མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བོད་ནང་གོ་གནས་མཐོ་བོ་བླངས་བའི་རྒྱ་དཔོན་ཞིག་ལ་ཞིབ་བཤེར་བྱེད་ཀྱི་འདུག

བོད་ཀྱི་དུས་བབ།
༢༠༢༣/༠༧/༡༨
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ལོ་ ༢༠༡༡ ལོར་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་རྒྱུན་ལས་དང་དྲིལ་བསྒྲགས་ཁང་གི་འགན་འཛིན་རྒྱ་དཔོན་ཏུང་ཡེན་ཧུའུ་ཡིས་ཁྲིམས་འགལ་ཚབས་ཆེན་བྱས་ཏེ་ཚོགས་ཆེན་ ༢༠ རྗེས་ཀྱི་སྟག་རྒན་ཨང་དང་པོ་ཡིན་སྐོར་བསྒྲགས་འདུག

བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་མི་དང་དྲིལ་བསྒྲགས་ཁང་གི་འགན་འཛིན་ཏུང་ཡེན་ཧུའུ། ཤིན་ཧྭ་ཡི་པར།

ཉེ་ཆར་རྒྱ་ནག་དབུས་རྒྱལ་ཁབ་སྒྲིག་ཁྲིམས་ལྟ་ཞིབ་ཁང་གིས་གསལ་བསྒྲགས་ཤིག་སྤེལ་བ་ལྟར་ན། ཧྲང་ཧའེ་གྲོང་ཁྱེར་མི་མང་འཐུས་ཚོགས་ཀྱི་རྒྱུན་ལས་ཚོགས་གཙོ་ཏུང་ཡེན་ཧུའུ་(董云虎)ཟེར་བ་ཞིག་གིས། གོ་མིང་ལོག་སྤྱོད་ཀྱིས་ཁྲིམས་འགལ་ཚབས་ཆེན་བྱས་པའི་དོགས་གཞིའི་འོག་ཞིབ་འཇུག་བྱེད་བཞིན་ཡོད་འདུག་ལ། དེ་ནི་ཚོགས་ཆེན་རྗེས་ཀྱི་ཁྲིམས་འགལ་ཚབས་ཆེན་མཁན་ཞིང་ཆེན་རིམ་པའི་དཔོན་རིགས་ཨང་དང་པོར་གྱུར་ཡོད་སྐོར་བརྗོད།

ད་ལྟ་རང་ལོ་༦༡ ཡིན་པའི་ཏུང་ཡེན་ཧུའུ་ནི་ཕྱི་ལོ་ ༡༩༦༢ ལོར་རྒྱ་ནག་ཀྲེ་ཅིང་ནས་སྐྱེས་ཞིང་། རྒྱ་ནག་ཧང་ཀྲོའུ་དང་ནན་ཁའེ་སློབ་ཆེན་གྱི་མཚན་ཉིད་རིག་པའི་སྡེ་ཚན་དུ་སློབ་སྦྱོང་བྱས་རྗེས། མར་ལེ་རིང་ལུགས་ཞིབ་འཇུག་ཁང་དང་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ལྟེ་གནས་ཁང་ཟེར་བ་གཉིས་ཀྱི་འགན་འཛིན་བྱས་ཡོད་འདུག  ཕྱི་ལོ ༡༩༩༩ ནས་བཟུང་རྒྱ་ནག་དབུས་ཕྱི་དྲིལ་ལས་ཁུངས་དང་། འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་དྲུང་ཡིག་ཆེན་མོ་བཅས་བྱས་འདུག  ཕྱི་ལོ་ ༢༠༡༡ ལོར་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་དུ་དམར་ཤོག་གི་རྒྱུན་ལས་དང་དྲིལ་བསྒྲགས་ཚན་པའི་འགན་འཛིན་བྱས་འདུག    ཕྱི་ལོ་ ༢༠༡༨ ནས་ཧྲང་ཧའེ་གྲོང་ཁྱེར་སྲིད་གྲོས་ཀྱི་ཚོགས་གཙོ་དང་དམར་ཤོག་ཚོགས་པའི་ཚོགས་གཙོའི་གོ་གནས་བླངས་ཡོད་འདུག འདི་ལོའི་ཕྱི་ཟླ་དང་བོའི་ནང་དུ་ཧྲང་ཧའེ་གྲོང་ཁྱེར་མི་མང་འཐུས་ཚོགས་རྒྱུན་ལས་ཀྱི་ཚོགས་གཙོར་བཞག་ཡོད་ཀྱང་། ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་ཁྲིམས་འགལ་ཚབས་ཆེན་བྱས་པའི་དོགས་གཞིའི་འོག་ཞིབ་བཤེར་མགོ་འཛུགས་བྱས་ཡོད་འདུག

དེ་བཞིན་རྒྱ་ནག་ཅང་སུའུ་ཞིང་ཆེན་ཀྲེན་ཅང་གྲོང་ཁྱེར་འབྲིང་རིམ་མི་མང་ཁྲིམས་ཁང་གིས་གསལ་བསྒྲགས་བྱས་པ་ལྟར་ན། དེ་གའི་དངུལ་ཁང་དོ་དམ་ཚན་པའི་འགན་འཛིན་གཞོན་པ་ཚའེ་ཨེ་ཧྲིན་( 蔡鄂生)་ཟེར་བ་ཞིག་གིས། ཁྲིམས་འགལ་གྱིས་དབང་ཆ་བེད་སྤྱོད་བྱས་པ་མ་ཟད། ཕྱི་ལོ ༢༠༠༦ ནས་ ༢༠༢༡ བར་དུ་དངུལ་ཁང་དོ་དམ་འགན་འཛིན་གཞོན་པའི་གོ་གནས་བེད་སྤྱོད་ཀྱིས་གཞན་གྱི་གོ་གནས་སྤར་བ་དང་། གཞུང་དོན་ཆེད་དུ་དངུལ་བསྡུ་རུབ་བྱས་ཏེ་ལྐོག་ཏུ་རྒྱུ་དངོས་དང་དངུལ་སོགས་ཁྱོན་རྒྱ་སྒོར་དུང་ཕྱུར་ ༥ ཡས་མས་བླངས་ཡོད་པ་ར་འཕྲོད་བྱུང་སྐོར་བསྒྲགས་འདུག

རྒྱ་ནག་གི་ལྐོག་ཟ་རུལ་སུངས་མཁན་ཚའེ་ཨེ་ཧྲིན། དྲ་ལམ་གྱི་པར།

ད་ལྟ་རང་ལོ་ ༧༢ ཡིན་པའི་ཚའེ་ཨེ་ཧྲིན་ནི་ཕྱི་ལོ་ ༡༩༥༡ ལོར་རྒྱ་ནག་ཧུའུ་པེ་ནས་སྐྱེས་ཤིང་། ཕྱི་ལོ་ ༡༩༩༨ ལོར་རྒྱ་ནག་མི་མང་དངུལ་ཁང་གི་འགན་འཛིན་ལས་རོགས་དང་དམར་ཤོག་ཚོགས་པའི་རྒྱུན་ལས་ཡིན་ཞིང་། ཕྱི་ལོ ༢༠༠༠ ལོར་རྒྱ་ནག་མི་མང་དངུལ་ཁང་གི་འགན་འཛིན་ལས་རོགས་དང་། ཧྲང་ཧའེ་ཡན་ལག་དངུལ་ཁང་གི་འགན་འཛིན། ས་གནས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཡིག་གི་ལས་ཀ་བྱས་འདུག ཕྱི་ལོ་༢༠༠༡ ལོར་རྒྱ་ནག་གི་དངུལ་རྩའི་ལས་དོན་ལྟ་ཞིབ་ལྷན་ཚོགས་ཀྱི་འགན་འཛིན་དང། ཕྱི་ལོ་ ༢༠༠༥ ནས་ ༢༠༡༣ ལོར་རྒྱ་ནག་དངུལ་ཁང་ལྟ་སྐུལ་དོ་དམ་ཁང་གི་འགན་འཛིན་གཞོན་པའི་ལས་འགན་འཁུར་འདུག ཕྱི་ལོ་ ༢༠༢༡ ཟླ་ ༧ ནས་བཟུང་ཁྲིམས་བཤེར་བྱས་མགོ་ཚུགས་ཏེ། ན་ནིང་ཕྱི་ཟླ་དང་པོའི་ནང་རྒྱ་ནག་དམར་ཤོག་ཚོགས་པའི་ཁོངས་ནས་ཕྱིར་འབུད་བཏང་སྟེ་དངོས་སུ་འཛིན་བཟུང་བྱས་ཡོད་སྐོར་བསྒྲགས་འདུག ཡིན་ནའང་། ད་ལྟའི་ཆར་ཁྲིམས་ཐག་བཅད་ཡོད་མེད་སོགས་གསལ་ཆ་མི་འདུག

གསར་འགོད་པ། བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་རང་སྐྱོང་ལྗོངས་ཟེར་བའི་མགོ་ཁྲིད་ཅིག་འཛིན་བཟུང་བྱས་ཡོད་ཟེར།

༢༠༢༣/༠༦/༠༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist