མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བྲག་མགོར་དྲག་གནོན་བྱེད་བཞིན་པའི་གནད་དོན་ཐོག་བགྲོ་གླེང་བྱས།

བོད་ཀྱི་དུས་བབ།
༢༠༢༣/༠༢/༠༩
Share on FacebookShare on TwitterShare on EmailShare on Whatsapp

བོད་གནས་ལྟ་ཞིབ་ཁང་གིས་བྲག་མགོར་རྒྱ་ནག་གིས་དྲག་གནོན་བྱས་པའི་ཞིབ་འཇུག་སྙན་ཐོ་ཞིག་བཏོན་པའི་ཐོག་བགྲོ་གླེང་བྱས་སོང་།

བོད་གནས་ལྟ་ཞིབ་ཁང་གིས་བྲག་མགོའི་གནས་སྟངས་དང་འབྲེལ་བའི་བགྲོ་གླེང་། བོད་ཀྱི་དུས་བབ་ཀྱི་པར། ཕྱི་ལོ་ ༢༠༢༣ ཟླ་ ༢ ཚེས་ ༩།

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠།༣༠ ཙམ་གྱི་སྟེང་དྷ་སའི་ནོར་བུ་གསོལ་མགྲོན་ཁང་དུ་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་གནས་ལྟ་ཞིབ་ཁང་གིས། ཉེ་ཆར་རྒྱ་ནག་གཞུང་གིས་ཁམས་བྲག་མགོར་དྲག་གནོན་སྐོར་གྱི་སྙན་ཐོ་(Desecration in Drago County: Destruction of Tibetan religious heritage , arbitrary detentions and torture) ཞེས་པ་དབྱིན་ཇིའི་གྲོས་ཚོགས་སུ་དབུ་འབྱེད་གནང་ཡོད་པ་དང་འབྲེལ། སྙན་ཐོ་དེའི་ཐོག་བགྲོ་གླེང་འཚོགས་སོང་།

བགྲོ་གླེང་གི་ཐོག་མར་བོད་གནས་ལྟ་ཞིབ་ཁང་གི་འགན་འཛིན་དབང་ལྡན་སྐྱབས་ལགས་ཀྱིས་རྒྱ་ནག་གིས་ཁམས་བྲག་མགོར་དྲག་གནོན་སྐོར་གྱི་སྙན་ཐོ་དེ་ཐོག་མར་དབྱིན་ཇིའི་གྲོས་ཚོགས་སུ་དབུ་འབྱེད་གནང་ཡོད་པའི་བརྒྱུད་རིམ་དང་གཏམ་བཤད་པ་རྣམས་ངོ་སྤྲོད་གྲུབ་མཚམས། བོད་གནས་ལྟ་ཞིབ་ཁང་གི་སྤྱི་གཉེར་འགན་འཛིན་སམ་ཝལ་ཊོན་  (Sam Walton) ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་དྲག་གནོན་གྱི་སྲིད་ཇུས་ལག་བསྟར་བྱེད་བཞིན་ཡོད་སྟབས། སྙན་ཐོ་དེ་གལ་ཆེན་ཡིན་པ་དང་། སྙན་ཐོ་དེའི་ནང་ཁམས་བྲག་མགོའི་ནང་སློབ་གསོ་བསྒྱུར་བཀོད་ཁང་ཚུད་པའི་སྟོན་པའི་སྐུ་བརྙན་སོགས་གཏོར་བཤིག་བཏང་ཡོད་པའི་དཔང་རྟགས་དངོས་ར་སྤྲོད་ཀྱི་ཡོད་པས། སྙན་ཐོ་དེས་བོད་པ་ཙམ་མིན་པར་རྒྱལ་སྤྱིའི་སྟེང་བོད་ནང་གི་དངོས་ཡོད་གནས་སྟངས་དྲིལ་བསྒྲགས་དང་གླེང་སློང་། ཤེས་རྟོགས་ཐུབ་པར་ཕན་ཐོགས་འབྱུང་གི་ཡོད་སྐོར་དང་། ཉེ་ལམ་སྙན་ཐོ་དབུ་འབྱེད་བྱས་པ་དང་སྙན་ཐོ་དེ་དབྱིན་ཇིའི་སྲིད་བློན་གྱི་དམིགས་བསལ་ཆོས་དད་རང་དབང་གི་སྐུ་ཚབ་མ་ (Fiona Bruce) ལགས་སུ་འབུལ་རྒྱུ་བྱུང་ཡོད་སྐོར་སོགས་བརྗོད་སོང་།

དེ་རྗེས་བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་རྒན་པ་ཆོས་སྐྱིད་ལགས་ཀྱིས། ཕྱི་ལོ་ ༢༠༠༨ ལོའི་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་ནས་བཟུང་། ཕྱི་ལོ་ ༢༠༠༩ དང་ ༢༠༡༢ སོགས་སུ་ཁམས་བྲག་མགོའི་སེར་སྐྱ་མི་མང་བརྒྱ་ཕྲག་ལྷག་གིས་བོད་ལ་རང་དབང་དགོས་པ་དང་༧རྒྱལ་བ་རིན་པོ་ཆེ་བོད་ནང་གདན་འདྲེན་དགོས་པའི་འབོད་ཚིག་སོགས་བསྒྲགས་ཏེ། རྒྱ་གཞུང་ལ་ངོ་རྒོལ་བྱས་པའི་བརྒྱུད་རིམ་དང་འབྲེལ་ནས། ད་སྔ་བར་རྒྱ་ནག་གཞུང་གིས་ཁམས་བྲག་མགོའི་སེར་སྐྱ་མི་མང་ལ་དྲག་གནོན་བྱེད་བཞིན་པའི་རྒྱབ་ལྗོངས་ཀྱི་གནས་ཚུལ་རྒྱས་བསྡུས་ཤིག་ངོ་སྤྲོད་གནང་གྲུབ་མཚམས། ཕ་ཡུལ་བྲག་མགོ་ནས་ཡིན་བྷི་ཊི་འོད་སྣང་ལགས་ཀྱིས། ད་ལྟ་ཁམས་བྲག་མགོའི་ནང་འབྱུང་བཞིན་པའི་གནས་སྟངས་དེ་བྲག་མགོ་ཁོ་ན་ཙམ་མིན་པར་བོད་ས་ཡོངས་ལ་གནས་སྟངས་གཅིག་མཚུངས་ཀྱི་དཀའ་ངལ་འཕྲད་བཞིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། བྲག་མགོར་ཆ་མཚོན་ན།  ཕྱི་ལོ་ ༡༩༧༤ ལོ་ནས་རྒྱ་ནག་གཞུང་གིས་བྲག་མགོའི་ནགས་རི་གཅོད་གཏུབ་དང་ས་ཆུ་འབག་བཙོག་ཏུ་བཟོས་པ་དང་། ཆོས་དང་རིག་གཞུང་། སྐད་ཡིག སློབ་གསོ་སོགས་ཀྱི་ཐོག་དྲག་གནོན་ཤུགས་ཆེན་བྱས་ཡོད་པ་ཁོང་རང་ཉིད་ནས་རྒྱུས་པའི་ཉམས་མྱོང་ལས་མིག་ལག་ཟིན་བྱུང་སྐོར་སོགས་བརྗོད་སོང་།

བོད་གནས་ལྟ་ཞིབ་ཁང་གིས་བྲག་མགོའི་གནས་སྟངས་དང་འབྲེལ་བའི་བགྲོ་གླེང་། བོད་ཀྱི་དུས་བབ་ཀྱི་པར། ཕྱི་ལོ་ ༢༠༢༣ ཟླ་ ༢ ཚེས་ ༩།

དེ་བཞིན། ཤོག་ངོས་  ༤༢ ལྡན་པའི་བོད་གནས་ལྟ་ཞིབ་ཁང་གི་མདོ་ཁམས་བྲག་མགོའི་སྙན་ཐོ་དེ་ནི། ཕྱི་ལོ་ ༢༠༡༢ ནས་ད་བར་ལོ་ངོ་བཅུའི་རིང་བྱུང་བའི་གནས་ཚུལ་ཁག་ལ་ཞིབ་འཇུག་བྱས་པའི་སྙན་ཐོ་ཞིག་ཡིན་པ་དང་། དེ་ཡང་གཙོ་བོ་ཕྱི་ལོ་ ༢༠༡༢ ལོར་བྲག་མགོའི་སེར་སྐྱ་སུམ་བརྒྱ་ལྷག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས་པ་ནས། ཕྱི་ལོ་ ༢༠༢༡ གི་ལོ་མཇུག་ཏུ་བྲག་དགེ་ལྡན་ནང་བསྟན་སློབ་གྲྭ་བཙན་གྱིས་སྒོ་བརྒྱབ་པ་དང་སྟོན་པའི་སྐུ་བརྙན་རྩ་གཏོར། ཕྱི་ལོ་ ༢༠༢༢ ཟླ་ ༢ ནང་གུ་རུའི་སྐུ་བརྙན་རྩ་གཏོར་བཏང་བའི་གནས་ཚུལ་སོགས་ཡིག་པར་གཉིས་ཀྱི་ལམ་ནས་བདེན་དཔང་ར་སྤྲོད་བྱས་འདུག་པ་མ་ཟད། རྒྱ་ནག་གི་དྲག་གནོན་ལ་ངོ་རྒོལ་དང་མི་འདོད་པའི་རྣམ་འགྱུར་བསྟན་ནས་འཛིན་བཟུང་བཙོན་འཇུག་བྱས་པའི་བྲག་མགོའི་སེར་སྐྱ་རེ་རེའི་རྒྱབ་ལྗོངས་ཀྱི་གནས་ཚུལ་སོགས་ལ་ཞིབ་འཇུག་བྱས་ཏེ་བཀོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

འདི་ལོ་བོད་པའི་སློབ་གྲྭ་ཁག་གི་ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆ་ ༩༨།༥༨ རེད་འདུག

༢༠༢༦/༠༥/༡༥
ttt
Mobile App

རྩོད་རྙོག་ཟེར་བ་དེ་བཟང་ཕྱོགས་སུ་བསྒྱུར་རྒྱུའི་ཐབས་ལམ་ཡོད།

༢༠༢༦/༠༥/༡༥
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་གིས་ཌ་སི་མོན་ཊུ་ཊུ་དམ་པ་དེ་ཉིད་སྙིང་ནས་བརྩེ་བའི་གྲོགས་པོ་ཞིག་ཡིན་གསུངས།

༢༠༢༦/༠༥/༡༥
Donald Trump and Xi Jinping at a bilateral meeting. Photograph: Alex Wong/Getty Images
Mobile App

ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་དང་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གཉིས་ཐུག་འཕྲད་གནང་།

༢༠༢༦/༠༥/༡༤
ཕྱག་འཁྱེར་གནང་བ།
Mobile App

ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་སློབ་ཐོན་པ་ ༢༢ ལ་ཕྱག་འཁྱེར་གནང་།

༢༠༢༦/༠༥/༡༤
Because of high altitudes in the Himalayas, difficult terrain and often poor weather, the Kailash Manasarovar pilgrimage if one of the most challenging in the world [File: Purnima Shrestha/Reuters]
Mobile App

བལ་ཡུལ་གྱིས་ས་མཚམས་རྩོད་རྙོག་དང་འབྲེལ་ནས་རྒྱ་གར་གཞུང་ལ་ངོ་རྒོལ་བྱས།

༢༠༢༦/༠༥/༡༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese