མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྷ་མོ་ལགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ་རང་ཤི་བརྒྱབ་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༣/༠༣/༢༥
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་རྒྱལ་ས་ལྷ་སར་གནས་སྡོད་བུ་མོ་ལྷ་མོ་ལགས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་ཆེད་རང་ཤི་བརྒྱབ་པའི་གནས་ཚུལ་ཐོན་འདུག

པར་འབྲེལ་ཡོད་ནས་བོད་ཀྱི་དུས་བབ་ལ་མཁོ་སྤྲོད་བྱས།

ཉེ་ལམ་རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་རྫོང་ཁག་ ༣༤ ཡི་མཐོ་སློབ་འགྲིམས་མུས་ཡིན་པའི་བོད་རིགས་སློབ་མ་མང་པོ་ཞིག་རྒྱ་ནག་གི་རྒྱལ་ས་པེ་ཅིན་དང་། ཧྲང་ཧེ་སོགས་རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་ཏུ་བཙན་གྱིས་མངག་གཏོང་བྱེད་མུས་ཡིན་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༢༣ གྱི་དགོང་མོར་ལྷ་ས་སྟག་རྩེ་ཁུལ་དུ་གནས་སྡོད་བུ་མོ་ལྷ་མོ་ལགས་ཀྱིས་རྒྱ་ནག་གཞུང་གིས་བཙན་གྱིས་བོད་རིགས་གཞོན་སྐྱེས་རྣམས་རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་ཏུ་མངག་གཏོང་བྱེད་བཞིན་པར་ངོ་རྒོལ་བྱས་ཏེ། རང་ཤི་བརྒྱབ་པའི་གནས་ཚུལ་ཐོན་ཡོད།

དེའི་ཐད་ས་གནས་བོད་མི་ཞིག་གིས་འདི་གའི་གསར་འགོད་པར། ཉེ་ལམ་རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཀྱི་ས་གནས་མང་པོ་ཞིག་གི་གཞོན་སྐྱེས་མང་པོ་རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་ཏུ་མངག་གཏོང་བྱེད་མུས་ཡིན་པ་དང་། དེ་སྔ་རྒྱ་ནག་གཞུང་གིས་རྫོང་ཁག་ཆེ་བ་ཁག་གི་ནང་ཚོགས་འདུ་བསྐོངས་ཏེ། གཞོན་སྐྱེས་ལས་མེད་དང་མཐོ་སློབ་ཐོན་ཟིན་པ། དེ་བཞིན་ཁྱིམ་ཚང་གཅིག་ལ་ལས་མེད་གཞོན་སྐྱེས་གཉིས་ཡོད་ཚེ། ངེས་པར་དུ་གཞོན་སྐྱེས་གཅིག་བཅས་རྒྱ་ནག་ཏུ་ལས་ཀ་བྱེད་དུ་འགྲོ་དགོས་པའི་བཀའ་ཕབ་པས། རྒྱུན་དུ་རྒན་རྒོན་གཉིས་ལ་ཞབས་ཞུ་བྱེད་མུས་ཡིན་པའི་བུ་མོ་ལྷ་མོ་ལགས་ཀྱིས་རྒྱ་ནག་གི་ཐག་གཅོད་དེ་ལ་ངོ་རྒོལ་མཚོན་སླད་རང་ཤི་བརྒྱབ་ཡོད་སྐོར་འགྲེལ་བརྗོད་བྱས་སོང་།

དེ་བཞིན་གནས་ཚུལ་མཁོ་སྤྲོད་པས། ས་གནས་དེ་དག་གི་གཞོན་སྐྱེས་མང་པོ་ཞིག་གིས་མི་འདོད་པའི་རྣམ་འགྱུར་ཡང་ཡང་སྟོན་གིན་འདུག་ལ། དེ་བཞིན་རྒྱ་ནག་གཞུང་གིས་བོད་རིགས་གཞོན་སྐྱེས་མང་པོ་ཞིག་རྒྱ་ནག་ཏུ་མངག་གཏོང་བྱེད་མུས་ཡིན་པས། དེ་དག་གི་ཕ་མ་སོགས་ཀྱིས་ཕྲུ་གུ་དེ་དག་རྒྱ་ནག་ཏུ་མངགས་ཚེ། རྗེས་མ་རྒྱ་མིན་བོད་མིན་ཞིག་ཆགས་པ་མ་ཟད། བོད་མིའི་འདུ་ཤེས་བརླག་ཉེན་ཡོད་པའི་སེམས་ཚབས་ཤུགས་ཆེན་བྱེད་ཀྱིན་ཡོད་སྐོར་སོགས་འགྲེལ་བརྗོད་གནང་སོང་།

