རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ཁང་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་གཙོ་གཞོན་པ་ཟུར་བ་ཇཱི་ཀོ་ཀང་འཛིན་བཟུང་བྱས་ཏེ་འདྲི་རྩད་གཏོང་གི་ཡོད་འདུག
རྒྱ་ནག་མི་དམངས་ཆེས་མཐོའི་ཁྲིམས་ཁང་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་དཔོན་རིགས་རྒན་གྲས་ཇཱི་ཀོ་ཀང་(Ji Guogang)གིས། དབང་ཆ་ལོག་སྤྱོད་བྱས་ཏེ་ལྐོགས་རྔན་བླངས་པའི་དོགས་གཞིའི་འོག་འཛིན་བཟུང་བྱས་པ་ཡོངས་བསྒྲགས་བྱས་འདུག་པ་དང་། ད་ལྟའི་ཆར་ཇཱི་ཀོ་ཀང་ལ་རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ཁང་གིས་མུ་མཐུད་འདྲི་རྩད་གཏོང་གི་ཡོད་ཅེས་རྒྱ་ནག་གཞུང་གིས་བརྗོད་འདུག
དེ་འབྲེལ་གནས་ཚུལ་ལྟར་ན། འདི་ལོའི་ཕྱི་ཟླ་ ༥ པའི་ནང་རྒྱ་ནག་གཞུང་གིས་ཇཱི་ཀོ་ཀང་རྒྱ་ནག་དམར་ཤོག་ཚོགས་ཁོངས་དང་གཞུང་གི་ལས་གནས་ནས་ཕྱིར་ཕུད་བཏང་ཡོད་ཅིང་། འདས་ལོའི་ཕྱི་ཟླ་ ༡༡ པ་ནས་བཟུང་དམར་ཤོག་ཚོགས་པའི་ཁྲིམས་སྒྲིག་ཁག་དང་རྒྱབ་འགལ་གྱི་ལས་དོན་ཚབས་ཆེན་བསྒྲུབས་པའི་ཉེས་མིང་འོག་ཁོ་པར་འདྲི་རྩད་གཏོང་མགོ་བརྩམས་ཡོད་འདུག
ཁ་སང་རྒྱ་ནག་མི་དམངས་ཆེས་མཐོའི་ཁྲིམས་ཁང་ཟེར་བས། ཇཱི་ཀོ་ཀང་གི་ལྐོགས་ཟ་རུལ་སུངས་ཀྱི་གྱོད་དོན་དང་འབྲེལ་ནས་ཁོ་པ་འཛིན་བཟུང་བྱེད་ཆོག་པ་ཡིན་ལ། ཁོའི་གྱོད་གཞི་མུ་མཐུད་རྩད་ཞིབ་གཏོང་གི་ཡིན། ཞེས་བརྗོད་འདུག་པ་དང་། ཞི་ཅིན་ཕིན་གྱི་སྟག་དང་སྦྲང་མ་མཉམ་གསོད་ཅེས་པའི་སྲིད་ཇུས་ལག་བསྟར་འོག་རང་ཉིད་ཀྱི་ཁ་གཏད་ཆབ་སྲིད་པ་མང་པོ་ཞིག་འཛིན་བཟུང་བྱས་ཏེ་ཁྲིམས་ཆད་ནན་མོ་བཅད་དང་གཅོད་མུས་ཡིན་པ་ལྟར། ཇི་ཀོ་ཀང་ཕྱི་ལོ་ ༢༠༢༢ ལོར་དབུས་སྒྲིག་ཁྲིམས་ཞིབ་བཤེར་ཁང་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་ཁུལ་གྱི་དམར་ཤོག་མགོ་ཁྲིད་ཅིག་ལ་འདྲི་རྩད་བྱས་པ་ཐོག་མ་དང་རྒྱ་ནག་རྒྱལ་ཡོངས་ཀྱི་དམར་ཤོག་མགོ་ཁྲིད་རྒན་གྲས་ཨང་གསུམ་པ་དེ་ཆགས་ཡོད་འདུག
ཇཱི་ཀོ་ཀང་ཕྱི་ལོ་ ༡༩༨༣ ལོར་ཇི་ལིན་ཞིང་ཆེན་ནས་ཐོག་མར་དམར་ཤོག་ཚོགས་ཁོངས་སུ་ཞུགས་ཡོད་ཅིང་། ཕྱི་ལོ་ ༢༠༡༦ ལོ་ནས་བོད་རང་སྐྱོང་ལྗོངས་ཟེར་བའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་གཙོ་གཞོན་པའི་ལས་འགན་ཁུར། ཕྱི་ལོ་ ༢༠༡༢ ལོར་བོད་ནང་ལས་བསྒྱུར་གྱིས་ཐོག་མར་བོད་རང་སྐྱོང་ལྗོངས་ཟེར་བའི་འཛུགས་སྐྲུན་དང་བཅོས་བསྒྱུར་ལྷན་ཁང་གི་ཚོགས་གཞོན་དང་ཕྱི་ལོ་ ༢༠༡༣ ལོར་ལྷན་ཁང་དེའི་ཚོགས་གཙོར་བསྐོས། ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༡༦ ཉིན་རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ཁང་གིས་བཀག་ཉར་འོག་བཅུག་ཡོད་འདུག
ཡང་འདས་ལོའི་ཕྱི་ཟླ་ ༡༠ པའི་ནང་བོད་རང་སྐྱོང་ལྗོངས་ཟེར་བའི་མགོ་ཁྲིད་གཞོན་པ་ཟུར་པ་ཀྲང་ཡུང་ཙི་དང་བོད་རང་སྐྱོང་
གསར་འགོད་པ། སྐལ་བཟང་སྦྱིན་པ།
རྒྱ་ནག་ལ་ཁྲིམས་ཡོད་ས་རེད་འདུག་ག་སྟབས་ཡག་།
ད་བྱས་ན་ག་ལེ་ག་ལེར་བོད་ལ་རང་བཙན་སྤྲོད་རྒྱུའི་རེ་བ་འདུག་།