨ་རིའི་ནེའུ་ཇར་སི་ (New Jersey )མངའ་སྡེའི་ཨེ་ལི་ཛེ་བྷེ་ཐི་(Elizabeth) གྲོང་ཁྱེར་ནང་འཚར་ལོངས་བྱུང་ཡོད་ཅིང་།ཁོང་གིས་གཞི་རིམ་གྱི་སློབ་གྲྭ་ཁག་མཐར་ཕྱིན་རྗེས།ཕྱི་ལོ་༡༩༧༨ལོར་ཁོང་ཨ་རིའི་རྟོག་འཆར་རིག་པའི་སློབ་གྲྭ་(School of Visual Arts )ནས་སློབ་མཐར་ཕྱིན།ཁོང་ནི་ཨ་རིར་སྐད་གྲགས་ཡོད་པའི་འགུལ་རིས་རི་མོ་བ་དང་འཁྲབ་གཞུང་རྩོམ་པ་པོ།དེ་བཞིན་བྱིས་པའི་དཔེ་རིས་འབྲི་མཁན་གྲགས་ཅན་ཞིག་ཡིན་འདུག་ལ།ཁོང་ལ་ཨ་རིའི་དགོད་བྲོའི་འཁྲབ་གཞུང་(Comic Strip) གི་བྱ་དགའ་ཐེངས་བརྒྱད་དང་།ཨ་རིའི་རྒྱལ་ཡོངས་ཀྱི་འགུལ་རིས་བའི་སྤྱི་ཚོགས་ཀྱི་བྱ་དགའ་(National Cartoonists Society )བཞི་གཙོས།སྔ་རྗེས་སུ་བྱ་དགའ་གྲགས་ཅན་མི་འདྲ་བ་༡༠ལྷག་ཐོབ་ཡོད་འདུག