ཉེ་ལམ་རྒྱ་ནག་གཞུང་གིས་བོད་རིགས་གཞོན་སྐྱེས་མང་པོ་ཞིག་རྒྱ་ནག་དུ་མངག་གཏོང་བྱེད་མུས་ཡིན་པའི་ལས་གཞི་དེ། བོད་རང་སྐྱོང་ལྗོངས་ཟེར་བའི་རྫོང་ཁག་ ༣༤ ཡི་ཡུལ་ཤོག  ༤༨ དངདེ་བཞིན་མགོ་ལོག་ཚུད་པའི་མཚོ་སྔོན་ཞིག་ཆེན་ཁོངས་ཀྱི་ཡུལ་ཤོག་༨༠ ཙམ་གྱི་ནང་དུའང་ལག་བསྟར་བྱེད་མུས་ཡིན་འདུག ཕ་སྤེན་ཡེས་དང་མ་གསར་སྐྱིད་གཉིས་ཀྱི་བུ་མོ་ལྷ་མོ་ནི་ཁམས་མི་ཉག་ནས་ཡིན་ཞིང་མི་ལོ་ ༢༤ གོང་བོད་ཀྱི་རྒྱལ་ས་ལྷ་སར་གནས་སྤོར་བྱས་ཏེ། ད་ལྟ་སྟག་རྩེ་ཁུལ་དུ་གཏན་སྡོད་བྱེད་མུས་ཡིན་འདུག

འབྲེལ་ཡོད་གསར་འགྱུར།

འདས་པའི་ཟླ་ ༣ ནང་གནས་དབྱུང་བཏང་བའི་བོད་ཁུལ་གྱི་མཐོ་རིམ་དཔོན་རིགས་གཉིས། དྲ་ལམ་གྱི་པར།
Mobile App

ལོ་གཉིས་ལྷག་ནང་ཉུང་མཐར་བོད་ཁུལ་གྱི་མཐོ་རིམ་དཔོན་རིགས་ ༡༥ ཙམ་ཞིབ་བཤེར་གནས་དབྱུང་བཏང་།

༢༠༢༥/༠༢/༡༨
རྒྱ་ནག་གཞུང་གིས་མགོ་ལོག་ཁུལ་རྨ་སྟོད་རྫོང་ཁོངས་སུ་བཙུགས་པའི་གཏན་འཇགས་སློབ་གྲྭ་ཞིག་གི་འཛིན་ཁང་། ༢༠༢༢།༠༥ པར་བོད་ནས་འདི་གར་མཁོ་སྤྲོད་བྱས།
Mobile App

བོད་ལྗོངས་ཀྱི་གོང་འཕེལ་གླེང་སྟེགས་ཟེར་བའི་ཐོག་རྒྱ་ནག་གཞུང་གིས་འཁྱོག་བརྗོད་ཆེན་པོ་བྱས།

༢༠༢༣/༠༥/༢༥
བདེན་པའི་འཐབ་རྩོད་པ་ཨ་ཅག་མགོན་པོ་སྐྱིད་ལགས་ཀྱིས་ཡང་བསྐྱར་ཞི་རྒོལ་བྱས་པར་བརྟེན་བཙན་འཁྲིད་བྱས་འདུག ༢༠༢༣།༠༥།༡༦
Mobile App

བདེན་པའི་འཐབ་རྩོད་པ་མགོན་པོ་སྐྱིད་ཡང་བསྐྱར་བཙན་འཁྲིད་བྱས་འདུག

༢༠༢༣/༠༥/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese