མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་ཕྱི་སྲིད་བློན་ཆེན་རྒྱ་ནག་ཏུ་ཕེབས་འཆར་ཡོད་པ་ཕྱིར་འགྱངས་གནང་དགོས་བྱུང་།

བོད་ཀྱི་དུས་བབ།
༢༠༢༣/༠༢/༠༤
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་ཨ་རིའི་བར་སྣང་ནས་གསང་བའི་མྱུལ་ཞིབ་བྱེད་ཀྱི་ཡོད་པའི་དོགས་གཞིའི་འོག་ཕྱི་འབྲེལ་བློན་ཆེན་ཨེན་ཊོ་ནི་བྷི་ལིན་ཀན་མཆོག་རྒྱ་ནག་ཏུ་ཕེབས་འཆར་ཡོད་པ་དེ་ཕྱིར་འགྱངས་གནང་དགོས་བྱུང་ཡོད་འདུག

རྒྱ་ནག་གཞུང་གིས་ཨ་རིར་གསང་བའི་མྱུལ་ཞིབ་བྱེད་ཀྱི་ཡོད་པའི་དོགས་གཞིའི་འོག་ཕྱི་སྲིད་བློན་ཆེན་མཆོག་རྒྱ་ནག་ནང་ཕེབས་འཆར་ཡོད་པ་དེ་ཕྱིར་འགྱངས་གནང་། པར་བཟོ་སྒྲིག་བྱས།

མདང་དགོང་ཨ་རིའི་ཕྱི་སྲིད་ལྷན་ཁང་ནས་གནས་ཚུལ་བསྒྲགས་པ་ལྟར་ན། ཁ་སང་ཨ་རིའི་ཕྱི་སྲིད་བློན་ཆེན་ཨེན་ཊོ་ནི་བྷི་ལིན་ཀན་མཆོག་རྒྱ་ནག་ནང་དུ་ཕེབས་རྒྱུར་ཆུ་ཚོད་ཁ་ཤས་ལས་མེད་པའི་མཚམས་དེར། ཨ་རིའི་རྒྱལ་སྲུང་ལྷན་ཁང་ནས་རྒྱ་ནག་གཞུང་གིས་བར་སྣང་དུ་ལྒང་ཕུག་བཏང་ནས་གསང་བའི་མྱུལ་ཞིབ་བྱེད་ཀྱི་ཡོད་པའི་དོགས་གཞིའི་གནས་ཚུལ་ཕྱིར་བསྒྲགས་བྱས་ཏེ། ཕྱི་འབྲེལ་བློན་ཆེན་མཆོག་རྒྱ་ནག་ཏུ་ཕེབས་རྒྱུ་ཕྱིར་འགྱངས་གནང་དགོས་བྱུང་ཡོད་པ་མ་ཟད། ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་ཕྱི་སྲིད་བློན་ཆེན་མཆོག་ནས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡེས་ལ་གནད་དོན་དེ་འགན་འཁུར་མེད་པའི་བྱ་སྤྱོད་ཅིག་དང་། ཨ་རིའི་མངའ་ཁོངས་བདེ་འཇགས་ཐད་ཀྱི་གནོད་འཚེ་ཞིག་ཡིན་པ་གསལ་པོ་ཡིན་ལ། ད་ལན་གཟིགས་སྐོར་དེ་རྒྱལ་སྤྱིའི་ཁྲིམས་ལ་རྡོག་རོལ་གཏོང་བ་ཆགས་རྒྱུ་ཡིན་སྐོར་གསུངས་ཡོད་པ་འགྲེལ་བརྗོད་གནང་འདུག

སྤྱིར་བཏང་ཕྱི་སྲིད་བློན་ཆེན་མཆོག་ཟླ་འདིའི་ཕྱི་ཚེས་ ༥ ནས་ ༦ བར་ཉིན་གྲངས་གཉིས་རིང་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་ཕེབས་ཏེ་ཞི་ཅིན་ཕིང་དང་ཕྱི་འབྲེལ་མི་སྣ་སོགས་སུ་ཐུག་འཆར་ཡོད་ཀྱང་། ཟླ་འདིའི་ཕྱི་ཚེས་ ༢ ཉིན་ཨ་རིའི་རྒྱལ་སྲུང་ལྷན་ཁང་གིས་ཨ་རིའི་མཁའ་ཁུལ་དུ་མྱུལ་ཞིབ་ལྒང་ཕུག་ (surveillance balloon) ཅིག་འཕུར་སྐྱོད་བྱས་པའི་གནད་དོན་ལ་ཞིབ་འཇུག་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་ཡོད་པ་དང་། དེ་རིང་རྒྱ་ནག་གཞུང་གིས་ལྒང་ཕུག་དེ་རྒྱ་ནག་གི་ཡིན་པ་དང་། དེ་གནམ་གཤིས་བརྟག་དཔྱད་སླད་བཏང་བ་ཞིག་ཡིན་ཡང་།  གནམ་གཤིས་ཡག་པོ་མེད་པའི་རྐྱེན་གྱིས་མཁའ་ལམ་གཞན་དུ་འཕུར་སྐྱོད་བྱས་ཡོད་སྟབས། གནད་དོན་དེ་འདྲ་བྱུང་བར་བློ་ཕམ་ཡོད་ཚུལ་དང་། གནད་དོན་དེའི་ཐོག་ནང་གྲོས་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག

ཨ་རིའི་གཞུང་གིས་མྱུལ་ཞིབ་ལྒང་ཕུག་དེ་ཨ་ལཱ་སི་ཀཱ་ (Alaska) དང་ཁེ་ན་ཌར་འཕུར་སྐྱོད་བྱས་རྗེས། ཨ་རིའི་མོན་ཊ་ནཱ(Montana) མངའ་སྡེའི་མཁའ་དབྱིངས་སུ་འཕུར་སྐྱོད་བྱས་ཡོད་སྐོར་དང་། དང་ཐོག་ཨ་རིའི་གཞུང་གིས་མཁའ་དམག་གནམ་གྲུ་སོགས་ལ་ཉེན་བརྡ་བཏང་ཡོད་ཀྱང་། ལྒང་ཕུག་དེར་མེ་མདས་བརྒྱབ་ཚེ་ལྷུ་ལག་རྣམས་ཟེགས་ཡོང་བའི་ཉེན་ཁ་ཡོད་སྟབས། མེ་མདས་བརྒྱབ་མེད་སྐོར་བརྗོད་འདུག་

ཨ་རིའི་རྒྱལ་སྲུང་ལྷན་ཁང་གི་གསར་འགོད་དྲུང་ཆེ་པཱ་ཊི་རའེ་ཌིར་ (Pat Ryder) ལགས་ཀྱིས། ཁ་སང་ཕྱི་ཚེས་ ༣ ཉིན་གྱི་ཞོགས་པར་མྱུལ་ཞིབ་ཀྱི་ལྒང་ཕུག་དེ་ཤར་ཕྱོགས་སུ་འཕུར་ནས་ཨ་རིའི་དབུས་ཁུལ་གྱི་མཐོ་ཚད་ཧྥི་ཊི་སྟོང་ཕྲག་ ༦༠ ཐོག་ལ་འཕུར་སྐྱོད་བྱས་ཡོད་སྐོར་བརྗོད་འདུག་ལ། ཨ་རིའི་སྲིད་འཛིན་ཟུར་པ་ཊོམ་ཕུ་མཆོག་གིས་སྤྱི་ཚོགས་དྲ་ལམ་དུ་ལྒང་ཕུག་དེར་མེ་མདས་བརྒྱག་དགོས་སྐོར་བརྗོད་འདུག

དེ་འབྲེལ་གནད་དོན་དབྱེ་ཞིབ་པ་ཁག་ཅིག་གིས། ཨ་རིའི་ཕྱི་སྲིད་བློན་ཆེན་རྒྱ་ནག་ཏུ་གཟིགས་སྐོར་ཕེབས་འཆར་ཡོད་པར་བརྟེན། རྒྱ་ནག་གིས་ཨ་རིའི་མཁའ་ལམ་དུ་གསང་མྱུལ་གྱི་ལྒང་ཕུག་བཏང་སྟེ་ཁོང་ཉིད་རྒྱ་ནག་ནང་མི་ཡོང་བའི་དོན་དུ་ཉེན་བརྡ་བཏང་ཡོད་སྲིད་སྐོར་བརྗོད་ཡོད་པ་དང་། ཨ་རིའི་གྲོས་ཚོགས་འོག་མའི་སྤྱི་མཐུན་ཚོགས་པའི་མགོ་ཁྲིད་ཀེ་ཝིན་མེག་ཁར་ཐི་ (Kevin McCarthy) ལགས་ཀྱིས། རྒྱ་ནག་གིས་ཨ་རིའི་མཁའ་ལམ་དུ་གློ་བུར་བཙན་འཛུལ་བྱས་པ་དེ་ངོ་ཚ་མེད་པའི་བྱ་སྤྱོད་ཞིག་ཡིན་པ་དང་། རང་དབང་གཙང་མའི་རྒྱལ་ཁབ་ལ་བརྩི་འཇོག་མ་བྱས་པ་ཞིག་ཡིན་སྐོར་ཡང་བརྗོད་འདུག 

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese