མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞེན་སྐུལ་ཚིག་གསུམ།

བོད་ཀྱི་དུས་བབ།
༢༠༢༣/༠༣/༢༨
Share on FacebookShare on TwitterShare on EmailShare on Whatsapp

——བཀུར་འོས་བོད་མི་མང་སྤྱི་འཐུས་རྣམ་པ་དང་རྒྱ་ཆའི་མི་མང་ཡོངས་ལ་ཕུལ་བ།

བོད་མི་མང་སྤྱི་ཟུར་ཆབ་བྲག་ལྷ་མོ་སྐྱབས།

གཅིག ཡིག་ཆ་ཨང་༣༩ ཞེས་པ་དེ་ནུས་མེད་དུ་གྱུར་བར་གྲོས་ཆོད་ཅིག་འཇོག་འོས།

དེ་སྔའི་གྲོས་ཚོགས་ཀྱི་གྲོས་ཆོད་ཡིག་ཆ་ཨང་༣༩ ཞེས་པ་དེ་ཁྲིམས་འགལ་ནུས་མེད་ཆགས་ཚར་ན་ཡང་གྲོས་ཚོགས་ནང་སྤྱི་འཐུས་ཁ་ཤས་ཤིག་གིས་ད་དུང་ཡིག་ཆ་དེར་ཤི་འཐམ་རོ་འཐམ་བྱས་དང་བྱེད་བཞིན་འདུག་པར་མ་ཟད། དེས་བཅའ་ཁྲིམས་བསྐྱར་བཅོས་སོགས་ལ་འགལ་རྐྱེན་བཟོ་བཞིན་འདུག་པས། སྐབས་རྗེས་མའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་སུ། ཡིག་ཆ་ཨང་༣༩ པ་དེ་ཁྲིམས་འགལ་རང་བཞིན་ཅན་དང་ནུས་མེད་དུ་སོང་ཟིན་པར་གྲོས་ཆོད་ཅིག་འཇོག་ཐུབ་ན་ལེགས་པར་མཐོང་།

དེ་ཡང་། ཁྲིམས་འགལ་ཡིན་ཏེ། བཅའ་ཁྲིམས་ཀྱི་དོན་ཚན་ང་བཞི་པ། “གྲོས་བསྡུར་བཀག་སྡོམ། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང༌། ཁྲིམས་ཞིབ་པ་གཞན་གཉིས་གང་རུང་འཕོ་འགྱུར་བྱ་རྒྱུའི་སྐོར་དང༌། སྤྱི་འཐུས་ལྷན་ཚོགས་ནས་ཚོགས་ཆུང་ཟུར་འཛུགས་ཀྱིས་རྟོག་ཞིབ་ཐོག་སྤྱི་འཐུས་ལྷན་ཚོགས་སུ་སྙན་ཐོ་འབྱོར་བའི་སྐབས་སུ་མ་གཏོགས་དེ་མིན་ཁྲིམས་ཞིབ་པའི་ལས་དོན་བྱེད་ཕྱོགས་སྐོར་སྤྱི་འཐུས་ལྷན་ཚོགས་སུ་གླེང་སློང་དང༌། གྲོས་བསྡུར་བྱེད་མི་ཆོག” ཅེས་པ་དང་རྩ་འགལ་བྱས་ཏེ། དབང་ཚད་ཚད་བརྒལ་གྱིས་ཐག་བཅད་པའི་ཕྱིར།

ནུས་མེད་ཀྱང་ཡིན་ཏེ། བཅའ་ཁྲིམས་ཀྱི་དོན་ཚན་ལྔ་པ། “བཅའ་ཁྲིམས་ཀྱི་ཚད་འཛིན། ༡ ཁྲིམས་ལུགས་དང༌། ཆབ་སྲིད་དབང་འཛིན་གྱི་བཀའ། སྒྲིག་གཞི་བཅས་གང་ཡང་བཅའ་ཁྲིམས་འདིའི་དོན་ཚན་གང་རུང་དང་འགལ་ཚེ་འགལ་བའི་ཆ་དེ་རྩ་འཛིན་མེད་པ་བྱ་རྒྱུ། ༢ གོང་གསལ་རྣམས་ཀྱི་དོན་གནད་བཅའ་ཁྲིམས་འདིའི་དོན་ཚན་ཁག་དང་འགལ་མིན་རྩོད་གླེང་བྱུང་ཚེ་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཐག་གཅོད་བྱ་རྒྱུ།” ཞེས་པའི་ཁྲིམས་ལུགས་དང་འབྲེལ་བའི་གྲོས་ཆོད་འགལ་ཚབས་ཅན་ཡིན་པས་འགལ་བའི་ཆ་དེ་རྩ་འཛིན་མེད་པར་བྱ་དགོས་པ་དང་གཅིག

༢༠༢༡ཟླ་༥་ཚེས་༢༤ ཉིན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་མཚན་ཐོག་ནས། “་་་གྲོས་ཆོད་ཡིག་ཆ་ཨང་༣༩ པའི་དགོངས་དོན་མཇུག་སྐྱོང་བྱ་ཐབས་གང་ཡང་མི་འདུག” ཅེས་ཡིག་ཆ་ཨང་༣༩་པ་དེ་མཇུག་སྐྱོང་མ་ནུས་པའི་མཐའ་མའི་གསལ་བསྒྲགས་བསྐྱངས་པ་དེས་ཀྱང་དེ་ནས་བཟུང་ནུས་མེད་དུ་གྱུར་པ་བསྟན་འདུག་པ་དང་གཉིས།

དེ་རྗེས་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག་གི་དྲུང་དུ་ལས་ཁུར་དམ་བཅའ་ཕུལ་བའི་བར་བརྒལ་ཚོགས་གཙོ་སྤྱི་འཐུས་ཟླ་བ་ཚེ་རིང་མཆོག་གི་དྲུང་དུ་སྐབས་ ༡༧ པའི་བདམས་ཐོན་སྤྱི་འཐུས་རྣམས་ཀྱིས་ཀྱང་ལས་ཁུར་དམ་འབུལ་ཞུས་གནང་བ་དེས་ཀྱང་ཡིག་ཆ་ཨང་༣༩ པ་ནུས་མེད་དུ་གྱུར་ཟིན་པ་གསལ་བོར་མཚོན་ཡོད་པ་བཅས་སོ།།

གཉིས། ཆེས་མཐོའི་ཁྲིམས་ཞིབ་ཁང་མུ་མཐུད་གནས་ཐབས་སུ་དམིགས་བསལ་ཚོགས་ཆེན་འཚོག་འོས།

གྲོས་ཚོགས་སྐབས་གཉིས་རིང་ལ་ཆེས་མཐོའི་ཁྲིམས་ཞིབ་ཁང་མུ་མཐུད་གནས་ཐབས་སུ། དཔལ་ལྡན་བཀའ་ཤག་ནས་ཁྲིམས་ཞིབ་པ་གསར་བ་བསྐོ་ཐབས་ཀྱི་བཅའ་ཁྲིམས་བསྐྱར་བཅོས་ཐེངས་གཉིས་གཏོན་གནང་ཡང་། གྲོས་ཚོགས་སུ་དགོས་ངེས་ཀྱི་མང་མོས་རྒྱབ་སྐྱོར་མ་ཐོབ་པ་འདི། དམངས་གཙོའི་ཀ་བ་གསུམ་འཐུས་ཚང་དུ་གནས་ཐབས་ལ་བར་ཆད་ཆེན་པོ་ཞིག་བཟོས་པ་ཡིན་པས། གནས་བབ་འདི་འདི་ལྟར་འཇོག་ཐབས་རྩ་བ་ནས་མེད། དེ་བས་གལ་ཏེ། སྐབས་རྗེས་མའི་གྲོས་ཚོགས་སུ་སླར་ཡང་ཁྲིམས་ཞིབ་པ་གསར་བསྐོའི་ཐད་ཀྱི་བཅའ་ཁྲིམས་བསྐྱར་བཅོས་ཤིག་གནང་མ་ཐུབ་ན། ངེས་པར་དུ་བོད་རྒྱལ་ཡོངས་རང་བཞིན་གྱི་དམིགས་བསལ་ཚོགས་ཆེན་ཞིག་བསྐང་དགོས་པ་དུས་ཀྱི་དགོས་མཁོར་མཐོང་།

གསུམ། གྲོས་ཚོགས་ཀྱི་འཐུས་མི་རྣམས་ནི་བོད་མི་མང་སྤྱི་འཐུས་ཡིན་པ་ལས་ཆོལ་ཁ་དང་ཆོས་བརྒྱུད་བྱེ་བྲག་པའི་སྤྱི་འཐུས་ཤིག་མིན།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནི། སྤྱི་འཐུས་ཡོང་ཁུངས་ཀྱི་ཆ་ནས་ཆོལ་ཁ་དང་ཆོས་བརྒྱུད་གལ་ཆེར་བརྩིས་ཏེ། སྤྱི་འཐུས་ཀྱི་གྲངས་ཚད་གཏན་ལ་ཕབ་པ་ཞིག་ལས། བདམས་ཐོན་བྱུང་རྗེས་དེ་དག་ཚང་མ་བོད་མི་མང་སྤྱི་འཐུས་ཡིན་པ་ལས་ཆོལ་ཁ་དང་ཆོས་བརྒྱུད་སོགས་བྱེ་བྲག་པ་ཞིག་གི་་སྤྱི་འཐུས་ཙམ་མིན། ཡིན་ཡང་སྤྱི་ཚོགས་ཁྲོད་དུ་ནམ་རྒྱུན་བོད་མི་མང་སྤྱི་འཐུས་ཆེ་གེ་མོ་ཞེས་མི་འབོད་པར་ཆོལ་ཁ་དང་ཆོས་བརྒྱུད་སོགས་ཡོང་ཁུངས་དེ་གཙོ་བོར་བཞག་ནས་མཚན་ཡིག་འབྲི་བ་དང་མཚན་འབོད་བྱེད་སྲོལ་ཞིག་ཆགས་ཀྱིན་པ་འདིས། དེང་སང་མི་མང་ནང་ན་སྤྱི་འཐུས་དེ་དག་ཆོལ་ཁོངས་སམ་ཆོས་བརྒྱུད་གང་དེའི་འཐུས་མི་ཙམ་ལས་བོད་མི་མང་སྤྱི་ཡི་འཐུས་མི་ཞིག་མིན་པར་འདོད་མཁན་མང་ལ། ཐ་ན་སྤྱི་འཐུས་མི་ཉུང་བ་ཞིག་ལ་ཡང་རང་ཉིད་ཆོལ་ཁའམ་ཆོས་བརྒྱུད་གང་ཞིག་གི་སྤྱི་འཐུས་ཡིན་སྙམ་ནས་དེའི་ཕྱོགས་ཞེན་ངེས་པར་བྱེད་དགོས་བསམ་གྱིན་ཡོད་པའི་ཚོར་སྣང་སྟེར། ད་དུང་མི་མང་ནང་ལ་ཆོལ་ཁ་དང་ཆོས་བརྒྱུད་ཀྱི་ཕྱོགས་ཞེན་ཆེར་བསྐྱེད་གཏོང་བྱེད་ཀྱི་རྐྱེན་ཞིག་ལས་དེར་དགེ་མཚན་ཅི་ཡང་མི་འདུག དེ་བས་སྤྱི་ཚོགས་ཁྲོད་དུ་ནམ་རྒྱུན་ཆོལ་ཁ་དང་། ཆོས་བརྒྱུད་སོགས་ཀྱི་མིང་ཐོག་ནས་སྤྱི་འཐུས་ཆེ་གོ་མོ་ཞེས་འབོད་སྲོལ་ཞིག་ཆགས་བཞིན་པ་འདི་སྒྱུར་བཅོས་བྱེད་འོས།

དེ་བཞིན་དུ་གྲོས་ཚོགས་སུ་བོད་མི་མང་སྤྱི་འཐུས་ཆེ་གེ་མོ་ཞེས་པ་ཁོ་ནས་འཐུས་ཏེ། དགེ་བཤེས་སོགས་ཀྱི་མཚན་གནས་ཀྱང་འབོད་དགོས་དོན་མེད། གལ་ཏེ་དགོས་ན། མཁས་པ་དང་ཞིབ་འཇུག་པ་དང་རྩོམ་པ་པོ་སོགས་ཀྱི་མཚན་གནས་ཅན་ཡང་མང་བས་དེ་དག་ལ་ཡང་གཅིག་མཚུངས་ཀྱིས་འབོད་འོས། གྲོས་ཚོགས་ནང་དུ་བོད་མི་མང་སྤྱི་འཐུས་ཚང་མ་གདན་ཐོབ་གཅིག་ཡིན་པས་མཚན་གནས་བྱེ་བྲག་པ་ཞིག་སྦྱོར་དགོས་དོན་མེད་པ་བཅས་ཀྱི་གཞེན་སྐུལ་ཞུའོ།།

དམངས་གཙོའི་སྤྱི་ཚོགས་སུ་སྲིད་གཞུང་ནི་མི་དམངས་ཀྱི་སྲིད་གཞུང་ཡིན་པས་དོན་གྱི་བདག་པོ་ངོ་མ་ཡང་མི་དམངས་ཡིན་དགོས་ལ། མི་དམངས་ཀྱིས་འོས་འགན་ཡང་འཁུར་དགོས།

མཆན། གོང་བཀོད་རྩོམ་ཡིག་དེ་རྩོམ་པ་པོའི་དགོངས་ཚུལ་ཡིན་པ་ལས་འདི་ག་གསར་ཁང་གི་དགོངས་ཚུལ་ཡིན་པས་མ་ཁྱབ།

འབྲེལ་ཡོད་གསར་འགྱུར།

US Secretary of State Marco Rubio on Sunday demanded the immediate release of Gedhun Choekyi Nyima, the 11th Panchen Lama, who was abducted by Chinese authorities 30 years ago at the age of six. | X @CTA_TibetdotNet & File Pi
Mobile App

རྒྱལ་སྤྱིའི་གནད་ཡོད་མི་སྣས་༧པཎ་ཆེན་རིན་པོ་ཆེ་མཆོག་གང་མགྱོགས་ཀློད་གྲོལ་དགོས་པའི་འབོད་སྐུལ་གནང་།

ཆུ་ཚོད་ ༡༡ སྔོན་ལ།
Front Slider

༧པཎ་ཆེན་རིན་པོ་ཆེ་མཆོག་གར་སོང་ཆ་མེད་དུ་གྱུར་ཏེ་ལོ་ངོ་ ༣༠ འཁོར་བ་སྲུང་གཙི་ཞུས།

༢༠༢༥/༠༥/༡༧
༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གི་མཛད་རྣམ་རྗེས་དྲན་གྱི་དབྱིན་ཡིག་ཐོག་ཡོད་པའི་ཕྱག་དེབ་ (Tibet's Stolen Child) ཅེས་པ་དབུ་འབྱེད་གནང་བ། དུས་བབ་གསར་ཁང་གི་པར། ༢༠༢༥།༥།༡༧
Mobile App

དྷ་ས་ཉེ་འཁོར་གྱི་བོད་སློབ་ནང་ཁུལ་དབར་ངག་རྩལ་འགྲན་བསྡུར་ཞིག་འཚོགས།

༢༠༢༥/༠༥/༡༧
དྷ་ས་ས་གནས་གཞོན་ནུ་ལྷན་ཚོགས་ཀྱིས་༧པཎ་ཆེན་རིན་པོ་ཆེ་མཆོག་གི་གནད་དོན་དང་འབྲེལ་ནས་ལས་འགུལ་སྤེལ་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༡༧
Mobile App

༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གར་སོང་ཆ་མེད་དུ་གྱུར་ནས་ལོ་ངོ་ ༣༠ འཁོར་བའི་ཉིན་མོ་སྲུང་གཙི་ཞུས།

༢༠༢༥/༠༥/༡༧
དྷ་ས་ས་གནས་མགོ་འཛིན་གྱི་ཚོགས་ཁང་དུ་མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག་གི་རྗེས་དྲན་བགྲོ་གླེང་ཞིག་འཚོག་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༡༦
Mobile App

མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་མཆོག་སྐུ་བཀྲོངས་པ་ཁ་གསལ་བཟོ་ངེས་ཡིན་པའི་བསྒྲགས་གཏམ་སྤེལ།

༢༠༢༥/༠༥/༡༦
Exile Tibetan Buddhist nuns carry placards during a protest march demanding the release of their religious leader Gedhun Choekyi Nyima, the 11th Panchen Lama, who was put under house arrest by the Chinese authorities this day in 1995 in Tibet, in Dharmsala, India, Wednesday, May 17, 2017. © 2017 AP Photo/Ashwini Bhatia
Mobile App

༧པཎ་ཆེན་རིན་པོ་ཆེ་ནང་མི་སྐུ་འཁོར་དང་བཅས་པ་འཕྲལ་དུ་ཀློད་གྲོལ་གཏོང་དགོས་པའི་སྐུལ་མ་བྱས་འདུག

༢༠༢༥/༠༥/༡༦

མཆན། 6

  1. Böml says:
    ལོ་ 2 སྔོན།

    ཆོས་ལུགས་ཆོལ་ཁའི་འཐེན་འཁྱེར་གྱི་གུ་དོག་པོའི་བཀའ་མོལ་ལ་དགོས་ཕན་རྩ་བ་ཉིད་ནས་མེད་པ་དང་། དེ་ནི་ང་ཚོར་ཁྱོན་ནས་མི་དགོས་པ་མ་ཟད་རྒྱ་དམར་གྱིས་ང་ཚོ་ནང་ཁུལ་མི་མཐུན་པ་ཡོང་བའི་ལས་དོན་ཕྲ་རགས་ཤུགས་ཆེ་བྱེད་ཀྱི་ཡོད་པའི་གཞི་གཅིག་ཡིན་པ་དེ་ད་ཆ་ཡང་སྐྱར་ཆེར་དར་འགྲོ་ནས་ང་ཚོ་ནང་ཁུལ་མ་འཆམ་པ་བཟོ་བའི་ཉེན་ཁ་ཡོད་པ་གཅིག་དེ་རེད། དེས་ན་ང་ཚོ་ཚང་མས་ཐུགས་གཟབ་ནན་ཏན་གནང་དགོས་འདུག ། ཆོས་ལུགས་ཆོལ་ཁ་སོ་སོའི་ལམ་ལུགས་དང་ལས་དོན་ལ་ཐུགས་འཁུར་གནང་དགོས་པ་གནང་བཞིན་དུ་ཆོས་ལུགས་ཆོལ་ཁ་ཕན་ཚུན་ལ་དང་བ་དད་གུས་ཀྱིས་ཕན་ཚུན་རོགས་ཕན་གང་ཐུབ་དང་མཐུན་ལམ་ཕྱར་བ་གྲུ་འདེགས་རྣམ་དག་གནང་ན་ང་ཚོ་སྤྱི་དང་སྒེར་ལ་དགོས་རྒྱུ་གཙོ་བོ་དེ་ཡིན་ཅིང་དེས་ཕན་པ་མ་གཏོགས་རྩ་བ་ཉིད་ནས་ང་ཚོ་སྤྱི་སྒེར་སུ་ལ་ཡང་གནོད་ཀྱི་མ་རེད། ང་ཚོ་ཆོལ་གསུམ་ཆོས་ལུགས་གཅིག་གིས་གཅིག་ལ་སྐྱོན་བརྗོད་དང་དམའ་འབེབས་མ་གནང་བར་ང་ཚོ་བོད་རིགས་སྤུན་ཟླ་གཅིག་དང་ཆོས་ཀྱི་ཁུངས་གཅིག་ཡིན་པའི་འདུ་ཤེས་ཀྱིས་བོད་ཆོལ་གསུམ་ཆོལ་ཁ་ཡོངས་ལ་སྤྱི་ཕན་གང་ཡོང་གནང་ན་ང་ཚོ་ཚང་མའི་དོན་ལ་ཕན་གྱི་རེད། ང་ཚོའི་ཕ་ཡུལ་བསྟན་དགྲའི་ལག་ཏུ་ཤོར་བ་དེ་ཡང་སྔ་མོ་ང་ཚོ་ནང་ཁུལ་མཐུན་ལམ་ཡག་པོ་མེད་པའི་དབང་གིས་རེད། དེ་ནི་ཕན་ཚུན་བཀའ་མོལ་ཉན་བཤད་ལེགས་ཉེས་དཔྱད་ཤེས་མ་གནང་པར་ལམ་སང་ལེགས་ཉེས་ཀྱི་ར་སྤྲོད་མེད་ནའང་ཉེས་མེད་ཐག་གཅོད་ཀྱིས་བཙན་གནོན་བྱེད་ཐུབ་ན་བཙན་གནོན་དང་། ཡང་བཙན་གནོན་གཏོང་བའི་དབང་ཤུགས་མེད་ན་ཕ་ཕྱོགས་དེ་དགྲ་བོ་བཙན་གནོན་པ་ཡིན་པར་བརྩིས་ནས་གནད་དོན་ཆ་ཚང་བ་གང་འདྲ་ཡིན་མིན་དང་དོན་དག་གང་འདྲ་ཡོད་རུང་མེད་རུང་རྒྱབ་བཤད་སོགས་གང་བྱུང་་གནང་ནས་ཕན་ཚུན་རྡོག་རྩ་ཆིག་དྲིལ་མེད་པར་གནས་པའི་དབང་གིས་ང་ཚོའི་ཕ་ཡུལ་རྒྱ་དམར་ལ་ཤོར་པ་རེད། ད་དུང་དེ་གའི་ངང་ལ་བཞུགས་ན་ང་ཚོ་སྤྱི་སྒེར་སུ་ལ་ཡང་གནོད་རྒྱུ་མ་གཏོགས་ཕན་ཐོགས་ཡོང་རྒྱུ་རྩ་བ་ཉིད་ནས་མེད་རེད། ལྷག་པར་སྤྱི་འཐུས་རྣམ་པས་གཙོས་གཞུང་ཞབས་རྣམ་པས་མིག་དཔེ་འོས་པ་གནང་དགོས་ཡིན་ཅིང་དེ་དོན་དགོས་ལུགས་ཀྱང་མི་མང་ཡོངས་ལ་ཡང་གསལ་བཤད་ཡང་ཡང་ནན་པོ་གནང་དགོས་འདུག ། དེ་ནི་ང་རང་གི་རྨོངས་འཆར་ཡིན།

    Reply
  2. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 2 སྔོན།

    གྲོས་ཚོགས་ཀྱིས་ཐག་གཅོད་བྱེད་ཐུབ་པ་ཞིག་རེད། འོན་ཀྱང་ཁ་གཞན་ལ་འཕངས་ནས་བསམ་བཞིན་དུ་ཐག་གཅོད་མ་བྱས་ན། རྒྱ་ཆེའི་མི་དམངས་ཀྱིས་དམིགས་བསལ་ཚོགས་ཆེན་འཚོགས་ནས་ཐག་གཅོད་པ་འམ་མི་མང་ཡོངས་ལ་མང་མོས་འོས་བསྡུའི་ལམ་ནས་ཐག་གཅོད་པ་གཉིས་ལས་ཐབས་ལམ་གཞན་དཀའ་ཚོད་རེད། མི་མང་ནང་ཁུལ་གྱི་འགལ་བ་ཇེ་ཆུང་ལ་གཏོང་དགོས་ན་ཕན་ཚུན་ལ་ཞེ་འཁོན་དང་ངན་བཤད་བྱེད་པ་དག་ངེས་པར་མཚམས་འཇོག་དགོས། མེ་ཐོག་ལ་བུད་ཤིང་བསྣན་ན་མུ་མཐུད་ཆེ་རུ་འབར་བ་ལས་ཅི་ཡོད།

    Reply
  3. རྒས་པོ་བཀྲ་ཤིས་ཚེ་རིང་། says:
    ལོ་ 2 སྔོན།

    བོད་རྒྱལ་ཁྱབ་བྱུང་ནས་ལོ་ངོ་༢༡༥༠ སོང་བ་དང་། དགའ་ལྡན་ཕོ་བྲང་གི་སྲིད་དབང་དབུ་བརྙེས་ནས་ལོ་ངོ་༣༨༢ སོང་བ་རེད།
    ཆུ་བཞི་སྒང་དྲུག་གི་ཚོགས་པ་ཟེར་ན་བཙུགས་ནས་ལོ་ ༦༠ རེ་གྲངས་ལས་སོང་མེད། ད་དུང་ཡང་ཧམ་པ་ཆེ་མདོག་གིས་བོད་ཀྱི་བོད་རྒྱལ་ཁབ་ཟེར་བ་ཁོ་ཚོས་བཙུགས་ཡོད་མདོག་མདོག་བྱས་ཏེ། སྤྲང་ཁྱིས་བདག་པོར་སོ་རྒྱག་གི་ཡོད།
    ད་རན་ཚོད་དཔག་ཚོད་ལ་བཞག་ན་ཡག་གི་རེད་མ་གཏོགས། ཡང་ལུའུ་ཅུན་དམག་མི་ཐེངས་གཅུག་ཕུད་དགོས་བྱུང་ན་དཀའ་ལས་འབྱུང་ངེས།

    Reply
  4. Bömi says:
    ལོ་ 2 སྔོན།

    སྤྱི་འཐུས་སྐབས་བཅུ་དྲུག པས་ཆེས་མཐོའི་ཁྲིམས་ཞིབ་པ་རྣམ་པ་གནས་དབྱུང་གནང་བ་ཡིན་པ་དང་། དེ་ནས་ཆེས་མཐོའི་ཁྲིམས་པ་གསར་བསྐོས་མ་གནང་པར་དེའི་སྐབས་ཀྱི་སྤྱི་འཐུས་ཚོགས་གཙོ་ཁོང་རང་དང་སྤྱི་འཐུས་གཞན་འགའ་ཤས་དགོངས་པ་ཞུས་ཏེ་རྙོག་དྲ་ཚང་མ་དེས་བཟོས་པ་མ་རེད་དམ། ད་དུང་སྤྱི་འཐུས་འགའ་ཤས་ཀྱིས་ད་ལྟའི་ཁྲིམས་ཞིབ་པ་ཚོ་ཁྲིམས་འགལ་གྱི་ཁྲིམས་ཞིབ་པ་ཡིན་ལུགས་གཤོད་ཀྱི་འདུག ། གལ་སྲིད་དེ་ལྟར་ཡིན་ན་ད་ཆེས་མཐོའི་ཁྲིམས་ཞིབ་པ་གསར་བསྐོས་བྱེད་རྒྱུ་སྤྱི་འཐུས་ཀྱི་ལས་འགན་མ་རེད་དམ། མ་ཟད་ད་ལྟའང་བཀའ་བློན་བཞི་མེད་པ་དེ་ཡང་སྤྱི་འཐུས་ཚོས་ལས་དོན་མ་གྲུབ་པ་རེད། དེ་ལ་བརྟེན་ནས་ལས་དོན་ལ་འཐུས་ཤོར་ཡོང་ངེས་མ་ཟད་སྲིད་སྐྱོང་ལ་སྐུ་ངལ་འཐོལ་པ་བཟོ་གི་ཡོད་པ་དེ་ཡང་སྤྱི་འཐུས་རྣམ་པའི་ལས་འགན་མ་འགྲིག་པ་མ་རེད་དམ། ང་ཚོ་མི་མང་ཚོས་རེ་བ་བཅོལ་པའི་སྤྱི་འཐུས་རྣམ་པས་ད་དུང་མུ་མཐུད་ནས་ད་ག་རང་གནང་བཞུགས་ན་ང་ཚོ་ཚང་མར་བློ་ཕམ་ཡོང་གི་འདུག ། མ་ཟད་ཆེས་མཐོའི་ལྷན་ཁང་དུ་བཀའ་མོལ་གནང་སྟངས་་འགའ་ཤས་ཡག་པོ་མི་འདུག་པས་བཀའ་མོལ་ཚུལ་མཐུན་གནང་དགོས་ཀྱི་འདུག ། ལྷག་པར་བཙུན་པ་དགེ་སློང་ཚོར་ཚུལ་ཁྲིམས་རྣམ་གསུམ་དུས་དང་རྣམ་པ་ཀུན་དུ་བསྲུང་དགོས་ཡོད་ན་མི་ལ་མ་འཕོག་པའི་བཀའ་མོལ་ལ་ཐུགས་གནང་དགོས་ཀྱི་ཡོད་མ་རེད་དམ། དེ་བཞིན་བཀའ་མོལ་གནང་རྒྱུར་སྐུ་དབང་ཡོད་ཁུལ་གྱིས་གྲོས་གཞིའི་གོ་རིམ་ལ་མ་ལྟོས་པར་བཀའ་མོལ་གང་བྱུང་གནང་མཁན་འདུག་པར་སྤྱི་འཐུས་ཀྱི་ཚོགས་གཙོ་ཆེན་མོས་སྟངས་འཛིན་ནན་པོ་གནང་དགོས་ཀྱི་འདུག ། མཐའ་དོན་བོད་ནང་དུ་རྒྱ་དམར་གྱི་བཙན་འོག་ལ་གནས་པའི་བོད་རིགས་སྤུན་ཟླ་ཚོར་ཐུགས་བསམ་བཞེས་ནས་ཞི་མཐུན་ཞི་མོལ་གྱིས་སྤྱི་དོན་ལེགས་གྲུབ་ཡོང་བ་གནང་རོགས་ཐུགས་རྗེས་གཟིགས་ཞུ།།

    Reply
  5. ཐོས་པ་དགའ། says:
    ལོ་ 2 སྔོན།

    རྒན་ལྷ་མོ་སྐྱབས་ལགས། ཁྱེད་ཀྱིས་གསུངས་པ་ལ་གནས་ལུགས་དང་རྒྱུ་མཚན་ཧ་ཅང་འདུག འོན་ཀྱང་དོན་མེད་མཁྲེག་བཟུང་དང་། ཆོལ་ཞེན་ཅན་གྱི་མདོ་སྟོད་སྤྱི་འཐུས་ཁོང་ཚོས་སྤྱི་ལས་སྒེར་འཁོན་གཙོར་འཛིན་བྱེད་པ་མཐོང་གསལ་རེད་ལགས། དེ་ལ་ངས་སྡོམ་འདི་ལྟར་རྒྱག ཇི་སྲིད་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་་གཙོས་པའི་ཆོས་རྒྱུད་སྤྱི་འཐུས་དང་། མདོ་སྟོད་སྤྱི་འཐུས་འདི་ཚོས་ཆོལ་ཞེན་དང་སྒེར་འཁོན་གྱི་བསམ་བློ་མ་དོར་བ་དེ་སྲིད་དུ་གྲོས་ཚོགས་རྭ་བའི་སྙོག་དྲ་དེ་ནམ་ཡང་སེལ་མི་ཐུབ།

    Reply
  6. SOPA Lama says:
    ལོ་ 2 སྔོན།

    རྒན་ཆབ་བྲག་ལགས་ཀྱི་གསུང་པ་དེ་དེ་བཞིན་དུ་དངོས་པོའི་གནས་ཚུལ་ཡིན་མོད། འོན་ཀྱང་རང་རེ་བཙན་བྱོལ་སྒྲིག་འཛུག་གི་གྲོས་ཚོགས་དེ་ཉིད། ཧམ་ཇག་རྫབ་ཆེན་མི་སྣ་མང་པོ་ཞིག་ཆེད་དུ་གཉེར་ནས། ལོ་མང་རིང་འཆར་གཞི་ལྡན་པའི་སྒོ་ནས་ད་ཆ་དངོས་སུ་སླེབས་ཟིན་ནས་ཧམ་ཇག་གིས་གྲོས་ཚོགས་བཙན་བཟུང་བྱས་ཟིན་པར་བརྟེན། གྲོས་ཚོགས་དེ་ཉིད་མི་མང་གི་མངོན་འདོད་དང་མཐུན་པ། ཁྲིམས་དང་ལྡན་པ་ཞིག་ཡོང་རེ་ཏན་ནས་མིན་འདུག གལ་སྲིད་སླར་ཡང་གཙན་བྱོལ་སྒྲིག་འཛུགས་མང་གཙོ་ཀ་བ་གསུམ་སྐྱར་གསོ་དགོས་ཚེ། རྒྱབ་ལྗོངས་ངེས་ཅན་གྱི་ཇག་ཚོགས་དེ་དག་གཙང་སེལ་བྱེད་དགོས། དེ་བྱེད་པ་ལ་གཞུང་ཞིག་གི་ཆ་རྐྱེན་དང་གོ་ཡུལ་མེད་ཙང་ཐབས་ཤེས་ཤིག་ཡེ་ནས་བྲལ། ད་ནས་བོད་དོན་བདེན་མཐའ་གསལ་ཐབས་དང་། གཞིས་ལུས་རྒྱ་ཆེ་མི་མང་སེམས་ཤུགས་བསྐྲུན་ཆེད། སྔར་རྒྱུན་བཞིན་གཞུང་ས་དགའ་ལྡན་ཕོ་བྲང་བཀའ་ཤག་སྡེ་ཚན་དང་བཅས་པ་སྐྱར་གསོ་གནང་རྒྱུ་དེ་ལས་ལྷག་པའི་ཐབས་ལམ་ཞིག་མ་མཐོང་ངོ་། །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese