མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རྒྱ་གྲོས་མོལ་ནི་དཀའ་རྙོག་སེལ་བའི་ལམ་ཁོ་ན་ཡིན།

བོད་ཀྱི་དུས་བབ།
༢༠༢༣/༠༣/༢༢
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གིས་བོད་ནང་དྲག་གནོན་བྱ་རྒྱུ་མཚམས་འཇོག་སླད་འཕྲལ་དུ་བོད་རྒྱ་གྲོས་མོལ་གནང་དགོས་སྐོར་བརྗོད་འདུག

US Department Of State

ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་ཕྱི་ལོ་ ༢༠༢༢ ལོའི་འཛམ་གླིང་གི་རྒྱལ་ཁབ་དང་ས་ཁུལ་ ༢༠༠ ལྷག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་འབྲེལ་བའི་སྙན་ཐོ་བཏོན་པའི་ནང་། རྒྱ་ནག་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་ཚབས་ཆེན་བཏང་བའི་སྐོར་གསལ་འདོན་བྱས་ཡོད་འདུག

དེ་རིང་དེ་འབྲེལ་ཐད་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས། རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་རྣམས་ལ་འཇིགས་སུ་རུང་བའི་དྲག་གནོན་དང་ཐུབ་ཚོད་གཏོང་མུས་ཡིན་པ་དང་། ད་ལྟ་འཕྲལ་དུ་བོད་རྒྱ་དཀའ་རྙོག་སེལ་བའི་ཐག་གཅོད་ཅིག་དགོས་པ་སྙན་ཐོའི་ནང་གསལ་བོར་བསྟན་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་བོད་མིའི་ཆོས་དད་རང་དབང་བཀག་སྡོམ་དང་ཆབ་སྲིད་དང་འབྲེལ་ནས་ཁྲིམས་འགལ་ཐོག་བཙོན་འཇུག་དང་གསོད་ཀྱི་ཡོད་པ། བོད་མིའི་རང་ཐག་རང་གཅོད་ཀྱི་ཆེས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་སོགས་རྡོག་རོལ་གཏོང་གི་ཡོད་པས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དམིགས་བསལ་སྐུ་ཚབ་དང་རྒྱ་ནག་གི་དཔོན་རིགས་ཚོའི་བར་ཞི་བའི་གྲོས་མོལ་གྱི་ལམ་ཁོ་ན་བརྒྱུད་བོད་རྒྱའི་དཀའ་རྙོག་སེལ་ཐུབ་པ་དང་། བོད་མི་རྣམས་བདེ་འཇགས་དང་རང་དབང་ཐོག་རང་ཡུལ་དུ་གནས་ཐུབ་རྒྱུ་ཡིན་སྐོར་སོགས་བརྗོད་འདུག

ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་ཕྱི་ལོ་ ༢༠༢༢ ལོའི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་སྙན་ཐོ་བཏོན་པའི་ནང་། རྒྱ་ནག་གཞུང་གིས་བོད་ནང་དུ་ཁྲིམས་འགལ་ཐོག་སྲོག་གཅོད་པ་དང་། ཆབ་སྲིད་བཙོན་པ་བཙོན་འཇུག སྨྲ་བརྗོད་རང་དབང་དང་གསར་འགོད་རང་དབང་མེད་པ། དྲ་རྒྱ་དང་དྲ་ཚིགས་བཀག་སྡོམ་སོགས་དམ་དྲག་ཤུགས་ཆེན་བྱེད་པ། ཆོས་དད་རང་དབང་མེད་པ་དང་འགྲོ་འོང་བཀག་སྡོམ། ཆབ་སྲིད་ཀྱི་ལས་དོན་ལ་མཉམ་ཞུགས་བྱེད་དུ་མི་འཇུག་པ། ལྐོག་ཟ་རུལ་སུངས། བཙན་གྱིས་མངལ་ཤོར་དུ་འཇུག་པ། ཡུལ་མི་ལ་དམིགས་ཏེ་འཚེ་བ་དང་འཇིགས་སྐུལ་སོགས་བྱས་ཏེ། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་མུས་ཡིན་སྐོར་དང་། བོད་མི་མང་པོ་ཞིག་གིས་ཆབ་སྲིད་དང་ཆོས་ལུགས་ཀྱི་ལས་དོན་དང་འབྲེལ་ནས་འཛིན་བཟུང་དང་དོ་དམ་ནན་པོ་བྱེད་བཞིན་ཡོད་སྐོར་སོགས་བཀོད་འདུག

ད་དུང་རྒྱ་ནག་གཞུང་གིས་ཕྱི་ལ་ཡོད་པའི་བོད་མི་ ༡༥༠༠༠༠ ཙམ་ལ་འཇིགས་སྐུལ་དང་། དྲ་ལམ་ནས་བསུན་གཙེར། དེ་བཞིན་སོ་ལྟ་བྱེད་བཞིན་ཡོད་པ་དང་། བོད་ནང་གི་བོད་མི་ཚོར་ཕྱི་རྒྱལ་དུ་ཡོད་པའི་རང་གི་ནང་མི་སྤུན་མཆེད་རྣམས་ཕྱིར་བོད་ལ་ལོག་ཏུ་འཇུག་དགོས་པའི་གནོན་ཤུགས་སྤྲོད་ཀྱི་ཡོད་པ་དང་། བོད་མི་རྣམས་ལ་འོས་བསྡུའི་རང་དབང་མེད་སྐོར་སོགས་བཀོད་འདུག

 

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

No Content Available

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese