མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བྱིས་པ་སྐྱབས་བཅོལ་ཞུ་མཁན་ ༢༠༠ ལྷག་གར་སོང་ཆ་མེད་དུ་གྱུར།

བོད་ཀྱི་དུས་བབ།
༢༠༢༣/༠༡/༢༥
Share on FacebookShare on TwitterShare on EmailShare on Whatsapp

དབྱིན་ཡུལ་གནས་སྤོ་ཡུལ་མིའི་བློན་ཆེན་སྐུ་ཞབས་རོ་བྷེར་ཌི་ཇེན་རི་ཁི་ལགས་ཀྱིས་དབྱིན་ཡུལ་དུ་བྱིས་པ་སྐྱབས་བཅོལ་ཞུ་མཁན་ ༢༠༠ ཙམ་གར་སོང་ཆ་མེད་དུ་གྱུར་བར་སྲུང་སྐྱོབ་བྱེད་དགོས་ཚུལ་འགྲེལ་བརྗོད་བྱས་འདུག

FILE – Migrants are seen inside the Manston short-term holding center near Ramsgate, southeast England, Nov. 3, 2022

ལོ་རེར་དབྱིན་ཡུལ་ནང་སྐྱབས་བཅོལ་བ་མང་པོ་ཡོང་གི་ཡོད་པའི་ཁྲོད་ཕ་མ་མེད་ཅིང་བྱིས་པ་གཅིག་པུ་སྐྱབས་བཅོལ་དུ་ཡོང་མཁན་མང་པོ་ཡོད་པ་ལྟར། ད་ལྟ་ཆར་དབྱིན་ཡུལ་གྱི་གྲོས་ཚོགས་འཐུས་མི་ཁག་ཅིག་དང་བྱིས་པའི་ཐོབ་ཐང་རྩོད་ལེན་པ་སོགས་ཀྱིས། དབྱིན་ཡུལ་གྲོས་ཚོགས་ནང་ད་ལྟ་དབྱིན་ཡུལ་གཞུང་གི་སྐྱོབ་གསོའི་འོག་གནས་པའི་བྱིས་པ་ ༢༠༠ ལྷག་གར་སོང་ཆ་མེད་དུ་གྱུར་བའི་གནས་ཚུལ་གསལ་འདོན་བྱས་ཡོད་འདུག

དེ་འབྲེལ་གནས་ཚུལ་གྱི་སྐོར་ལ། ཟླ་འདིའི་ཕྱི་ཚེས་ ༢༤ ཉིན་དབྱིན་ཡུལ་གྱི་ཡུལ་མི་གནས་སྤོའི་བློན་ཆེན་དང་ལྗང་ཁུ་སྲིད་དོན་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་རོ་བྷེར་ཊི་ཇེན་རི་ཁི་ (Robert Jenrick) ལགས་ཀྱིས་དབྱིན་ཡུལ་གྲོས་ཚོགས་ནང་དུ། སྐྱབས་བཅོལ་འཕྲལ་སེལ་གནས་སྡོད་མགྲོན་ཁང་དུ་བྱིས་པ་སྐྱབས་བཅོལ་ཞུ་མཁན་ ༢༠༠ ཙམ་གར་སོང་ཆ་མེད་དུ་གྱུར་ཡོད་པ་དང་། དེའི་ཁྲོད་དུ་ལོ་ ༡༦ མན་ཆད་ཀྱི་བྱིས་པ་ ༡༣ དང་བུ་མོ་ ༡ ཡོད་འདུག དེའི་ནང་ནས་བརྒྱ་ཆ་ ༨༨ ཨལ་བྷ་ནི་ཡ་ (Albania) རྒྱལ་ཁབ་ནས་ཡིན་འདུག་ལ། བརྒྱ་ཆ་ ༡༢ ནི་ཨབ་གྷན་དང་ཨེ་ཇབ། རྒྱ་གར། ཝི་ཏི་ནམ། པཱ་ཀི་སི་ཐན། ཌོར་ཁི་(Turkey)བཅས་ནས་ཡིན་འདུག ཕྱི་ལོ་ ༢༠༢༡ ཟླ་ ༧ ནས་བཟུང་སྐྱབས་བཅོལ་འཕྲལ་སེལ་སྡོད་གནས་ནས་སྔ་རྗེས་བྱིས་པའི་གྲངས་ ༤༦༠༠ ལྷག་ལ་སྡོད་གནས་མཁོ་སྤྲོད་ཐུབ་ཡོད་ཀྱང་། ཉེ་ཆར་བྱིས་པ་གྲངས་ ༤༤༠ ལས་བྱིས་པ་ ༢༠༠ ལྷག་ད་དུང་གར་སོང་ཆ་མེད་གྱུར་ཡོད་ཅེས་གསལ་འདོན་བྱས་ཡོད་པ་རེད།

ཡང་ངལ་རྩོལ་བདེ་དོན་ཚོགས་པའི་ཁྲིམས་རྩོད་པ་ཕེ་ཊིར་ཁེལ་(peter kyle) ལགས་ཀྱིས། དབྱིན་ཡུལ་ལྷོ་ཕྱོགས་མཚོ་འགྲམ་གྱི་བྷི་རི་ཊོན་གྲོང་གསེབ་ཀྱི་མགྲོན་ཁང་ཞིག་ནས་བྱིས་པ་༧༦ གར་སོང་ཆ་མེད་དུ་གྱུར་ཡོད། དོན་དངོས་ཐོག་གྲོས་ཚོགས་འདིའི་ནང་ཡོད་པའི་འཐུས་མི་ཞིག་གི་བྱིས་པ་བོར་བརླག་བྱུང་ཚེ། དེ་ནི་ཧ་ཅང་གནད་དོན་ཆེན་པོ་ཞིག་ཏུ་གྱུར་བ་རེད། ངས་བྱིས་པ་བོར་བརླག་བྱུང་བ་དག་གི་ཚབ་མཚོན་བྱེད་ཀྱི་ཡོད། ང་ཚོས་དང་པོ་བྱིས་པ་གཅིག་བོར་བརླག་བྱུང་བ་དང་། དེ་ནས་བྱིས་པ་ ༥ བོར་བརླག དེའི་རྗེས་སུ་བྱིས་པ་ ༡༠ དང་། དེའི་རྗེས་བྱིས་པ་ ༥༠ བོར་བརླག་བྱུང་། དེ་རིང་བྱིས་པ་ ༧༦ བར་བརླག་བྱུང་ཡོད་ཀྱང་། ང་ཚོས་དེའི་ཐད་འགན་དང་ལས་དོན་གཅིག་ཀྱང་སྒྲུབ་ཀྱི་མེད།  ཅེས་བརྗོད་འདུག

ངལ་རྩོལ་ཡུལ་མི་གནས་སྤོ་ཚོགས་པའི་མགྲིན་ཚབ་པ་ཡེ་ཝེ་ཌི་ཁོ་ཕར་ Yvette Cooper) ལགས་ཀྱིས་གཞུང་གི་ལས་དོན་འཐུས་ཤོར་བཏང་སྟེ་བྱིས་པ་རྣམས་ཉེན་ཁའི་གཡུགས་འདུག་ཅེས་གཞུང་ལ་སྐྱོན་བརྗོད་བྱས་ཡོད་པ་དང་། དེ་བཞིན་དབྱིན་ཡུལ་བྱིས་པའི་ལྷན་ཚོགས་ཀྱི་འགན་འཛིན་རཱ་ཆལ་ཌེ་སོ་ཛ་ (Rachel de Souza) ལགས་ཀྱིས། སྐྱབས་བཅོལ་འཕྲལ་སེལ་གནས་སྡོད་མགྲོན་ཁང་ནས་བྱིས་པ་བོར་བརླག་བྱུང་བ་དེས་སླར་ཡང་བྱིས་པ་རྣམས་ཉེན་ཁའི་ནང་ལྷུང་ཡོད་པ་བསྟན་ཡོད།  ངས་བྱིས་པ་ཚོའི་བདེ་འཇགས་ལ་སེམས་འཁུར་བྱེད་བཞིན་ཡོད། ཁོ་ཚོས་དབྱིན་སྐད་ཤེས་ཀྱི་མེད་ལ། བྱིས་པ་མང་པོ་ཞིག་ལ་དྲ་ལམ་གྱི་མཐུན་རྐྱེན་མེད་པ་མ་ཟད། ཁོང་ཚོར་རང་ཉིད་ཀྱི་ཐོབ་ཐང་སྐོར་ཤེས་རྟོགས་གང་ཡང་མེད་ཅེས་བརྗོད་འདུག

དབྱིན་ཡུལ་དུ་ལོ་རྟག་པར་ཡུ་རོབ་གླིང་ཆེན་གྱི་ཨི་ཊ་ལི་དང་། འཇར་མན། ཧྥ་རན་སི་སོགས་ནས་སྐྱབས་བཅོལ་ཞུ་མཁན་གྱི་མི་གྲངས་མང་པོ་འབྱོར་གྱི་ཡོད་འདུག་ལ། ཕྱི་ལོ་ ༢༠༢༢ ནང་དུ་དབྱིན་ཡུལ་གྱི་ཅན་ནལ་མཚོ་འགྲམ་གྱི་མཚོ་གྲུ་ཆུང་བ་བརྒྱུད་ནས་མི་གྲངས་ ༤༥༠༠༠ ལྷག་སྐྱབས་བཅོལ་དུ་འབྱོར་བའི་ཁྲོད་ནས་ཁ་ཤས་ཞིག་རྐྱེན་འདས་བྱུང་ཡོད་པའི་གནས་ཚུལ་ཡང་བྱུང་ཡོད་པ་དང་། ཕྱི་ལོ་ ༢༠༢༢ ལོར་དབྱིན་ཡུལ་ནང་ཕ་མ་གཉེན་ཉེ་ལྷན་དུ་མེད་པའི་བྱིས་པ་ཁྱོན་ ༤༨༩༦ འབྱོར། ཕྱི་ལོ་ ༢༠༢༠ ལོར་འཛམ་གླིང་ཁྱོན་ཡོངས་ནས་བྱིས་པ་གྲངས་ ༢༡༠༠༠ ལྷག་གིས་དབྱིན་ཡུལ་གྱི་སྐྱབས་བཅོལ་ཞུས་ཡོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese