མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཐའེ་པའེ་རྒྱལ་སྤྱིའི་དཔེ་དེབ་ཁྲོམ་འདུས་ཐེངས་ ༣༡ པའི་ཐོག་བོད་དོན་གཏམ་བཤད་གནང་།

བོད་ཀྱི་དུས་བབ།
༢༠༢༣/༠༢/༠༣
Share on FacebookShare on TwitterShare on EmailShare on Whatsapp

ཐའེ་པའེ་རྒྱལ་སྤྱིའི་དཔེ་དེབ་ཁྲོམ་འདུས་ཐེངས་ ༣༡ པའི་ཐོག་བོད་དང་ཐའེ་ཝན་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གིས་བོད་ཀྱི་དཔེ་དེབ་ཁག་ཅིག་འགྲེམས་སྟོན་དང་སྦྲགས་བོད་དོན་དང་འབྲེལ་བའི་གཏམ་བཤད་གནང་འདུག

བོད་དང་ཐའེ་ཝན་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གི་འགན་འཛིན་གཞོན་པ་བཀྲ་ཤིས་ཚེ་རིང་ལགས་ཀྱིས་གཏམ་བཤད། ༢༠༢༣།༠༢།༠༢ པར་འབྲེལ་མཐུད་ཁང་ནས་འདི་གར་མཁོ་སྤྲོད་བྱས།

ཕྱི་ཟླ་ ༡ ཚེས ༣༡ ནས་ཕྱི་ཟླ་ ༢ ཚེས་ ༥ བར་དུ་ཐའེ་ཝན་གྱི་རྒྱལ་ས་ཐའེ་པའེ་རུ། པོ་ལན་ཌི་རྒྱལ་ཁབ་ཀྱི་གོ་སྒྲིག་འོག ཐའེ་པའེ་རྒྱལ་སྤྱིའི་དཔེ་དེབ་ཁྲོམ་འདུས་ཐེངས་ ༣༡ པ་འཚོག་བཞིན་ཡོད་པ་དང་། ཁྲོམ་འདུས་དེའི་ཐོག་རྒྱལ་སྤྱིའི་ཚོགས་སྡེ་ཁག་གི་གནད་ཡོད་མི་སྣ་མང་པོ་ཞིག་གདན་འདྲེན་ཞུས་ཏེ་གཏམ་བཤད་གནང་བཞིན་ཡོད་པ་དང་། བོད་དང་ཐའེ་ཝན་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གིས་༧གོང་ས་མཆོག་གི་མཛད་རྣམ་དང་། བོད་ནང་གི་སྐུ་ལུས་མེར་བསྲེགས་གནང་མཁན་གྱི་སྐུ་པར་དང་ཞལ་ཆེམས་སོགས་འགྲེམས་སྟོན་གནང་ཡོད་པ་མ་ཟད། འབྲེལ་མཐུད་ཁང་དེའི་འགན་འཛིན་གཞོན་པ་བཀྲ་ཤིས་ཚེ་རིང་ལགས་ཀྱིས་ཐེངས་འདིའི་དཔེ་དེབ་ཁྲོམ་འདུས་སྟེང་བོད་དོན་འབྲེལ་བའི་གཏམ་བཤད་གནང་ཡོད་འདུག

ཁྲོམ་འདུས་ཐོག་བཀྲ་ཤིས་ཚེ་རིང་ལགས་ཀྱིས། ཕྱི་ལོ་ ༡༩༥༩ ལོར་བོད་མི་མང་པོ་བཙན་བྱོལ་དུ་འབྱོར་ནས་ཟླ་བ་ཁ་ཤས་ཀྱི་རྗེས་སུ་རང་ཉིད་ཀྱི་ཕ་ཡུལ་དུ་ལོག་ཐུབ་པ་རེད་བསམ་ཡོད་ཡང་། བཙན་བྱོལ་མི་རབས་དང་པོའི་བོད་པ་རྣམས་རང་ཁྱིམ་དུ་གཏན་ནས་ལོག་ཐུབ་ཡོད་པ་མ་རེད། ང་ནི་བཙན་བྱོལ་དུ་འཚར་ལོངས་བྱུང་བའི་བོད་པའི་མི་རབས་གཉིས་པ་དེ་ཡིན་ཡང་། རང་ཉིད་ཀྱི་རྒྱལ་ཁབ་མིག་གིས་མཐོང་མྱོང་མེད། དེ་རིང་ངས་བོད་གཞེས་བྱེས་གཉིས་དང་བོད་མི་ས་ཡ་དྲུག་གི་ཚབ་བྱས་ཏེ་ཐའེ་ཝན་ནང་གོ་རྟོགས་སྤེལ་འདོད་བྱུང་། ཞེས་སོགས་བརྗོད་འདུག

འདི་གའི་གསར་འགོད་པས་ཞལ་པར་བརྒྱུད་ཁོང་ལ་བོད་དོན་གཏམ་བཤད་སྐོར་སྐད་ཆ་དྲིས་པར་ཁོང་གིས།  བོད་པ་རྣམས་བཙན་བྱོལ་དུ་ཡོང་དགོས་པའི་རྒྱུ་མཚན་དང་། བཙན་བྱོལ་ནང་གི་བོད་དོན་འཐབ་རྩོད་ཀྱི་གནས་བབ། རྒྱ་གཞུང་གིས་བཅིངས་གྲོལ་བཏང་ཟེར་ནས་བོད་ནང་དུ་གདུག་རྩུབ་བྱས་ཏེ། བོད་མི་ ༡༥༦ ལྷག་གིས་རང་ལུས་མེར་བསྲེགས་གཏོང་དགོས་བྱུང་བའི་སྐོར།  དེ་བཞིན་བཙན་བྱོལ་ནང་དུ་༧གོང་ས་མཆོག་གི་ཐུགས་རྗེའི་བཀའ་དྲིན་ལ་རྟེན་ནས་དམངས་གཙོ་ཡང་དག་ལོངས་སྤྱོད་བཞིན་ཡོད་པ་དང་། རྒྱ་ནག་ལ་མཚོན་ན་རྒྱལ་ཁབ་ཡོད་ཀྱང་རང་དབང་དང་དམངས་གཙོ་ཐོབ་ཐང་མེད་པའི་སྐོར་དང་། ཕྱི་ལོ་ ༢༠༡༡ ནས་ཐའེ་ཝན་ནང་དུ་རྐང་འཁོར་བསྐོར་བསྐྱོད་ཀྱི་ལས་འགུལ་ཞིག་མགོ་ཚུགས་ཏེ། རྒྱ་ནག་སྐམ་ས་ནས་ཡོང་བཞིན་པའི་ཡུལ་སྐོར་སྤྲོ་འཆམ་པ་དང་གཞོན་སྐྱེས་རྣམས་རང་དབང་ལུང་པའི་ནང་གི་དམངས་གཙོ་དང་། རྒྱ་གཞུང་གིས་བོད་པའི་ཐོག་གདུག་རྩུབ་དང་། རིག་གཞུང་རྩ་མེད་གཏོང་བཞིན་པའི་སྐོར་སོགས་འགྲེལ་བརྗོད་གནང་ཡོད་སྐོར་བརྗོད་བྱུང་།

ཐའེ་ཝན་མི་མང་གིས་བོད་དོན་ཐད་དོ་སྣང་ག་འདྲ་ཡོད་མེད་སྐོར་ལ་ཁོང་གིས། དང་པོ་ཐའེ་ཝན་མི་མང་དང་ཐུག་སྐབས་བོད་བརྒྱུད་ནང་བསྟན་བཤད་ཡོང་གི་འདུག གཞོན་སྐྱེས་ཤིག་ལ་ཐུག་ནས་སྐད་ཆ་བཤད་སྐབས་བོད་དོན་སྐོར་ལ་གོ་རྟོགས་ཇི་ཙམ་ཡོད་ཀྱང་། མཐའ་མར་ཁོའི་ཕ་མ་བོད་བརྒྱུད་ནང་བསྟན་གྱི་སློབ་མ་ཡིན་པ་བཤད་ཡོང་གི་འདུག བོད་པ་ཡིན་ན་གྲྭ་ཆས་གྱོན་མི་འདུག་ཅེས་བཤད་ཡོང་མཁན་ཡང་འདུག བོད་པ་ཡིན་དུས་གྲྭ་པ་ཡིན་དགོས་པ་ཞིག་ཀྱང་མཐོང་གི་ཡོད་ས་རེད། བོད་པ་མཐོང་སྟངས་འདྲ་མི་འདྲ་ཡིན་ས་རེད། ལོ་ ༤༠ ཡས་མས་ཀྱི་སྔོན་ལ་ཐའེ་ཝན་གྱི་སློབ་ཚན་ནང་དུའང་བོད་རྒྱ་ནག་གི་ཁ་ཤས་ཡིན་ཞེས་བྲིས་ཡོད་པ་རེད། གོ་མིན་ཏང་གི་མི་ཐོག་རྒན་པ་དེ་ཚོས་བཤད་ཚུལ་དེ་ག་རང་རེད། ད་ལྟ་བོད་པ་གོ་ཡོང་དུས་རྒྱ་ནག་གི་མནར་གཅོད་འོག་ཏུ་ཡོད་པ་དང་། ༧གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་འོག་ཏུ་མུ་མཐུད་དུ་གནས་ཡོད་པ་བཤད་མཁན་ཧ་ཅང་མང་པོ་རེད། ཅེས་བརྗོད་བྱུང་།

ཐའེ་པའེ་རྒྱལ་སྤྱིའི་དཔེ་དེབ་འགྲེམས་སྟོན་ཁྲོམ་འདུས་ནི་ཕྱི་ལོ་ ༢༠༠༨ ནས་མགོ་འཛུགས་གནང་ཡོད་པ་དང་། ཕྱི་ལོ་ ༢༠༡༦ ལོར་བོད་དང་ཐའེ་ཝན་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གིས་དེབ་སྐྱེལ་བྱས་ཏེ་ལོ་ལྟར་དཔེ་དེབ་ཁྲོམ་འདུས་དེར་མཉམ་ཞུགས་གནང་ནས་བོད་དོན་དྲིལ་བསྒྲགས་དང་གོ་རྟོགས་སྤེལ་བཞིན་ཡོད་འདུག དེ་བཞིན་ལོ་ལྟར་ཕྱི་ཟླ་ ༢ ཚེས་ ༨ ཉིན་བོད་དང་ཐའེ་ཝན་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གི་གོ་སྒྲིག་འོག བོད་དོན་དྲིལ་བསྒྲགས་ཀྱི་རྐང་འཁོར་སྐོར་སྐྱོད་ལས་འགུལ་ཞིག་སྤེལ་གྱི་ཡོད་པ་དང་། སྐབས་དེར་ས་གནས་ཀྱི་རྒྱ་མིའི་དངུལ་ཁང་གི་རྒྱ་མི་ ༢༠ ལྷག་གིས་མིང་འདོགས་བྱས་ཏེ་ངོ་རྒོལ་བྱས་ཏེ་འགོག་རྐྱེན་བཟོ་ཡི་ཡོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Mobile App

འདི་ལོ་བོད་པའི་སློབ་གྲྭ་ཁག་གི་ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆ་ ༩༨།༥༨ རེད་འདུག

༢༠༢༦/༠༥/༡༥
ttt
Mobile App

རྩོད་རྙོག་ཟེར་བ་དེ་བཟང་ཕྱོགས་སུ་བསྒྱུར་རྒྱུའི་ཐབས་ལམ་ཡོད།

༢༠༢༦/༠༥/༡༥
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་གིས་ཌ་སི་མོན་ཊུ་ཊུ་དམ་པ་དེ་ཉིད་སྙིང་ནས་བརྩེ་བའི་གྲོགས་པོ་ཞིག་ཡིན་གསུངས།

༢༠༢༦/༠༥/༡༥
Donald Trump and Xi Jinping at a bilateral meeting. Photograph: Alex Wong/Getty Images
Mobile App

ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་དང་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གཉིས་ཐུག་འཕྲད་གནང་།

༢༠༢༦/༠༥/༡༤
ཕྱག་འཁྱེར་གནང་བ།
Mobile App

ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་སློབ་ཐོན་པ་ ༢༢ ལ་ཕྱག་འཁྱེར་གནང་།

༢༠༢༦/༠༥/༡༤
Because of high altitudes in the Himalayas, difficult terrain and often poor weather, the Kailash Manasarovar pilgrimage if one of the most challenging in the world [File: Purnima Shrestha/Reuters]
Mobile App

བལ་ཡུལ་གྱིས་ས་མཚམས་རྩོད་རྙོག་དང་འབྲེལ་ནས་རྒྱ་གར་གཞུང་ལ་ངོ་རྒོལ་བྱས།

༢༠༢༦/༠༥/༡༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese